༄༅༅།
།རྒྱ་གར་སྐད་དུ།
ཛྙཱ་ན་ཤྲརི་སངྷེ་ན་ནཱ་མ།
བོད་སྐད་དུ།
ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས།
དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་
ལོ།
།ཐབས་དང་ཤེས་རབ་བདག་ཉིད་མཆོག
།ཡེ་ཤེས་དབང་ཕྱུག་ཕྱག་མཚལ་ནས།
།རྩ་བའི་རྒྱུད་ཀྱི་རྗེས་འབྲངས་ཏེ།
།བདག་གིས་དེ་ཡི་སྒྲུབ་
ཐབས་བཤད།
།དེ་ལ་ཐོག་མར་གནང་བ་ཐོབ་པའི་རྣལ་འབྱོར་པས།
གཡས་བའི་ལག་མཐིལ་ལས་རྣམ་པར་བསྒོམ་པར་བྱའོ།
།སྡིགས་མཛུབ་ལ་
སོགས་པའི་སོང་མོ་རྣམས་ལ།
ཀྵུྃ་ཡུྃ་ཨ།
རིམ་པ་ཇི་ལྟ་བཞིན་དུ་བསྒོམ་པར་བྱས་ལ་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ།
།དེ་བཞིན་དུ་གཡོན་པའི་ལག་
མཐིལ་དུ་སའི་རྣམ་པ་སྡིགས་མཛུབ་ལ་སོགས་ངའི་སོར་མོ་ལ་སྨྼྻུྃ་ཧྨྼྻུྃ་ཡྨྼྻུྃ་ཀྵྨྼྻུྃ་སཾ།
།ཞེས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམས་ལ་པདྨ་བསམ་པར་
བྱའོ།
།འདི་ནི་ལག་པ་སྦྱང་བར་བྱ་བའོ།
།དེ་ནས་མགྲིན་པར་ཧྲཱིཿལས་པདྨ་འདབ་མ་བརྒྱད་པ་བསྒོམས་ལ།
ལྕེའི་འདབ་མར་ཧཱུྃ་ལས་རྡོ་རྗེ་དེའི་
དབུས་སུ་ཨོཾ་ཨཱཿཛི་སྭ་སཾ་བརྟ་ནི་ཧཱུྃ་ཕཊ་ཅེས་པས་ལྕེ་དག་པར་བྱའོ།
།ཨོཾ་ཧཱུྃ་ཕཊ།
ཞེས་པས་ཨརྒྷཾ་དང་གཏོར་མའི་སྣོད་ལ་ཕྱག་རྒྱ་དང་བཅས་པས་
ལན་བདུན་མངོན་པར་བསྔགས་ཏེ།
གཡོན་ཕྱོགས་སུ་བཞག་ལ།
དེའི་ཆུས་ཐམས་ཅད་ཀུན་ལ་བསང་གཏོར་བྱའོ།
།ལག་པ་གཉིས་རྡོ་རྗེ་ཁུ་ཚུར་
བཅངས་ཏེ་དབུས་མ་གཉིས་བརྐྱང་སྟེ།
ཁབ་ལྟར་བྱས་ལ་ཨོཾ་ཧཱུྃ་ཕཊ།
ཞེས་པས་གནས་བསྲུང་བར་བྱའོ།
།ལག་པ་གཉིས་བརྐྱང་སྟེ་མཐེ་བོང་གཉིས་
བཅིངས་ལ།
གཤོག་པ་བཞིན་དུ་བྱས་ལ་བསྐོར་ནས་སྙིང་གར་བཟློག་སྟེ་བཀོད་པ་ནི་བདག་བསྲུང་བའོ།
།ཨོཾ་ཧཱུྃ་སྭཱ་ཧཱ།
ཞེས་པས་སོ།
།རྡོ་རྗེ་བཅིངས་
ནས་དབུ་མ་བརྐྱང་བ་ནི་ཁབ་ཀྱི་ཕྱག་རྒྱ་བཞིན་དུ་བཅས་ནས་བསྐོར་བ་བྱས་ལ་དྲ་བ་དང་ར་བ་ལ་སོགས་པར་བྱའོ།
།ཨོཾ་ཌ་ཊུ་སྭཱ་ཧཱ།
རྡོ་རྗེ་ཁུ་ཚུར་
གཉིས་ཀྱི་སྡིགས་མཛུབ་གཉིས་བཟློག་སྟེ།
སྙིང་གདང་རྒྱབ་དང་མགོ་པོ་རྣམས་ཀྱི་གོ་ཆ་སྟེ་ལན་གསུམ་བྱའོ།
།ཨོཾ་བཛྲ་ཏུཥྱ་ཧོ།
།ཞེས་པས་མཉམ་
པའི་ཐལ་མོ་གྱིས་པར་བྱས་ལ།
།དེའི་མདུན་དུ་འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ་མཆོད་པར་བྱའོ།
།ཨོཾ་ཤྲཱི་སྭཱ་ཧཱ།
ལག་པ་
བརྐྱང་སྟེ་མཐེ་བོང་མཛུབ་མོ་སྦྱར་བར་བྱས་པ་ནི་མེ་ཏོག་གིའོ།
།ཨོཾ་ཧཱུྃ་སྭཱ་ཧཱ།
ལག་པ་བརྐྱང་བ་ནི་དྲིའོ།
།ཨོཾ་ཀཾ་སྭཱ་ཧཱ།
ལག་པ་བརྐྱང་སྟེ་དབུ་མ་
བསྒྲེང་བ་བདུག་པའིའོ།
།ཨོཾ་ཀྵུྃ་སྭཱ་ཧཱ།
ཁུ་ཚུར་བཅངས་ཏེ་མཐེ་བོང་བསྒྲེང་པ་ནི་མར་མེའོ།
།ཨོཾ་གྷུཾ་སྭཱ་ཧཱ།
ལག་པ་གཉིས་བརྐྱང་སྟེ།
དབུས་སུ་མཐེ་
བོང་རབ་ཏུ་བསྐྱོད་པ་ནི་གཏོར་མ་དབུལ་བའོ།
།དེ་ནས་པདྨ་བསྒྱུར་བ་སྔོན་དུ་འགྲོ་བ་ཐལ་མོ་སྙིང་གར་བཞག་སྟེ།
ཨོཾ་ན་མཿཏེ་ཧཱུྃ།
ན་མ་མི་ཧཱུྃ།
ན་
མོ་ན་མཿཧཱུྃ་སྭཱ་ཧཱ།
ཨོཾ་པཉྩ་ཌཱ་ཀི་ནཱི་པཱུ་ཛོ་པ་སྠནཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི།
།ཨོཾ་ཨཱ་ཙརྱཱ་ཛོ་པ་སྠནཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི།
ཨོཾ་ས་ཀ་ལ་ས་ཏྭ་པ་རི་
ཏྲ་ཎཱ་ཡ་ཨཱཏྨ་ནཱི་ནི་རྱཱ་ཏ་ཡཱ་མི།
ས་མ་ཡ་སྟཾ།
ས་མ་ཡ་ཧོ་ཧོ་ཧོ་ཞེས་སོ།
།སངས་རྒྱས་ཆོས་དང་དགེ་འདུན་ལ།
།རྟག་པར་བདག་ནི་སྐྱབས་སུ་
མཆི།
།ཐམས་ཅད་ཐེག་པ་གསུམ་ལ་ཡང་།
།སྦྱོར་བ་གསང་བ་མཁའ་འགྲོ་དང་།
།དཔའ་བོ་དཔའ་མོ་དབང་ལྷ་མོ།
།བྱང་ཆུབ་སེམས་དཔའ་བདག་
ཆེན་དང་།
།ཁྱད་པར་དུ་ནི་སློབ་དཔོན་ལ།
།རྟག་ཏུ་སྐྱབས་སུ་བདག་མཆིའོ།
།བདག་ལ་དགོངས་ཤིག་ཐམས་ཅད་ཀྱིས།
།རྣམ་སྣང་མི་བསྐྱེད་རིན་
ཆེན་མཆོག
།སྣང་མཐའ་ཡས་དང་དོན་ཡོད་ཀྱི།
།སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།
།ཆེ་གེ་མོ་ཞེས་བྱ་བ་བདག
།དུས་འདི་ཉེ་བར་བཟུང་
ནས་སུ།
།བྱང་ཆུབ་ཆེན་པོ་ཐོབ་པའི་བར།
།བླ་ན་མེད་པའི་བྱང་ཆུབ་སེམས།
།མཆོག་ཏུ་བདག་གིས་བསྐྱེད་པར་བགྱི།
།ཇི་ལྟར་དུས་གསུམ་མགོན་
པོ་ཡི།
།བྱང་ཆུབ་ཉིད་དུ་ངེས་བྱས་བཞིན།
།ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང་།
།དགེ་བའི་ཆོས་ནི་སྡུད་པ་དང་།
།སེམས་ཅན་དོན་བྱེད་ཚུལ་
ཁྲིམས་གསུམ།
།སོ་སོར་བདག་གིས་བརྟན་པོར་བཟུང་།
།སངས་རྒྱས་ཆོས་དང་དགེ་འདུན་དང་།
།བླ་མེད་དཀོན་མཆོག་གསུམ་གྱི་མཆོག
།སྡོམ་
པ་སངས་རྒྱས་རྣལ་འབྱོར་སྐྱེས།
།དང་པོ་དེ་རིང་གཟུང་བར་བགྱི།
།རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག
།སོ་སོར་དེ་བཞིན་ཉིད་དུ་གཟུང་།
།རྡོ་རྗེ་ཆེན་པོའི་
རིགས་མཆོག་ལ།
།སློབ་དཔོན་ཉིད་དུ་གཟུང་བར་བགྱི།
།དམ་ཚིག་ཡིད་དུ་འོང་བ་ཡི།
།རིན་ཆེན་འབྱུང་བའི་རིགས་མཆོག་ལ།
།ཉིན་རེ་བཞིན་དུ་
ལན་དྲུག་ཏུ།
།སྦྱིན་པ་རྣམ་བཞི་སྦྱིན་པར་བགྱི།
།བྱང་ཆུབ་ཆེན་པོ་ལས་བྱུང་བའི།
།པདྨ་ཆེན་པོའི་རིགས་དག་ལ།
།ཕྱི་ནང་གསང་བའི་ཐེག་པ་
གསུམ།
།དམ་ཆོས་སོ་སོར་གཟུང་བར་བགྱི།
།སྡོམ་པ་ཐམས་ཅད་ལྡན་པ་ལ།
།ཇི་ལྟར་ནུས་པ་མཆོད་པའི་ལས།
།ལས་ཀྱི་རིགས་མཆོག་ཆེན་པོ་
ལ།
།དེ་བཞིན་ཉིད་དུ་སོ་སོར་གཟུང་།
།བླ་ན་མེད་པའི་བྱང་ཆུབ་སེམས།
།མཆོག་ཏུ་བསྐྱེད་པ་བྱས་ནས་སུ།
།སེམས་ཅན་ཐམས་ཅད་དོན་བྱེད་
ཕྱིར།
།སྡོམ་པ་མ་ལུས་གཟུང་བར་བགྱི།
།མ་བསྒྲལ་བ་རྣམས་བདག་གིས་བསྒྲལ།
།མ་གྲོལ་བ་རྣམས་བདག་གིས་དགྲོལ།
།དབུགས་མ་ཕྱིན་པ་
དབུགས་ཕྱུང་སྟེ།
།སེམས་ཅན་མྱ་ངན་འདས་ལ་དགོད།
།དེ་ནས་རང་གི་སྙིང་གར་ཀྵུྃ་གི་རྣམ་པའི་འོད་ཟེར་གྱི་ཕྲེང་བ་བསྒོམ་པས།
།རང་གི་ལུས་
ལ་སོགས་པ་འཇིག་རྟེན་སྟོང་པར་བསྒོམ་པར་བྱས་ལ།
ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་བྱའོ།
།ཨོཾ་སྭ་བྷཱ་བ་ཤུདྔྷཿསརྦ་དྷརྨཱཿསྭ་བྷཱ་བ་
ཤུདྡྷོ྅་ཧཾ་ཞེས་བརྗོད་དོ།
།དེའི་རྗེས་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་བཞིས་བསྐུལ་བའི་བདག་ཉིད་དུ་བལྟ་བར་བྱའོ།
།ཛ་ཛ་ཛ་ཛ་རྡོ་
རྗེ་སེམས་དཔའ་གཤེགས་པས་བདག་པོ་ལ་ཁྱོད་ཀྱིས་དངོས་གྲུབ་སྟེར་བ།
ཧ་ཧ་ཧ་ཧ།
ཧཱུྃ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག་མཚལ་
ལོ།
།བ་བ་བ་བ་རྡོ་རྗེ་གཤེགས་པའི་གསང་བ་ལས་ཕྱུང་སྐུ་འཛིན་པ།
ཨ་ཨ་ཨ་ཨ་ཧོ་གུ་ཧྱའི་རྡོ་རྗེ་ཨཱ་ལི་གཅིག་ཏུ་ཐིམ་པའི་ཧཱུྃ།
དེ་ནས་ཟླ་བའི་
དཀྱིལ་འཁོར་བསྒོམས་ཏེ།
ཨོཾ་ཛྙཱ་ན་ཨ་ཧཾ་ཞེས་བརྗོད་པར་བྱ་སྟེ།
དེའི་སྟེང་དུ་ཨ་ལ་སོགས་པའི་ཡི་གེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡང་
མདུན་དུ་བལྟ་བར་བྱའོ།
།དེའི་དབུས་སུ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྟེ་བས་ས་བོན་དེ་ཉིད་གནས་པ་བསྒོམ་མོ།
།ཨོཾ་བཛྲ་ཤུདྔྷ་སརྦ་དྷརྨཱ་བཛྲ་ཤུདྡྷོ྅་
ཧཾ།
ཞེས་བརྗོད་པར་བྱའོ།
།དེ་ནས་རྡོ་རྗེའི་འོད་ཟེར་ལས།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ལྡན་པར་བྱུང་སྟེ།
སེམས་ཅན་ཐམས་ཅད་
ཀྱི་དོན་བྱས་ཏེ་སླར་ཡང་བཞུགས་ཏེ་སྔགས་ཀྱི་ང་རྒྱལ་བྱའོ།
།ཨོཾ་ཝ་རྟ་ན་མོ་ཨ་ཧོ་ཧོ།
།ཞེས་པས་ཡེ་ཤེས་མཁའ་འགྲོ་མ་བསྒོམ་པར་བྱའོ།
།རྒྱན་
ཐམས་ཅད་དང་ལྡན་པ།
ཞལ་གསུམ་པ་དང་།
ཕྱག་དྲུག་པ་དང་།
སྤྱན་གསུམ་པ།
སེང་གེའི་གདན་གྱི་སྟེང་ན།
སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་
འཁོར་གྱི་སྟེང་ན།
སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ།
སྐུ་མདོག་སྔོན་པོ།
།སྦྲུལ་གྱི་རྒྱན་གྱིས་བརྒྱན་པ།
འཇིགས་པར་བྱེད་པ།
སྐྲ་གྲོལ་
བ།
སྤྱི་བོར་ཐོད་པས་བརྒྱན་པ།
དབུ་ལ་སངས་རྒྱས་ལྔ་ཡིས་བརྒྱན་པ།
བཞད་པ་དང་།
ཁྲོ་བ་དང་།
སྒེག་པའི་ཞལ་ཅན།
ན་བཟའ་དམར་པོ་
བསྣམས་པ།
གཙིགས་ཤིང་བཞད་པ།
གཡས་པའི་ཕྱག་ན་ཁཊྭཱཾ་ག་དང་དགྲ་སྟ་དང་།
རྡོ་རྗེ་འཛིན་པ།
གཡོན་པ་ན་དྲིལ་བུ་དང་།
ལྷུང་བཟེད་དང་།
རལ་གྲི་འཛིན་པ།
འོད་ཟེར་འབར་བའི་ཕྲེད་པ་ཅན།
རང་བཞིན་གྱི་རྡོ་རྗེ་སེམས་དཔའ་ལ་འཁྱུད་པར་བསྒོམ་མོ།
།དེ་ནས་ཨོཾ་ཨུདྦྷ་བོ་ཨ་ཧཾ་ཨཱ་ཨཱ་
ཨཱ་ཨོཾ་ཧཱུྃ་སྭཱ་ཧཱ།
།ཞེས་བརྗོད་དོ།
།ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ།
རྡོ་རྗེ་གསོར་ལ།
ཨོཾ་ཛྙཱ་ན་ཀ་ཡོ་ཨ་ཧཾ་ཞེས་ང་རྒྱལ་བྱའོ།
།དེ་ནས་ལག་
པ་གཡོན་པའི་མཐེའུ་ཆུང་དང་།
མཐེ་བོང་སྦྱར་ཏེ།
ལྷག་མ་བརྐྱང་ལ་བདན་གསུམ་བའི་ཕྱག་རྒྱས།
སུཾ་ཀྵུྃ་ཡུཾ་ཧཱུྃ།
ལྕེ་དང་།
སྤྱི་བོ་དང་།
རྣ་བ་
དང་།
སྣ་དང་།
མིག་ཏུའོ།
།སྨྼྻུྃ་ཧྨྼྻུྃ་ཡྨྼྻུྃ་མགྲིན་པ་དང་།
དཔུང་པ་དང་།
སྙིང་ག་དང་།
ལྟེ་བ་རུ་ཡི་གེ་བརྗོད་ཅིང་བྱིན་གྱིས་བརླབ་པར་བྱའོ།
།ཨོཾ་
བཛྲ་ཀཱ་ཡ་ཧོ།
ཨོཾ་བཛྲ་བཱ་ཀྱེ་ཨཱཿ།
ཨོཾ་བཛྲ་ཙིཏྟ་ཧཱུྃ་ཞེས་པས་ལུས་ལ་སོགས་པ་བྱིན་གྱིས་བརླབ་པོ།
།ཨོཾ་ས་མ་ཡོ་ཉ་ཧཾ།
ཧཱུྃ་ཧཱུྃ།
ས་མ་ཡ་སྟྭཾ།
ཨ་དྷི་
ཏིཥྛ་མཾ།
ཞེས་པ་ལག་པ་གཉིས་པའི་མཐེ་བོང་དང་།
མཐེའུ་ཆུང་སྦྱར་ལ་ལྕགས་སྒྲོག་ལྟར་བྱས་ལ།
ལྷག་མ་གསུམ་བརྐྱང་སྟེ་གུང་མོ་ཁབ་ལྟར་བྱས་
ལ།
སྙིང་ག་དང་།
མཛེད་སྐུ་དང་།
སྤྱི་བོ་དང་།
མགྲིན་པ་དུ་བྱིན་གྱིས་བརླབ་པོ།
།ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ།
རྡོ་རྗེ་བཅིངས་ཏེ།
མཛུབ་མོ་དང་གུང་མོ་
གཉིས་ཀ་བརྐྱང་སྟེ།
གུང་མོ་ཁ་བ་ལྟར་བྱས་ལ་མཛུབ་མོ་གཉིས་ཀྱིས་མནན་ཏེ།
སྤྱི་བོ་ལ་སོགས་པའི་གནས་ལྔར་གཞག་པར་བྱའོ།
།རྣམ་པར་སྣང་
མཛད་དང་།
མི་བསྐྱོད་བ་དང་།
རིན་ཆེན་འབྱུང་ལྡན་དང།
འོད་དཔག་མེད་དང་།
ལས་ཀྱི་མགོན་པོ་རྣམས་དཀར་པོ་དང་།
སྔོན་པོ་དང་།
སེར་
པོ་དང་།
དམར་པོ་དང་།
ལྗང་གུའི་སྐུ་མདོག་གོ།
།བྱང་ཆུབ་མཆོག་དང་།
ས་གནོད་དང་།
མཆོག་སྦྱིན་དང་།
ཏིང་ངེ་འཛིན་དང་།
སྐྱབས་
སྦྱིན་གྱི་ཚུལ་གྱིས་མངོན་བཞུགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱས་ལ།
ཨོཾ་ཧཱུྃ་སྭཱ་ཧཱ།
ཞེས་པས་རྡོ་རྗེ་དང་།
ཨོཾ་ཧྲཱི་སྭཱ་ཧཱ།
ཞེས་པས་དྲིལ་
བུ་བཟུང་བས་ང་རྒྱལ་དང་བཅས་པས་དཀྲོལ་བར་བྱའོ།
།ཚངས་པའི་གཙུག་གི་ནོར་བུའི་འོད་ཀྱིས་ཞབས་གཉིས་སྣང་བར་མཛད།
།སྐུ་ལ་ཤིན་ཏུ་
དམ་དུ་འཁྱུད་པའི་དྲིལ་བུ་ལས་བྱུང་སྐུ་འཛིན་པ།
།གཡོ་ཞིང་འཕྲོས་པར་བསྐྱོད་པའི་གསང་བ་ལས་བྱུང་པདྨ་གཉིས།
།དེ་འདི་རྡོ་རྗེ་སེམས་དཔའ་
མཆོག་གི་དབང་ཕྱུག་དམ་པ་མཆོག་གི་གནས།
།ཞེས་བརྗོད་ལ།
མཆོད་པ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་མངོན་པར་མཆོད་པར་བྱའོ།
།དེའི་རྗེས་
ལ།
ཡུཾ་ཀྵུྃ་སུཾ་ཧཱུྃ་གི་ས་བོན་ལས་རླུང་དང་།
མེ་དང་།
ཆུང་དང་།
སའི་དཀྱིལ་འཁོར་ཟླ་བ་ཕྱེད་པ་དང་།
གྲུ་གསུམ་པ་དང་།
ཟླུམ་པོ་དང་།
གྲུ་
བཞིའི་རྣམ་པ་རིམ་བཞིན་དུ་བསྒོམ་པར་བྱའོ།
།དེའི་སྟེང་དུ།
ཧཱུྃ་སུཾ་ཧཱུྃ།
ཞེས་པས་རི་རབ་བསམ་པར་བྱས་ལ།
ཨོཾ་ཧཱུྃ་སྭཱ་ཧཱ།
ཞེས་པས་རྡོ་རྗེ་ལག་
པར་བརྐྱང་སྟེ།
གནས་ལྔར་བརྡབས་པས་རིན་ཆེན་བདུན་གྱི་རང་བཞིན་གྱི་གཞལ་ཡས་ཁང་བསྒོམ་པར་བྱའོ།
།དེའི་དབུས་སུ་ཟླ་བའི་དཀྱིལ་
འཁོར་སེང་གེའི་གདན་ལྔས་ཉེ་བར་སྤྲས་པ།
གདུགས་དཀར་པོ་དང་ཡང་དག་པར་ལྡན་པར་བལྟའོ།
།དབུས་ཀྱི་སེང་གེའི་གདན་ལ་པདྨ་བྱིན་གྱིས་
བརླབས་པ་ལ།
ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་གིས་མཚན་པ།
དེ་ལས་རྡོ་རྗེ་དེ་ལ་ཡང་ཧཱུྃ་གི་རྣམ་པ།
དེ་ལས་གོང་དུ་གསུངས་པའི་ཡེ་ཤེས་མཁའ་
འགྲོ་མའི་གཟུགས་བསམ་པར་བྱའོ།
།དེ་ནས་རང་གི་ཟླ་བའི་དཀྱིལ་འཁོར་ལ་འོག་ནས་འབྱུང་བའི་འཁོར་ལོ་རིམ་པར་བསམ་པར་བྱས་ལ།
སོ་སོར་
དབུགས་ལས་འབྱུང་བར་བསམ་མོ།
།ཧཱུྃ་ཞེས་པས་ཡེ་ཤེས་མཁའ་འགྲོ་མ་ཕྱུང་སྟེ།
སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་སླར་འོངས་ཏེ།
དབུས་
སུ་གནས་པ་བསམ་པར་བྱའོ།
།སུཾ་གྱིས་རྡོ་རྗེ་མཁའ་འགྲོ་མ་ཀྵུྃ་ལངས་མཁའ་འགྲོ་མ་།
ཡུཾ་གྱིས་རོ་ལངས་མཁའ་འགྲོ་མ།
ཧཱུྃ་གིས་གཏུམ་མོའི་མཁའ་
འགྲོ་མ།
།དེ་རྣམས་དབུགས་ལས་ཕྱུང་སྟེ་སེམས་ཅན་གྱི་དོན་བྱས་ནས།
ཡེ་ཤེས་དབང་ཕྱུག་མའི་མདུན་དང་།
གཡོན་དང་།
རྒྱབ་དང་།
གཡས་
ཕྱོགས་སུ་རིམ་པ་བཞིན་དུ་དགོད་པར་བྱའོ།
།དཀར་པོ་དང་།
སེར་པོ་དང་།
དམར་པོ་དང་།
ནག་པོའི་སྐུ་མདོག་གོ།
ཁ་ཊྭཱཾ་ག་དང་རྣལ་འབྱོར་
གྱི་སྣོད་འཛིན་པ།
ཉི་མའི་དཀྱིལ་འཁོར་དང་པདྨའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་ཉེ་བར་བཞུགས་པའོ།
།སྤྱན་གསུམ་པ།
སྐྲ་གྲོལ་བ།
ན་
བཟའ་དམར་པོ་བསྣམས་པ།
སྦྲུལ་གྱི་རྒྱན་གྱིས་བརྒྱན་པར་བྱའོ།
།སྨྼྻུྃ་གིས་སེང་གེ་མའོ།
།ཧྨྼྻུྃ་གིས་སྟག་མོ་ལའོ།
།ཡྨྼྻུྃ་གིས་ཅེ་སྤྱང་མའོ།
།ཀྵྨྼྻུྃ་ཞེས་པས་
ལུག་པ་མའོ།
།རིམ་པ་བཞིན་དུ་དབང་ལྡན་དང་།
མེ་དང་།
བདེན་བྲལ་དང་།
རླུང་དུ་གླང་པོ་ཆེའི་གདན་དང་།
མ་ཧེའི་གདན་དང་།
ཀླུའི་
གདན་ལ་དཀར་ཞིང་སེར་བ་དང་།
དཀར་ཞིང་སྔོ་བ་དང་།
སྔོ་ཞིང་དམར་བ་དང་།
དམ་ཞིང་སེར་བའི་སྐུ་མདོག་དང་གཡོན་སྡིགས་མཛུབ་དང་།
ཞགས་པ་གཡས་པའི་ཕྱག་ན་རྡོ་རྗེ་དང་ལྕགས་ཀྱུ།
སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།
།མཁའ་འགྲོ་མ་ཕུཾ།
འབར་བྱེད་མ་ཕེཾ།
འཇིབ་
བྱེད་མ་ཕྲོཾ།
འཕྲོག་བྱེད་མ་ཕྲིཾ་ཞེས་པ་ཤར་དང་།
བྱང་དང་།
ནུབ་དང་།
ལྷོ་ཕྱོགས་ཀྱི་སྒོ་བཞིར་རོའི་གདན་ལ་བཞུགས་སོ།
།ལག་པ་གཉིས་ཁར་
བཅུག་ནས་རབ་ཏུ་དགོད་པ་དང་།
ཐལ་མོ་སྤྱི་བོར་འཛིན་པ་དང་།
སྐུད་པ་དམར་པོ་ལྟར་སྙིམ་པས་ཁྲག་འཐུང་བ་དང་།
སྙིང་གར་གནས་པའི་
སྡིགས་མཛུབ་དང་གཏུན་ཤིང་འཛིན་པའོ།
།ཐམས་ཅད་ཀྱང་སྤྱན་གསུམ་པ།
འབར་བའི་ཕྲེང་བ་ཅན་དƈ