༄༅། །བོད་ཡིག་སྒྱུར་བྱེད་མཉེན་ཆས་༢༠༡༤པའི་མཚམས་སྦྱོར།

  

མཉེན་ཆས་མཚམས་སྦྱོར།

    བོད་རྒྱ་སྦྲགས་མའི་བོད་ཡིག་སྒྱུར་བྱེད་འདིས་ཧི་མ་ལ་ཡ་དང་། སཾ་བྷོ་ཊ། པཎྜི་ཏ། དོན་ཡོད། ཧྥང་ཀྲིང་། ཧྭ་ཀོང་བཅས་ཕན་ཚུན་སྒྱུར་ཐུབ་པས་བོད་ཡིག་ཡིག་གཟུགས་མི་འདྲ་མ་ཕན་ཚུན་བེད་སྤྱོད་ཐུབ་པའི་ནུས་པ་ཐོན་པར་མ་ཟད། ད་དུང་བོད་ཡིག་ཀ་མད་གོ་རིམ་སྒྲིག་ཐུབ་པས་བེད་སྤྱོད་མཁན་ལ་དམིགས་བསལ་གྱི་ཐུགས་མཁོ་སྐོང་། བེད་སྤྱོད་སྟབས་བདེ་བ། བསྒྱུར་བ་ནོར་འཁྲུལ་མེད་པ། སྒྱུར་མགྱོགས་པ། དྲན་འཛིན་བཟུང་ཆུང་བ་བཅས་ཀྱི་བོད་ཡིག་སྒྱུར་བྱེད་ཅིག་ཡིན།

    མཉེན་ཆས་འདིས་DOCདང་། DOCXདང་། RTFདང་། དྲྭ་ངོས་དང་། XMLདང་། UNICODEདང་། ANSIབཅས་ཀྱི་འགྲོས་འདྲ་མིན་ཁ་ཕྱེ་བའམ་ཉར་ཐུབ།

    ཡིག་ཆའི་འགྲོས་ངོས་ཟིན་ལ་འཁྲུལ་མེད་དུ་ཤར་ཐུབ་ཅིང་། རྟོགས་བྱེད་འདྲ་མིན་བཤུ་ནུས་ལ། རྟོགས་གྲངས་UNICODEཅན་ཡིག་ཆ་ངོས་ཟིན་ཐུབ།

    རྟོགས་གྲངས་འདྲ་མིན་གྱི་ཡིག་ཆ་སྒྱུར་ཐུབ་ལ་རྟོགས་གྲངས་རིགས་རང་ཤུགས་ཀྱིས་བསྐྱེད་ཐུབ། མཉེན་ཆས་འདིས་སྒྱུར་ཐུབ་པའི་བོད་ཡིག་རྟོགས་བྱེད་ནི། ཕྲ་མཉེན་ཧི་མ་ལ་ཡ་དང་། ཧི་མ་ལ་ཡ་HimalayaAནས་Kབར། སྨོན་ལམ་བོད་ཡི་Monlam UniTibetan Machine Uni Tibetan Unicodeདང་། བོད་རིག་པ་གླིང་གི་རིགས། བོད་ཡིག་རྟོགས་གྲངས་འཕར་མའི་རིགས་Aཅན་གྱི་ཧྥང་ཀྲིང་བོད་ཡིག་Unicode ཉི་འོད་Sunshineཡི་རིགས། སམྦྷོ་ཊ་Dedrisདང་EDedris པཎྜི་ཏའི་ཡིག་ཚུགས་འདྲ་མིན། དོན་ཡོད་CHINATIBETདང་TIBETཡི་ཡིག་ཚུགས། ཧྥང་ཀྲིང་བོད་ཡིག་གི་དཔེ་ཚུགས་ཆུང་བ། ཧྭ་ཀོང་བོད་ཡིག་A-Tibetanདང་JBHGZWརིགས་ཀྱི་དཔེ་ཚུགས་ཆུང་བ་སྒྱུར་ཐུབ།

    རྟོགས་གྲངས་འདྲེས་མའང་སྒྱུར་ཐུབ་ལ། སྒྱུར་མི་དགོས་པ་རྣམས་ཀྱི་འགྲོས་དང་བཅས་རང་སོར་གནས།

ཕན་ཚུན་འཁྲུལ་མེད་དུ་སྒྱུར་མི་ཐུབ་པ་རྣམས་དམར་རྟགས་བཏབ་ཡོད་པས་བལྟས་པ་ཙམ་གྱིས་གསལ་ WORDནང་ནས་དམར་པོ་བཙལ་བས་རྙེད།

སྒྱུར་མི་ཐུབ་པའི་ཚུགས་སྔར་བཞིན་སོར་བཞག་ཡིན།

བསྒྱུར་ཟིན་པ་རྣམས་ཀྱང་འབྲུ་ཚད་དང་འགྲོས་བཅས་སོར་བཞག་ཡིན།

    བོད་ཡིག་སོ་སོའི་རྟོགས་གྲངས་མི་འདྲ་བས་ཕན་ཚུན་འཁྲུལ་མེད་དུ་སྒྱུར་མི་ཐུབ་པ་རྣམས་དམར་རྟགས་བཏབ་ཡོད་པས་བལྟས་པ་ཙམ་གྱིས་གསལ་ WORDནང་ནས་དམར་པོ་བཙལ་བས་རྙེད།

༡༽ངོས་ཀྱི་ཡིག་རིགས་བརྗེ་སྟངས།

    མཉེན་ཆས་འདི་ལ་བོད་རྒྱ་ཡིག་རིགས་གཉིས་ཀའི་རྩ་ཐོ་ཡོད་པས་སྒེའུ་ཁུང་གཡོན་གོང་གི་བོད་ཡིག་གམ་རྒྱ་ཡིག་ཅེས་པར་ཙི་ཙིས་མནན་ན་གང་དགོས་འཆར་ཐུབ།

༢༽སྒེའུ་ཁུང་རྐྱོང་སྐུམ།

    ཙི་ཙི་སྒེའུ་ཁུང་གི་ཕྱི་རར་བཞག་ནས་རྣ་བ་གཡོན་པ་མནན་ཏེ་རྐྱོང་བའམ་སྐུམ་ཆོག

     རང་གི་གཡས་གོང་ཆེ་སྐྱེད་དུ་མནན་ན་སྒེའུ་ཁུང་ཆེས་ཆེ་བར་འགྱུར། ཡང་གཅིག་མནན་ན་སྔར་མལ་དུ་ལོག །གཞན་དག་སྒྲུབ་བདེ་ཕྱིར་ཆེས་ཆེ་སྐབས་ཀྱང་འགྱུར་གདན་མི་མནན།

༣༽སྒེའུ་ཁུང་སྤོ་བ།

    སྒེའུ་ཕྱི་རར་ཙི་ཙི་བཞག་ནས་རྣ་བ་གཡོན་པ་མནན་ཏེ་དྲུད་པས་སྤོ་ཆོག

༤༽སམ་ཊའི་ནང་གི་ཡི་གེ་ཆུ་ཆུང་།

    ཙི་ཙིའི་རྣ་བ་གཡོན་པས་ཆེ་རྟགས་ ལ་མནན་ན་སམ་ཊའི་ནང་གི་ཡི་གེ་སྔར་ཡོད་ཆེ་ཆུང་ལྟར་ཚང་མ་ཇེ་ཆེར་འགྱུར།

    ཙི་ཙིའི་རྣ་བ་གཡོན་པས་ཆུང་རྟགས་ ལ་མནན་ན་སམ་ཊའི་ནང་གི་ཡི་གེ་སྔར་ཡོད་ཆེ་ཆུང་ལྟར་ཚང་མ་ཇེ་ཆུང་འགྱུར།

༥༽སམ་ཊའི་ནང་གི་ཡིག་མདོག་བརྗེ་སྟངས།

    ཙི་ཙིའི་རྣ་བ་གཡོན་པས་ ལས་མདོག་རང་རུང་བདམས་ཏེ་སྔར་ཡི་གེ་གང་བདམས་ཀྱི་བསྒྱུར།

    ཙི་ཙིའི་རྣ་བ་གཡས་པ་མནན་པས་ཀྱང་ཡི་གེ་ཆེ་ཆུང་དང་མདོག་བརྗེ་ཆོག

༦༽རྣ་བ་གཡས་པའི་རྩ་ཐོ།

    རྣ་བ་གཡས་པའི་རྩ་ཐོའི་ནང་དུ་བཤོལ་དང་། དྲ། བཤུ། གླན། གསུབ། ཧྲིལ་འདེམས། ཡིག་ཚུགས་དང་འབྲུ་ཚད་བཅས་ཡོད།

    བཤོལ་བ་སྟེ་སམ་ཊའི་ནང་ནས་སོར་བཞག་དང་བསྐྱར་ཟློས་བྱེད། ཡི་གེ་མ་བརྗེའི་གོང་ཧྲིལ་པོའམ་གང་རུང་བདམས་པ་དེ་བརྗེས་ཟིན་ནས་ཀྱང་སོར་བཞག་ཐུབ།

    གླན་པ་སྟེ་Unicodeཡི་གེ་རྣམས་དྲ་བ་དང་བཤུས་པ་རྣམས་རང་ཤུགས་ཀྱིས་ངོས་ཟིན་ལ་སམ་ཊར་འཁྲུལ་མེད་དུ་འཆར་ཐུབ།

༧༽འགྱུར་གདན།

    འགྱུར་གདན་དུ་ཡིག་ཆ་ཁ་ཕྱེ་བ་དང་བཤུ་བའི་རིགས། སྒྱུར་ཡུལ། སམ་ཊའི་ནང་གི་ཡིག་ཆ་རིང་ཐུང་། སྒྱུར་བའི་ཚད་དང་དུས་ཡུན་བཅས་འཆར། དུས་ཚོད་ཡང་ཆ་ལ་བརྩི།༼སྐར་ཆ་༡ལ་ཡང་ཆ་༡༠༠༠ཡིན།༽

 

བོད་ཡིག་སྒྱུར་སྟངས།

༼༡༽ཡིག་ཆ་ཁ་ཕྱེ་བའམ། གཏག་པ། གླན་པ་བཅས་ཆོག །

༼༢༽ཁག་ཅིག་བསྒྱུར་དགོས་ན་ཙི་ཙིས་འདེམ་དགོས་ལ། ཚང་མ་བསྒྱུར་ན་གང་ཡང་འདེམ་མི་དགོས།

༼༣༽སྒེའུ་ཁུང་གཡོན་གྱི་ཡི་གེ་བརྗེ་ཞེས་པ་མནན་ན་སམ་ཊར་ཡིག་ཆ་སྒྱུར་བྱེད་རྩ་ཐོ་འཆར།

༼༤༽སྒྱུར་བྱེད་རྩ་ཐོའི་གཡོན་ནས་བསྒྱུར་རྒྱུའི་རིགས་དང་། གཡས་ངོས་རྩ་ཐོ་ལས་བསྒྱུར་དགོས་པའི་རིགས་འདེམས། སྤྱིར་སྟངས་རྟོགས་གྲངས་རིགས་གང་ཡིན་རང་ཤུགས་ཀྱིས་ངོས་ཟིན་མོད། སྒྱུར་དགོས་པ་བདམས་མེད་པའམ་བདམས་སྟངས་འགྲིག་མེད་ན་ལག་པས་འདེམ་དགོས།

༼༥༽སམྦྷོ་ཊ་ལ་སྒྱུར་སྐབས་རྩ་ཐོའི་འོག་ཏུ་Ededrisདང་Dedrisཞེས་པ་ཡོད་པས་གང་རུང་འདེམ་ཆོག་ལ། སོར་བཞག་བྱས་ན་Ededrisཡིག་ཚུགས་ཡིན། དཔེར་ན།

ཀ་ཕྲེང་སྒྲིག་སྟངས།

གཡོན་ཟུར་གྱི་ཀ་ཕྲེང་སྒྲིག་ཅེས་པར་མནན་པས་སམ་ཊའི་ནང་གི་བོད་ཡིག་ཧི་མ་ལ་ཡ་རྣམས་སྒྲིག་པ་ལས་རྟོགས་གྲངས་གཞན་དག་སྒྲིག་མི་ཐུབ།

ཡིག་མཛོད་ལེན་སྟངས།

ཁྱེད་ཀྱི་རྩིས་འཁོར་དུ་བོད་ཡིག་ཡིག་མཛོད་གང་རུང་ཞིག་མེད་ན་སམ་ཊའི་ནང་ནས་འཆར་མི་ཐུབ། ཡིག་མཛོད་ལེན་དགོས་ན་གཡོན་ཟུར་གྱི་ཡིག་མཛོད་ལེན་ས་མནན་ཏེ་www.tibetebook.comལས་ལོངས།

 

འགན་འཁུར།

༡༽བོད་ཡིག་སྒྱུར་བྱེད་འདིའི་དཔར་དབང་དེ་འཇམ་དབྱངས་ཚོགས་པའི་ཀུན་དགའ་ཚེ་རིང་དང་དབྱང་ཧྲུའུ་ཁྲང་ལ་ཡོད།

༢༽མཉེན་ཆས་འདི་རྟག་ཏུ་རིན་མེད་བེད་སྤྱོད་ཆོག

༣༽མཉེན་ཆས་འདི་ཅི་བདེར་སྤེལ་ཆོག་མོད། བཅོས་པ་དང་། སྒྱུར་བ། སློག་པ་སོགས་རྩ་སྒྲུབ་ཟློག་པའི་རིགས་མི་ཆོག་ལ་མཉེན་ཆས་གཞན་པའི་ནང་དུ་ཚང་མའམ་ཁག་གཅིག་ཀྱང་འདྲེན་མི་ཆོག

༤༽གསལ་འདེབས། མཉེན་ཆས་འདི་རིན་མེད་སྤྱི་ཕན་ཅན་ཡིན། འོན་ཀྱང་ཉེས་ས་དང་ལྡོག་སྒྲིག །ལྡོག་སྒྱུར་མི་ཆོག་ཅིང་། བེད་མི་ཆོད་པ་དང་། བསྣད་པ་སོགས་དངོས་ཤུགས་གང་རུང་ནས་གྱོང་ཁ་བྱུང་བ་ལ་རྩ་སྒྲུབ་པས་འགན་གང་ཡང་མི་འཁུར།

༥༽གལ་ཏེ་འགན་འཁུར་ནང་གི་ཚན་པ་གང་ཞིག་ལ་འཐད་པ་མེད་ན། ངེས་པར་དུ་མཉེན་ཆས་འདི་གསུབ་པ་དང་བེད་སྤྱོད་མཚམས་འཇོག་དགོས།


     མཉེན་འདི་རྩིས་འཁོར་དུ་སྒྲིག་བྱེད་བཟོས་མེད་པས་དོ་པོ་བཤིག་རྗེས་ཡིག་སྣོད་༼zwzh2014༽ནང་གི་תʦ2014Ѱ
ཐད་ཀར་བཀོལ་བའམ་ཅོག་ངོས་སུ་བཏང་ནས་བེད་སྤྱོད་མཛོད།

      བོད་ཡིག་སྒྱུར་བྱེད་མཉེན་ཆས་༢༠༡༤པ། zwzh2014 ༼རིན་མེད།༽ 
         
             འདིར་གཟིགས་གྲངས།  


  
                                 ཡུལ་ཤུལ་ཁུལ་ཨེ་ཝཾ་ཚན་རྩལ་རིག་གནས་གསར་སྤེལ་འགན་འཁྲི་ཚད་ཡོད་ཐུན་གཉེར་ཁང་གིས།
                                                                                   ༢༠༡༤ལོའི་ཟླ་༥ཚེས་༢༣ཉིན།


                   
Baidu