༄༅། །བོད་ཡིག་སྒྱུར་བྱེད་མཉེན་ཆས་ཐོན་རིམ་གསུམ་པའི་མཚམས་སྦྱོར།


    བོད་ཡིག་སྒྱུར་གཉིས་པའི་ནུས་པ་གཞིར་བཞག་གིས་ཧི་མ་ལ་ཡ་དང་། སཾ་བྷོ་ཊ། པཎྜི་ཏ། དོན་ཡོད། ཧྥང་ཀྲིང་། ཧྭ་ཀོང་། བོད་ཡིག་
ཨང་རིམ་ཁ་སྐོང་ཅན་བཅས་ཕན་ཚུན་བསྒྱུར་ཐུབ་པས་བོད་ཡིག་ཡིག་གཟུགས་མི་འདྲ་མ་ཕན་ཚུན་བེད་སྤྱོད་ཐུབ་པའི་ནུས་པ་ཐོན་
པར་མ་ཟད། ད་དུང་བོད་ཡིག་ཀ་མད་གོ་རིམ་སྒྲིག་ཐུབ་པས་བེད་སྤྱོད་མཁན་ལ་དམིགས་བསལ་གྱི་ཐུགས་མཁོ་སྐོང་། རྩོམ་སྒྲིག་དང་།
 དཔེ་སྐྲུན། དཔར་འདེབས་སོགས་བོད་ཡིག་ལས་རིགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཅིང་། བོད་ཡིག་སྤྱོད་མཁན་གྱི་སྲིད་གཞུང་ལས་
ཁུངས་དང་བོད་ཡིག་ཞིབ་འཇུག་སྡེ་ཁག་སོགས་ཀྱིས་རྩོམ་འབྲི་དང་། དྲྭ་ཚིགས་བཟོ་བ། དཔེ་ཀློག་བཅས་ཀྱི་སྐོར་ལའང་ཐུགས་མཁོ་ཆེ་
ཞིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩ་ཐོ་ཡོད་ལ། བེད་སྤྱོད་སྟབས་བདེ་བ། བསྒྱུར་བ་ནོར་འཁྲུལ་མེད་པ། གོ་ཆོད་པ་ཞིག་རིན་མེད་དུ་
ཕུལ་བ་ལགས།
     མཉེན་འདི་རྩིས་འཁོར་དུ་སྒྲིག་བྱེད་བཟོས་མེད་པས་དོ་པོ་བཤིག་རྗེས་ཡིག་སྣོད་༼zwzh30༽ནང་གི་藏文转换大师3.0
ཐད་ཀར་བཀོལ་བའམ་ཅོག་ངོས་སུ་བཏང་ནས་བེད་སྤྱོད་མཛོད།

      བོད་ཡིག་སྒྱུར་བྱེད་ཐོན་རིམ་གསུམ་པ། zwzh30 ༼རིན་མེད།༽


  
                                 ཡུལ་ཤུལ་ཁུལ་ཨེ་ཝཾ་ཚན་རྩལ་རིག་གནས་གསར་སྤེལ་འགན་འཁྲི་ཚད་ཡོད་ཐུན་གཉེར་ཁང་གིས།
                                                                                   ༢༠༡༢ལོའི་ཟླ་༥ཚེས་༢༩ཉིན།


                   
Baidu