༄༅། །བོད་ཡིག་སྒྱུར་བྱེད་མཉེན་ཆས་མཚམས་སྦྱོར།

  བོད་ཡིག་སྒྱུར་བྱེད་འདིས་ཧི་མ་ལ་ཡ་དང་། སཾ་བྷོ་ཊ། པཎྜི་ཏ། དོན་ཡོད། ཧྥང་ཀྲིང་། ཧྭ་ཀོང་བཅས་ཕན་ཚུན་བསྒྱུར་ཐུབ་པས་བོད་
ཡིག་ཡིག་གཟུགས་མི་འདྲ་མ་ཕན་ཚུན་བེད་སྤྱོད་ཐུབ་པའི་ནུས་པ་ཐོན་པར་མ་ཟད། ད་དུང་མཉེན་ཆས་འདིས་བོད་ཡིག་ཀ་མད་གོ་
རིམ་སྒྲིག་ཐུབ་པས་བེད་སྤྱོད་མཁན་ལ་དམིགས་བསལ་གྱི་ཐུགས་མཁོ་སྐོང་། རྩོམ་སྒྲིག་དང་། དཔེ་སྐྲུན། དཔར་འདེབས་སོགས་བོད་
ཡིག་ལས་རིགས་ལ་སྟབས་བདེ་ཡག་པོ་བསྐྲུན་ཅིང་། བོད་ཡིག་སྤྱོད་མཁན་རྣམས་ཀྱིས་རྩོམ་འབྲི་དང་། དྲྭ་ཚིགས་བཟོ་བ། དཔེ་ཀློག་
བཅས་ཀྱི་སྐོར་ལའང་མཁོ་དགོས་ཆེ་ཞིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩ་ཐོ་ཡོད་ཅིང་། བེད་སྤྱོད་སྟབས་བདེ་བ། བསྒྱུར་བ་ནོར་
འཁྲུལ་མེད་པ། གོ་ཆོད་པ་བཅས་ཀྱི་བོད་ཡིག་སྒྱུར་བྱེད་ཅིག་ཡིན།
         ཡིག་ཆ་ཁ་ཕྱེ་སྐབས་ཧི་མ་ལ་ཡ་དང་། སཾ་བྷོ་ཊ། པཎྜི་ཏ། དོན་ཡོད། ཧྥང་ཀྲིང་། ཧྭ་ཀོང་བཅས་ཀྱི་རིགས་རང་ཤུགས་ཀྱིས་ངོས་
ཟིན་ཐུབ།
    མཉེན་ཆས་འདི་ལ་བོད་ཡིག་རྩ་གྲངས་ངོས་འཛིན་གྱི་ནུས་པ་ཡོད་པས། བེད་སྤྱོད་མཁན་གྱིས་རྩ་གྲངས་གང་ཡིན་ངོས་ཟིན་པ་
དང་། ངོས་བཟུང་ནོར་ལས་བྱུང་བའི་ནོར་འཁྲུལ་མི་འབྱུང་བའི་དགེ་མཚན་ཆེ།
  ཡིག་ཆ་ཁ་ཕྱེ་བ་དང་གླན་སྐབས། ཆ་བྱད་རང་ཤུགས་ཀྱིས་རྩ་གྲངས་ངོས་བཟུང་བ། ཧྥང་ཀྲིང་དང་ཧྭ་ཀོང་རྣམ་པ་དེ་ཁ་ཕྱེ་སྐབས་
ཐོག་མར་དེ་ཉིད་ངོས་བཟུང་ནས་txtཡིག་ཆ་ལ་བསྒྱུར་ཡོང་།
        རྩོམ་གཞོང་ལས་ཙི་ཙིའི་རྣ་བ་གཡས་པ་མནན་ན་གཡས་གཟེའི་རྩ་ཐོ་འཆར་བ་ལྟར་བཤུ་བ། གླན་པ། དྲ་བ། གསུབ་པ། ཧྲིལ་
འདེམས། ཡིག་ཚུགས་དང་འབྲུ་ཚད་བཅས་འདེམས་ཆོག །
         ཀ་ཕྲེང་སྒྲིག་པ། བོད་ཡིག་ཀ་ཕྲེང་སྒྲིག་བྱེད་དེ་མཉེན་ཆས་འདིའི་ཡན་ལག་ནུས་པ་ཞིག་ཡིན། གཡོན་གྱི་ཀ་ཕྲེང་སྒྲིག་ཅེས་པ་
མནན་པས་རྩོམ་གཞོང་ནང་གི་བོད་ཡིག་རྣམས་གོ་རིམ་ལྟར་སྒྲིག །
      ཐོབ་འགོད་མ་བྱས་ཚེ་ཡུན་རིང་དུ་བཀོལ་ཆོག་ཀྱང་ཡིག་འབྲུ་༡༠༠༠མ་གཏོགས་སྒྱུར་མི་ཐུབ་པའི་ཚད་བཀག་ཡོད།
      ཐོབ་འགོད་བྱས་རྗེས། ཆ་བྱད་བེད་སྤྱོད་སྐབས་གསལ་འདེབས་གང་ཡང་མི་བྱེད་ལ་ཚད་བཀག་མེད་ཅིང་། ནམ་ཡང་རིན་མེད་
དུ་རིམ་པ་སྤར་ཆོག །

ཐོབ་འགོད་རིན་མི་དམངས་ཤོག་སྒོར་༩༨.༠༠ཡིན། ཐོབ་འགོད་ཨང་གྲངས་ལེན་པའི་ཐད་དུ་དྲྭ་ཚིགས་ཁག་བཞི་པ་དེ་བཞིན་དུ་ཐོབ་
འགོད་ཨང་གྲངས་ལེན་པའམ། ཡང་ན་ཞིང་ལས་དངུལ་ཁང་གི་བྱང་བུའི་ཨང་གྲངས།  ༦༢༢༨༤༨༡༣༤༡༤༧༢༣༩༨༡༡༡དང་བྱང་
བུའི་བདག་པོ། 杨寿昌ལ་ཐད་ཀར་དངུལ་བསྐུར་ཀྱང་ཆོག །
 མཉེན་ཆས་ཐོབ་འགོད་ལ་མནན་པས་དེར་རང་གི་རྩིས་འཁོར་ཨང་ཤར་ཡོད།  textmaster@163.com ནང་དུ་དངུལ་བསྐུར་
བའི་དུས་ཚོད་དང་རྩིས་འཁོར་ཨང་བཅས་བསྐུར་ན། ཐོབ་འགོད་ཨང་གྲངས་དེ་ཁྱེད་ལ་བསྐུར་ཡོང་།
  ཡང་ན་ཁར་པར་༠༩༧༦-༨༦༢༩༢༣༢ནང་དུ་དངུལ་བསྐུར་བའི་དུས་ཚོད་དང་རྩིས་འཁོར་ཨང་བཅས་བསྐུར་ནའང་གོང་དང་འདྲ་
བར་ཐོབ་འགོད་ཨང་གྲངས་དེ་ཁྱེད་ལ་བསྐུར་ཡོང་།
  དེ་ནས་ཐོབ་འགོད་ཨང་ཀིའི་སྒེའུ་ཁུང་དུ་གཏགས་ནས་གཏན་ཁེལ་ན་འཐུས།

      བོད་ཡིག་སྒྱུར་བྱེད། zwzhsetup


  
                                 ཡུལ་ཤུལ་ཁུལ་ཨེ་ཝཾ་ཚན་རྩལ་རིག་གནས་གསར་སྤེལ་འགན་འཁྲི་ཚད་ཡོད་ཐུན་གཉེར་ཁང་གིས།
                                                                                   ༢༠༡༠ལོའི་ཟླ་༣ཚེས་༡ཉིན།


                   
Baidu