|
བརྙན་གཏོང་MPCཡིས་བཏང་བའི་ཤུལ་གསུབ་ཐབས།
འདི་ལ་RealPlayerདང་WMPལྟ་བུའི་བཏང་ཤུལ་གསུབ་པའི་ནུས་པ་མེད་པས་རང་གི་ལག་ཐབས་ཀྱིས་གསུབ་དགོས།
start\run(开始\运行)མནན་རྗེས་གླེང་རའི་ནང་དུ་regedit
གཏགས་ནས་སྐུལ་བྱེད་མནན་ཏེ་ཐོབ་འགོད་སྒྲིག་
བྱེད་ཁ་ཕྱེས།
དེ་ནས།
HKEY_CURRENT_USER\Software\Gabest\Media Player
Classic\Recent File List
ཚན་པ་རྣམས་རིམ་བཞིན་བཙལ་བའི་གཡས་ངོས་ཀྱི་སྒེའུ་ཁུང་དེ་གློག་བརྙན་བཏང་ཤུལ་
ཡིན་པས་སུབས།
MPC
ཡི་བརྙན་གཏོང་ཟིན་ཐོའི་ཤུལ་མི་ཡོང་ཆེད།
MPC
འདེམ་བྱ་ལས་
“རྗེས་མ་ཁ་ཕྱེས་པའི་ཟིན་ཐོ་སོར་
བཞག་”
ལ་རྟགས་བཀོད་པས་འཐུས།
སྣོན་/གསུབ་རྩ་སྒྲུབ་ནང་གི་ཆ་བྱད་བསྣད་རོ་གསུབ་ཐབས།
ལག་པས་མཁོ་སྤྱོད་རྩ་སྒྲུབ་གསུབ་ན།
ཚོད་འཛིན་ངོས་བྱང་ནང་གི་
“སྣོན་/གསུབ་རྩ་སྒྲུབ་”
ནང་ལ་ཆ་བྱད་བསྣད་རོ་ཡོད་སྲིད།
དེས་སྤྱིར་བཏང་གནོད་མི་སྐྱེལ་ཀྱང་སྐབས་འགར་དེའི་རིགས་གསར་དུ་སྒྲིག་མི་འཇུག་པ་དང་རྩ་སྒྲུབ་ཀྱི་ཆ་བྱད་གཞན་འཁོར་སྐྱོད་
བྱེད་པར་གནོད།
དེས་ན་བསྣད་རོ་གསུབ་ཐབས་ནི།
start\run(开始\运行)མནན་རྗེས་གླེང་རའི་ནང་དུ་
regedit
གཏགས་ནས་སྐུལ་བྱེད་མནན་ཏེ་ཐོབ་འགོད་སྒྲིག་བྱེད་ཁ་ཕྱེས། དེ་ནས།
HKEY_LOCAL_MACHINE\SOFTWARE\MICROSOFT\WINDOWS\
CURRENTVE-RSION\UNINSTALL
ཚན་པ་རྣམས་རིམ་བཞིན་བཙལ་བའི་གཡས་ངོས་སུ་ཤར་བའི་
“སྣོན་/
གསུབ་རྩ་སྒྲུབ་”
ནང་གི་ཚན་པ་སྐོར་ལས་མི་དགོས་པ་གསུབ་པས་འཐུས།
〓
མཆན།
〓བརྙན་གཏོང་།
broadcast
播放
སྒྲ་བརྙན་དང་གཟུགས་བརྙན་གཏོང་བྱེད།
〓བརྙན་གཏོང་MPC
〓〓MPC
ནི་སྒྲ་བརྙན་དང་གཟུགས་བརྙན་གཏོང་བྱེད་ཆ་བྱད་ཀྱི་རིགས་ཤིག་སྟེ་Media
Player Classic
བསྡུས་ཡིག་ཡིན།
〓གླེང་ར།
dialog box(对话框)ནི་མཚོན་གྲངས་འཇུག་ཆོག་པའི་སྒེའུ་ཁུང་ཞིག
〓རྩ་སྒྲུབ།
རྩིས་འཁོར་གྱིས་བྱ་བ་བྱེད་པའི་རིམ་པ་ལས་རྩ་བའི་བཀའ་འདུས་པའི་སྒྲུབ་བྱེད་གཅིག
ཐ་སྙད་འདིའི་ཨ་མ་
program(程序)ནི་སྤྱིར་ལས་རིམ་ལ་གོ་ནའང་རྩིས་འཁོར་གྱི་སྐབས་སུ་རྩ་སྒྲུབ་ལ་གོ།
ཐོབ་འགོད།
register
注册
བདག་དབང་དང་ལས་ཀ་སྒྲུབ་ཆོག་པའི་དམིགས་བསལ་གྱི་ཐོབ་ཐང་འགོད་པ།
〓〓〓〓〓〓〓〓〓〓〓〓〓〓〓〓〓〓〓〓〓〓〓(བསེ་མཁར་ཨེ་ཝཾ་གྱིས་བཏུས་ཤིང་བསྒྱུར།)
|