༄༅། །ཉེར་མཁོ་དེབ་དང་པོ།

ཀློག་པ་པོ་རྣམས་ལ་ཞུ་རྒྱུ།

  དཀར་ཆག  〓〓〓〓〓〓〓〓〓〓ལྡེབ་ངོས་༡ཡོད།

 བོད་ཡིག་གི་ལམ་ནས་བོད་མིས་དེང་རབས་ཀྱི་དངོས་པོ་གང་རུང་ཡང་དག་བེད་སྤྱོད་ཐུབ་ཆེད། རྒྱལ་ཕྱི་ནང་གང་རུང་ནས་ཐོན་པའི་དངོས་པོ་
གསར་པའི་རིགས་ཀྱི་ཐ་སྙད་རྣམས་གཞན་ལ་ལད་ཟློས་ཁོ་ན་མ་ཡིན་པར་བོད་རང་སྐད་དང་མཐུན་པའི་འདྲ་འབྲེལ་གང་རུང་གི་ཆ་ནས་བཏགས་
པའི་ཐ་སྙད་གསར་དུ་བཀོལ་བ།
ཉམས་རྒུད་དུ་འགྲོ་བཞིན་པའི་བོད་རང་གི་ཐ་སྙད་རིག་གནས་སླར་གསོ་དང་འཚོ་བའི་དགོས་མཁོ་དངོས་སོགས་
ལ་དམིགས་ནས་
ཉེར་མཁོཞེས་པའི་དེབ་འདི་བསྒྲིགས་ཤིང་། མཐུན་རྐྱེན་འབྱོར་ན་མུ་མཐུད་ནས་བསྒྲུབ་རྒྱུ་ཡིན་པས། ལྷག་བསམ་ཅན་གྱི་
ཀློག་མཁན་ཚོས་རང་ཉིད་ལ་དགོས་པ་ཅན་དང་བོད་ཞིང་འབྲོག་མང་ཚོགས་ལ་མཁོ་ངེས་པའི་དངོས་པོ་གང་རུང་གི་བེད་སྤྱོད་གསལ་བཤད་ཡི་གེ་
དང་།
འགྱུར་ཡིན་ན་མ་ཡིག་དང་བཅས་པ། བོད་རང་གི་སྤྱི་སྐད་ལ་མཐུན་ཞིང་ཚིག་མཛོད་དུ་འཁོད་མེད་པའི་ཐ་སྙད་འགྲེལ་བཤད་དང་བཅས་པ། ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས། སྐད་ཆའི་སྒྱུ་རྩལ་གྲགས་པའི་གཏམ་དཔེ། རིག་རྩེད། ལྡེའུ། གནས་ཆེན་ཡུལ་ལྷའི་འདྲ་རིས། ལག་ཤེས་བཟོ་ལས། བོད་ཀྱི་འཚོ་བ་དང་འབྲེལ་བའི་རིག་གནས་སྐོར་གྱི་དགོངས་འཆར་སོགས་གནང་བར་བཀའ་དྲིན་ཞུ་ངེས་ཡིན།
 
འགྱུར་དང་རྩོམ་དབུ་ཅན་སྤུས་དག་འབྲི་བ་དང་། དེའི་མ་ཡིག་མི་བརླག་ཆེད་འདྲ་བཤུ་གྱིས། རྩོམ་སྒྲིག་པས་བཅོས་མི་ཆོག་ན་གསལ་ཁ་མཛོད། ཁྱེད་ཀྱི་མཚན་(སྙུག་མིང་)དང་ལོ་རྒྱུས་མདོར་བསྡུས།(སྐུ་པར་ཡོད་ན་ལེགས།) ཕྱག་ལས་དང་བཞུགས་ཡུལ། ཞལ་པར། སྦྲག་གནས་བཅས་གསལ་
པོར་འབྲི་དགོས།

 ཞེས་འཇམ་དབྱངས་ཚོགས་པའི་ཉེར་མཁོརྩོམ་སྒྲིག་ཁང་ནས།      

༢༠༠༦ལོའི་ཟླ་༣ཚེས་༨ཉིན།      

ཁ་པར། ༠༩༧༦-༨༨༢༢༩༨༧ ༨༦༤༢༥༩༢ ༡༣༡༢༠༤༧༨༡༣༡    

དྲྭ་ཚིགས། www.tibetebook.com     

གློག་ཡིག sekar@public.xn.qh.cn     


815000 青海省玉树州结古镇折龙达71号 爱王
 

 དཀར་ཆག 〓〓〓〓〓〓〓〓〓〓ལྡེབ་ངོས་༡ཡོད།