¡¡

༄༅། །ཉེར་མཁོ་དེབ་དང་པོ།

ཚེག་ཤད་སྐོར་གྱི་དྲི་བ་འགའ།

   དཀར་ཆག  ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།

¡þ སྡེ་དགེའི་ཤིང་དཔར་གཙོ་བྱས་པའི་དཔར་མ་དང་བྲིས་མ་མང་པོ་མཇལ་བ་ལས། རྐང་རིང་མ་གཏོགས་པའི་སྤྱན་ཁྱེར་དུ་འབྲུ་རྡོག་གཅིག་
ཁོ་ན་ལ་སྤུངས་ཤད་བྲིས་པ་དང་ཚེག་ཁྱིམ་གཅིག་ལ་སྤུངས་ཤད་བྲིས་པའི་ལུགས་གཉིས་ལས་ཚེག་ཁྱིམ་ལ་བྲིས་པ་མང་ཤོས་སུ་མཐོང་།

 
དེ་ཡང་ཚིགས་བཅད་དང་རྫོགས་ཚིག་གམ་ཟླ་སྡུད་སྐབས་སུ་ཤད་གཉིས་ཀ་སྤུངས་ཤད་བྱས་པ་དང་སྔ་མ་སྤུངས་ཤད་ལ་རྗེས་མ་རྐྱང་ཤད་བྱས་
པའི་ལུགས་གཉིས་བྱུང་ལ།
རྐང་ཤད་རྐྱང་པ་ལ་སྟོང་ཆ་ཞིག་མ་གཏོགས་སྤུངས་ཤད་མ་བྲིས་པ་དང་སྟོང་ཆའི་རྗེས་སུ་སླར་སྤུངས་ཤད་བྲིས་པ། ཉིས་ཤད་ཐོབ་སར་རྐང་པ་ཅན་བྱུང་བ་ལའང་ཤད་ཕྱི་མ་དེ་སྤུངས་ཤད་བྱས་མིན་ལུགས་གཉིས་བྱུང་བ་ནི་རྐང་ཤད་ཀྱི་རྗེས་སུ་ཤད་བྲིས་མ་བྲིས་
ཀྱི་ལུགས་བཞིན་སོང་བ་བཅས་ཇི་ལྟར་བྱས་ན་ལེགས།

 
ཚིགས་བཅད་སྐབས་ཀྱི་རྐང་ཤད་ལ་ཤད་ཕྱི་མ་ཁོ་ན་བྲིས་པ་གཅིག་མཚུངས་ལགས་མོད། རྐང་པ་ཅན་གྱི་རྗེས་སུ་ཤད་མ་ཐོབ་པ་ལ་སྟོང་ཆ་
ཞིག་མ་གཏོགས་ཤད་མ་བྲིས་པ་དང་།
རྐང་པ་ཅན་གྱི་མཇུག་ཏུ་ཐད་ཀར་ཤད་མ་བྲིས་པར་ཕར་ཙམ་བསྣུར་ནས་བྲིས་པ་སྟེ་ལུགས་གཉིས།
 
མགོ་ཅན་གྱི་རྐང་རིང་ལ་ཤད་མ་བྲིས་པ་གཅིག་མཐུན་དུ་མཐོང་མོད། རྐང་རིང་ལ་དབྱངས་ཞུགས་ན་ཤད་བྲིས་མ་བྲིས་གཉིས་སུ་སྣང་བས་ཇི་
ལྟར་བྱ།

 
ང་ཡིག་དབྱངས་ཡོད་མེད་གང་རུང་གི་ཡིག་ཤད་བར་དུ་ཚེག་བྲིས་ཤིང་མགོ་ཅན་ལ་ཚེག་མ་བྲིས་པ་མཐོང་མོད་སངྶ་དང་གངྒཱ་དང་སེངྒེ་ལྟ་
བུ་ཇི་ལྟར་བྱ།

 
དེང་སང་ཕྲེང་མཐའ་ལྟ་བུ་ལ་ཡི་གེ་མི་ཤོང་བའི་སྐབས་སུ་ག་ཡང་འཇུག་ས་ཅན་ལ་ཌ་དང་ཊ་ཅི་རིགས་བྲིས་པ་མཐོང་། དཔེ་རྙིང་ལས། གཟབ་མ་ལ་ཕྲེང་མཐར་ཡི་གེ་མ་ཤོང་བའི་ཚེ་སོགྶ་དང་། སངྶ་། རླབྶ། རྣམྶ་ཞེས་བྲིས་ཤིང་། གཤར་མའི་ག་ཡང་འཇུག་ས་ཅན་ལ་ཌ་བྲིས་པ་ལས་
གཞན་རྣམས་རྩེག་ཚུལ་མ་མཐོང་ཞིང་དེ་ཡང་ཡི་གེ་ཤོང་མིན་ལ་བསྟུན་མི་འདུག
དེས་ན་ཡི་གེ་ཤོང་དཀའ་བའི་ཚེ་ས་ཡང་འཇུག་ཅན་རྩེག་ན་
འོས་སམ།
ཌ་དང་ཊ་གཉིས་ཇི་ལྟར་བྱ།
 
སྔོན་གྱི་དཔེ་རྙིང་ཕལ་ཆེ་བའི་ཉིས་ཤད་དེ་ཚིག་རྐང་སྔ་མའི་མཇུག་དང་རྗེས་མའི་མགོ ཤད་གཉིས་བར་དུ་སྟོང་ཆ་རེ། ཕྲེང་མཐར་བྱུང་ན་
ཤད་གཉིས་ཀ་ཚིག་རྐང་སྔ་མའི་རྗེས་སུ་བྲིས་པ།
མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲངས། །ཁྱི་རྒན་ཀུ་ཅོ་འདོན་
པ་ན།
།རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །ལྟ་བུ། དེང་གི་དེབ་འགར། ཤད་རྗེས་མ་དང་ཚིག་རྐང་རྗེས་མའི་བར་དུའང་སྟོང་ཆ་ཞིག་བཞག་པ། མཁས་པ་རང་གིས་དཔྱོད་ཤེས་ཀྱི། བླུན་པོ་གྲགས་པའི་རྗེས་སུ་འབྲངས། ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པར་གཞན་དག་རྒྱུགས། ལྟ་བུ་དང་། ཤད་གཉིས་བར་དུ་སྟོང་ཆ་མ་བཞག་པར་ཤད་རྗེས་མ་དང་ཚིག་རྐང་རྗེས་མའི་བར་དུ་བཞག་པ། མཁས་པ་རང་གིས་དཔྱོད་ཤེས་ཀྱི།། བླུན་པོ་གྲགས་པའི་རྗེས་སུ་འབྲངས།། ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུགས།། ལྟ་བུ། དོན་ཉུང་རྫོགས་པའམ་ཟླ་སྡུད་
ལའང་དེ་དང་མཚུངས།
ད་དུང་རྫོགས་ཚིག་ལ་མ་གཏོགས་ཟླ་སྡུད་ལ་ཉིས་ཤད་མ་བྲིས་པའི་དེབ་ཀྱང་ཐོན་འདུག་པ་བཅས་ལ་དགོངས་འཆར་
ཅི་ཡོད།

 
རང་མོས་སྙན་ངག་གི་ཚིག་མཚམས་སུ་ཤད་ཡོད་མེད་ཅི་རིགས་དང་ཚེག་ཡོད་མེད་ཅི་རིགས། ཕྲེང་གཅོད་སྟངས་ངེས་མེད། སྔར་རང་མོས་
སྙན་ངག་ཕྲེང་བཅད་པ་དེ་བསྐྱར་བཤུའམ་ལུང་འདྲེན་སོགས་ཀྱི་སྐབས་སུ་གསེག་ཤད་ཀྱིས་མཚམས་ཕྱེས་ཤིང་དེ་ལ་བར་སྟོང་ཡོད་མེད་དང་
གང་དུ་འཇོག་པ་སོགས་ལག་ཏུ་ཅི་ཟིན་ལས་མི་འདུག་པས་དེ་དག་གཅིག་འགྱུར་བྱེད་པའི་དགོས་པ་དང་ཐབས་ཡོད་མེད་ཇི་ལྟར་ལགས།

 
ཚིགས་བཅད་ཀྱི་ཚིག་རྐང་གཅིག་ཁོ་ན་ལུང་དུ་དྲངས་པ་ལ། ཁ་ཅིག་གིས་ཚིག་རྐང་ཁ་མི་གང་བས་ཉིས་ཤད་མི་འཐོབ་ཟེར་དང་། ཁ་ཅིག་
གིས་ཚིག་རྐང་གཅིག་ཁོ་ན་ཡིན་ཀྱང་མ་གཞི་ཚིགས་བཅད་ཡིན་པས་ནོར་བ་མེད་ཕྱིར་ཉིས་ཤད་དགོས་ཟེར་བས་ཇི་ལྟར་བྱ།

 
རྣམ་བཅད་ཀྱི་རྗེས་སུ་ཤད་དགོས་སམ། ཅིའི་ཕྱིར།
 
ཨང་ཀི་དང་ཡི་གེའི་བར་དུ་ཚེག་དགོས་སམ། ཅིའི་ཕྱིར།
 
༡༠ ཨང་ཀའི་རྗེས་སུ་ཤད་དགོས་སམ། ཅིའི་ཕྱིར།
 
༡༡ ཚིག་མཛོད་ཀྱི་འགྲེལ་གཞི་¡°ཁ།¡±ལྟ་བུའི་ཤད་དེ་སྤུངས་ཤད་ཡིན་དགོས་སམ། རྩོམ་གྱི་ཁ་བྱང་གི་¡°ཁ།¡±ལྟ་བུ་ནི་ཕྲེང་མགོར་བྱུང་ན་སྤུངས་
ཤད་དགོས་སམ།
དབུས་དང་ཕྲེང་མཐར་ཡོད་ན་སྤུངས་ཤད་མི་དགོས་སམ།

 

  གོང་གི་དྲི་བ་ཚང་མའམ་གང་རུང་ཞིག་ལ་ལན་གནང་ན་དེབ་རྗེས་མར་འགོད་རྒྱུ་དང་བཀའ་དྲིན་ཆེ་ཞེས་ཞུ། ཁྱེད་རྣམས་པས་དྲི་བ་འདོན་
འདོད་མཆིས་ཚེ་གསུང་དང་འགལ་བ་གཞན་མེད་ན་ཀློག་པ་པོ་རྣམས་ལ་བརྒྱུད་ཞུ་འབུལ་ཡོང་།
¡¡

 དཀར་ཆག  ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།

¡¡