༡གསར་འགྱུར་འབྲི་སྐབས་ས་ཆ་དང་དུས་ཚོད།
དོན་དངོས།
མི་སྣ།
མཇུག་འབྲས་བཅས་ལ་དོ་སྣང་བྱས་ཏེ་དོན་སྙིང་ལྡན་པའི་གསར་འགྱུར་
འགོད་པར་འབད་རྒྱུ་གལ་ཆེ།
༢ཤེས་རིག་དང་ཆབ་སྲིད།
ཁྲིམས་ལུགས།
ཚན་རིག
ཚོང་རའི་དཔལ་འབྱོར་གྱི་ཤེས་བྱ་བཅས་ལ་སློབ་སྦྱོང་བྱས་ཏེ་ཚད་ལྡན་གྱི་གསར་འགྱུར་
འགོད་མཁན་ཞིག་ཏུ་འགྱུར་བར་འབད་དགོས།
༣ཁྲིམས་ལུགས་ཀྱི་རྩ་གནད་དང་སྲིད་ཇུས་ཀྱི་གཏན་ཁེལ།
མང་ཚོགས་ཀྱི་ཁེ་ཕན་དོན་དུ་བྱ་བ་བསྒྲུབ་རྒྱུ་བཅས་ལ་དོ་སྣང་བྱས་ཏེ་བདེན་པ་
བདེན་ཐུབ་ཀྱིས་དོན་དངོས་ནང་ཟབ་འཇུག་བྱེད་པ་དང་།
རྟག་དཔྱད་ཞིབ་འཇུག་བྱེད་པ།
མང་ཚོགས་ཁྲོད་ཟབ་ཞུགས་བྱས་ནས་མི་བདེན་རྫུན་
བཟོ་དང་།
སྒྲོ་འདོགས་འཁྱོག་བཤད་མི་བྱེད་པར་བདེན་འཚོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས།
༤ལས་རིགས་ཀུན་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་བྱས་ཏེ་རིན་ལེན་གསར་འགྱུར་མི་འགོད་པ་དང་།
གཞན་གྱི་ས་ནས་ཟ་བ་དང་།
འཐུང་བ།
ལེན་པ།
ཁྱེར་བ་བཅས་ཀྱི་སྤྱོད་ཚུལ་སྤོང་དགོས།
༥མང་ཚོགས་ཁྲོད་དུ་སོང་ནས་མང་ཚོགས་གྱི་ཐོན་སྐྱེད་འཚོ་བ་དང་།
ཡུལ་སྲོལ་གོམས་བཤིས།
རིག་གནས་སྒྱུ་རྩལ།
དཔལ་འབྱོར་ཆ་རྐྱེན་ལ་
མཐོང་ཆེན་བྱས་ཏེ་མང་ཚོགས་ལ་ཕན་འབྲས་འབྱུང་བའི་གསར་འགྱུར་འགོད་དགོས།
༦གནད་དོན་ལ་བསམ་གཞིགས་དང་རྟོག་ཞིབ་བྱས་ཏེ་མི་དམངས་ཀྱི་ཆེད་དུ་དྲིལ་སྒྲོག་དང་།
གསར་འགྱུར་དཔྱད་གཞིའི་ཡིག་རིགས་ཨང་དང་
པོ་ཐོབ་ཐུབ་པ་དང་།
རང་རྒྱལ་གྱི་ལམ་ཕྱོགས་དང་།
བྱེད་ཕྱོགས།
སྲིད་ཇུས་དྲིལ་སྒྲོག་བྱེད་རྒྱུར་ཞབས་ཞུ་ཐུབ་པ།
དཀའ་ངལ་འཛེམ་མེད་དང་།
རྒྱུན་འཁྱོངས་ལྷོད་མེད།
འབད་པ་ཆེན་པོ་བཅས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།
༧རང་གི་ལས་རིགས་ལ་དགའ་ཞེན།
མང་ཚོགས་ཀྱི་འཚོ་བ་དང་།
ཁོར་ཡུག
བདེ་སྡུག་བཅས་ལ་འབྲེལ་བ་དམ་ཟབ་ཡོད་པའི་གསར་འགྱུར་
འགོད་པར་མཐོང་ཆེན་བྱས་ཏེ་ཞིང་འབྲོག་ས་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་དང་།
ཚན་རིག་གི་གསར་བརྡ།
སྲིད་ཇུས་བཟང་པོ།
གོ་སྐབས་བཟང་
པོ་བཅས་ལ་གཞིགས་ནས་བཅོས་སྒྱུར་གྱི་ཁ་ཕྱོགས་དང་མཐུན་པའི་གསར་འགྱུར་དྲིལ་སྒྲོག་གི་ལས་འགན་བཟང་འགྲུབ་ཡོང་བ་དགོས།
༨ཞིང་འབྲོག་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་།
ཞིང་འབྲོག་ལས་ཀྱི་གསར་སྤེལ་ལས་དོན་དང་མང་ཚོགས་ཕྱུག་བསྒྱུར་གྱི་ཉམས་མྱོང་
སོགས་ནང་དོན་ཕུན་སུམ་ཚོགས་པའི་གསར་འགྱུར་བཀོད་དེ།
ཐབས་སྣ་ཚོགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་དང་།
དཔལ་འབྱོར་འཕེལ་རྒྱས།
ཞིང་
འབྲོག་ཐོན་སྐྱེད་གོང་འཕེལ།
མི་རིགས་ཀྱི་རིག་གནས་དར་སྤེལ་སོགས་ཀྱི་ལས་དོན་ཐད་ནུས་ཤུགས་ཆེན་པོ་འདོན་དགོས།
༩རྩོད་སྒྲུབ་ཀྱི་ལྟ་བ་སྤྱད་ནས་ཁྱོན་ཡོངས་ནས་རྒྱུན་མཐུད་དང་།
འཕེལ་རྒྱས་ཀྱི་གནད་དོན་ལ་ལྟ་རྒྱུ་དང་།
གཙོ་བོ་དང་ཕལ་པ།
ཆ་ཤས་དང་
ཧྲིལ་པོ།
དྲང་ཕྱོགས་དང་ལྡོག་ཕྱོགས།
དོན་དངོས་དང་གོང་འཕེལ་བཅས་ལ་བསམ་གཞིགས་ཐུབ་པ་བྱས་ཏེ་དྲིལ་བསྒྲགས་ཀྱི་ལས་དོན་བཟང་
འགྲུབ་ཡོང་བ་དགོས།
༡༠བཅར་འདྲི་བྱེད་སྐབས་འཚོལ་སྡུད་བྱེད་ཐབས།
བསམ་གཞིགས་བྱེད་ཚུལ།
ལས་ཞུགས་གོ་རིམ་བཅས་ལ་དོ་སྣང་བྱས་ཏེ་བཅར་འདྲི་བྱེད་པའི་
གཙོ་ཕར་རང་གཞིན་དང་།
དགོས་ངེས་རང་བཞིན་དམ་འཛིན་བྱས་ནས་གྲ་སྒྲིག་ཡོད་པ་དང་།
དྲི་བ་ཡོད་པ།
ཕྲ་ཞིང་ཞིབ་པ།
གོ་རིམ་ཡོད་པ།
རྩོམ་ལ་བྱང་བ་བཅས་ཀྱིས་གསར་འགྱུར་གྱི་དངོས་དོན་བསྡུ་ལེན་དགོས།
༡༡གསར་འགྱུར་སྙན་སྒྲོག་པས་རྒྱུན་དུ་མ་ཡིག་ལ་གོ་བ་ཡག་པོ་ལོན་ཐབས་བྱས་ནས་ཚིག་མཚམས་དང་གཅོད་མཚམས།
སྒྲ་ཡི་མཐོ་དམའ།
འཇམ་སྙན་དང་དྲག་རྩུབ།
དབུགས་གཏོང་ལེན།
འདུག་སྟངས།
སྒྲ་གདངས་ཀྱི་དམ་ལྷོད་དང་།
རིང་ཐུང་།
མགྱོགས་
ཚད་བཅས་ལ་དོ་སྣང་བྱས་ཏེ་ནང་རོལ་ནས་ཤུགས་ཕྱུང་ཞིང་ཕྱི་རོལ་ནས་ཚུགས་ཟིན་པ་བྱས་ཏེ་ཡུལ་དེའི་སྐད་བཞིན་བཀླགས་ནས་མང་
ཚོགས་ཀྱི་རེ་བ་བཀོང་ཐུབ་པ་བྱེད་རྒྱུ་གལ་ཆེ།
£¨ལྡོང་གཡོ་ཚེ་རིང་བསམ་གྲུབ།£©¡þ¡þ
¡¡