༡
ནེའུ་ཊོན་(Newton牛顿)གྱི་རྡུལ་ཕྲན་སྨྲ་བ།
ནེའུ་ཊོན་གྱིས་འོད་ནི་འོད་ཀྱི་འབྱུང་ཁུངས་ནས་འཕྲོས་པའི་དངོས་པོའི་རྡུལ་ཕྲན་ཞིག་
ཡིན་ཞིང་།
འབྲེལ་རྫས་སྙོམས་པའི་ནང་དུ་མགྱོགས་ངོས་ཅན་ཞིག་གིས་ཁྱབ་པ་རེད་སྙམ།
༢
ཧེས་རྗེན་སི་(Huygens་Christiaan惠更斯)ཡི་རླབས་འགུལ་སྨྲ་བ།
ཁོང་གིས་འོད་ནི་འགུལ་བའི་རིགས་ཤིག་ཡིན་ལ།
རླབས་ཀྱི་
རྣམ་པས་ཁོར་ཡུག་ཏུ་ཁྱབ་པ་རེད་སྙམ།
འོད་ཀྱི་རྡུལ་ཕྲན་སྨྲ་བ་དང་རླབས་འགུལ་སྨྲ་བ་སོ་སོ་ལ་གྲུབ་འབྲས་ལེགས་པོ་ཞིག་ཡོད།
འོན་ཀྱང་།
རྡུལ་ཕྲན་སྨྲ་བ་དེས་འོད་ཐད་ཀར་མདུན་
དུ་སྐྱོད་པའི་སྣང་ཚུལ་ལ་འབྲེལ་བཤད་བྱེད་སླ་བ་མ་ཚད།
འོད་ཀྱི་ལྡོག་འཕྲོ་ལའང་འབྲེལ་བཤད་བྱེད་སླ།
ཡིན་ནའང་།
རྡུལ་ཕྲན་སྨྲ་བ་དེས་འོད་ཆུན་པོ་ཞིག་འབྲེལ་རྫས་རིགས་གཉིས་ཀྱི་འབྲེལ་མཚམས་འབྱེད་ངོས་སུ་འཕྲོས་པའི་དུས་མཉམ་དུ་བྱུང་བའི་ལྡོག་འཕྲོ་
དང་དཀྱོག་འཕྲོ།
འོད་ཆུན་པོ་འགའ་ཙམ་ཕན་ཚུན་བསྣོལ་ཏེ་འཛོམས་དུས་ཐོགས་རྡུགས་མེད་པར་ཕན་ཚུན་ཟང་ཐལ་དུ་འགྲོ་བ་སོགས་ལ་
འབྲེལ་བཤད་བྱེད་ཚེ་དཀའ་ཁག་ཆེན་པོ་ཐུག
རླབས་འགུལ་སྨྲ་བ་ཕྱི་མའི་སྣང་ཚུལ་དེ་དག་ལ་འབྲེལ་བཤད་བྱེད་པ་ཅུང་སླ་མོ་ཡིན།
འོན་ཀྱང་
རླབས་འགུལ་སྨྲ་བས་འོད་ཐད་ཀར་མདུན་དུ་བསྐྱོད་པའི་སྣང་ཚུལ་ལ་འབྲེལ་བཤད་བྱེད་ཚེ་དཀའ་ཁག་ཤིན་ཏུ་ཆེ་བ་ལྟར།
ནིའུ་ཊོན་སྙན་
གྲགས་ཆེ་བའི་དབང་གིས་རྡུལ་ཕྲན་སྨྲ་བ་དེ་ལོ་བརྒྱ་ཕྲག་ལྷག་གི་རིང་གཙོ་ཁྲིད་ཀྱི་གོ་གནས་བཟུང་བས་རླབས་འགུལ་སྨྲ་བ་འཕེལ་རྒྱས་ཆེར་
མ་སོང་།
དུས་རབས་བཅུ་དགུའི་སྐབས་སུ་མི་རྣམས་ཀྱིས་ཚོད་ལྟའི་རྟོག་ཞིབ་ལས་འོད་ཀྱི་ཐེ་གཏོགས་དང་།
འོད་ཀྱི་སྐོར་འཕྲོ་དངོས་སུ་མཐོང་
བས་དེ་ནི་རླབས་འགུལ་ཁྱད་ཆོས་ཤིག་ཡིན་ལ་རྡུལ་ཕྲན་སྨྲ་བས་འབྲེལ་བཤད་གཏན་ནས་བྱེད་མ་ཐུབ་པས།
དེ་ནས་བཟུང་རླབས་འགུལ་སྨྲ་བ་
ལ་ཀུན་གྱིས་ཁས་བླངས་སོ།
།
༣
མག་སི་ཝེལ་(Maxwell་James
Clerk麦克斯韦)གྱི་གློག་ཁབ་ལེན་སྨྲ་བ།
འོད་ཀྱི་རླབས་འགུལ་སྨྲ་བ་དེས་འོད་ཀྱི་ཐེ་གཏོགས་
དང་སྐོར་འཕྲོ།
འདར་ཡོམ་ལ་སོགས་པའི་སྣང་ཚུལ་ལ་འབྲེལ་བཤད་བྱས་པས་གྲུབ་འབྲས་ཆེན་པོ་ཐོབ།
འོན་ཀྱང་འོད་ཀྱི་རང་བཞིན་ལ་གནད་
དོན་ཆེན་པོ་ཞིག་ཡོད་པ་ནི་རླབས་ཁྱབ་གདལ་བྱེད་པའི་འབྲེལ་རྫས་དེ་ཡིན།
དུས་རབས་བཅུ་དགུའི་དུས་ལ་མག་སི་ཝེལ་གྱིས་གློག་ཁབ་ལེན་གྱི་
རིགས་པའི་བཞུང་ལུགས་ལ་ཞིབ་འཇུག་བྱེད་ཚེ།
འགྱུར་བའི་གློག་དང་།
འགྱུར་བའི་ཁབ་ལེན་ར་བ་ལྷན་གཅིག་ཏུ་འབྲེལ་ཏེ་གཅིག་གྱུར་གྱི་གློག་
ཁབ་ལེན་ར་བ་ཞིག་ཏུ་ཆགས་ཤིང་འབྱུང་གནས་དེ་ནས་གློག་ཁབ་ལེན་རླབས་ཕྲེང་གི་རྣམ་པས་མཐའ་སྐོར་དུ་ཁྱབ་གདལ་བཏང་།
དེ་མ་ཚད་
གཞུང་ལུགས་ཐོག་ནས་གློག་ཁབ་ལེན་རླབས་ཕྲེང་ཁྱབ་པའི་མགྱོགས་ཚད་དེ།
ཚོད་ལྟའི་ཁྲོད་དུ་དྲང་ཐིགས་བླངས་པའི་འོད་ཀྱི་མགྱོགས་ཚད་དང་
གཅིག་འདྲ་ཡིན་པ་ཤེས་ཐུབ།
c=3.0×108m/sགློག་ཁབ་ལེན་རླབས་ཕྲེང་ཁྱབ་གདལ་འགྲོ་བར་དངོས་པོ་གཞན་ཞིག་གིས་འབྲེལ་རྫས་བྱེད་མི་
དགོས།
ཅི་ཕྱིར་ཞེ་ན་འོད་ནི་འཕྲུལ་ཆས་རླབས་ཕྲེང་དང་ངོ་བོའི་ཐོག་གཏན་ནས་མི་འདྲ་བའི་རླབས་ཕྲེང་རིགས་ཤིག་ཡིན།
དེ་ལྟར་འོད་ཀྱི་
རླབས་འགུལ་སྨྲ་བ་དེས་རླབས་མཆེད་པའི་འབྲེལ་རྫས་ཀྱི་གནད་དོན་ཐོག་ཏུ་ཐུག་པའི་དཀའ་ཁག་སེལ་བར་བྱས།
༤
ཨེ་ཨིན་སི་ཊེན་(Einstein
Albert爱因斯坦)གྱི་འོད་རྡུལ་སྨྲ་བ།
འོད་ཀྱི་གློག་ཁབ་ལེན་སྨྲ་བ་དེས་འོད་ཀྱི་རླབས་འགུལ་གཞུང་
ལུགས་ཕུན་སུམ་ཚོགས་པར་འཕེལ་རྒྱས་སུ་བཏང་ཞིང་གྲུབ་འབྲས་ཆེན་པོ་ལེན་དུ་བཅུག
ཡིན་ནའང་གཞུང་ལུགས་དེ་ད་དུང་ཆ་མ་ཚང་བས་
འོད་ཀྱི་སྣང་ཚུལ་ཡོངས་རྫོགས་ལ་འབྲེལ་བཤད་མ་ཐུབ་པར་མ་ཚད།
འོད་གློག་ནུས་སྣང་གི་ཆོས་ཉིད་དེ་གསུང་རབས་རང་བཞིན་ལྡན་པའི་
རླབས་འགུལ་གཞུང་ལུགས་ཀྱིས་འབྲེལ་བཤད་བྱེད་ཐབས་བྲལ་ཞིང་།
གློག་ཁབ་ལེན་སྨྲ་བ་ལ་སེལ་ཐབས་བྲལ་བའི་དཀའ་ཁག་ཆེ་བར་འཕྲད་དུ་
བཅུག
༡༩༠༠ལོར་ཕི་ལན་ཁི་(plank)གློག་ཁབ་ལེན་འཕྲོ་བའི་ནུས་ཚད་འགྲེལ་ཚུལ་ལ་ཞིབ་འཇུག་བྱེད་ཚེ་རྙེད་པ་ནི།
གློག་ཁབ་ལེན་རླབས་ཕྲེང་
འགྱེད་པ་དང་བསྡུ་ལེན་དེ་རྒྱུན་གཅིག་མ་ཡིན་པར་མཚམས་རེ་མཚམས་རེ་བྱེད་ཅིང་།
མཚམས་རེའི་ནུས་ཚད་E=hυའདྲ་མཚུངས་ཡིན་པ་
དང་υནི་འོད་ཀྱི་འགུལ་ཚད་དང་hནི་གཏན་ཚད་ཟེར།
དེ་ལ་ལ་ལས་ཕི་ལན་ཁི་གཏན་ཚད་ཟེར་ཞིང་h=6.63×10-34J/sཡིན།
ཨེ་ཨིན་སི་
ཊེན་གྱིས་༡༩༠༥ལོར་འོད་གློག་ནུས་སྣང་གི་ཆོས་ཉིད་འགྲེལ་བཤད་བྱས་པ་འདི་ལྟ་སྟེ།
བར་སྣང་དབྱིངས་སུ་ཁྱབ་ཡོད་པའི་འོད་ཟེར་དེ་ཡང་
རྒྱུན་གཅིག་མ་ཡིན་པར།
མཚམས་རེ་མཚམས་རེ་ཡིན།
འོད་ཟེར་མཚམས་རེ་ལ་འོད་རྡུལ་གཅིག་ཟེར།
འོད་རྡུལ་ནུས་ཚད་ནི་དེ་ཉིད་ཀྱི་འགུལ་
ཚད་དང་བསྡུར་ཚད་དངོས་མར་གྱུར་ཏེ་E=hυཡིན།
ཁོང་གིས་ཚོད་ལྟའི་དོན་དངོས་ད་དུང་དེ་ཙམ་ལེགས་པོ་མེད་པའི་གནས་ཚུལ་འོག་ཏུ་
ཚོད་དཔག་འདི་ལས་ཐོབ་པའི་སྡོམ་ཚིག་ཡོད་ཚད་རྗེས་མའི་ཚོད་ལྟའི་འབྲས་བུ་དང་མཐུན།
འོད་རྡུལ་སྨྲ་བ་དེས་འོད་གློག་ནུས་སྣང་ལ་འགྲེལ་
བཤད་ཡག་པོ་ཞིག་གནང་།
(བཀྲ་ཤིས་རྒྱལ་མཚན་གྱིས་བཏུས་ཤིང་བསྒྱུར།)〓〓