¡¡

༄༅། །ཉེར་མཁོ་དེབ་དང་པོ།

ཁམས་སྐད།

   དཀར་ཆག  ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།

¡þ¡þ£¨ཁག་དང་པོ།£©

 ཀ་གྲ། འབྲོག་པས་རུ་འགེལ་སྐབས་ཀ་བ་དང་སྦྲ་རྡེབ། སྣོད་ཁྲི་སོགས་ཤིང་ཆ་སྒྲོག་པ།
 
ཀླད་སྒམ། སྟེང་ངམ་མཐོ་སར་ཡོད་པའི་སྒམ་མམ་སྒམ་དང་འདྲ་བ་ལ་ཟེར། ཀླད་མཐིལ་ཐད་དང་། རླངས་འཁོར་ཁ་ལོ་པའི་ཀླད་ཀྱི་སྒམ།
 
དཀར་པོ་ཁ་ལོག འབྲི་ལ་འོ་མ་ཉུང་ངུ་ལས་མེད་པ་དང་། འོ་མ་རྒྱུན་དུ་རུལ་བའམ་ལད་པ། ཞོ་མི་ཆགས་པ། འོ་མ་མང་རུང་མར་ཉུང་ངུ་
ལས་མི་ལོན་པ་སོགས་ལ་ཟེར།

 
རྐུ་ཕྱི་ནང་ཅན། ཉེ་འབྲེལ་ཁྱིམ་མཚེས་སམ་སྡེ་པ་ནང་ཁུལ་ནས་རྐུ་མི་བྱེད་ཅིང་། རྒྱང་རིང་ས་ནས་རྐུ་བྱེད་མཁན།
 
རྐུ་ཕྱི་ནང་མེད་པ། ཉེ་འབྲེལ་ཁྱིམ་མཚེས་སོགས་དབྱེ་བ་ཅི་ཡང་མེད་པར་རྐུ་རྐྱང་བྱེད་མཁན།
 
སྐོར་ཕུད། འབྲི་བཏགས་ནས་གཡག་ལ་སྦྱོར་དུ་འཇུག་པ་ལ་མགོ་བཟུང་ཡང་ཟེར།
 
སྐོར་ཕུར། འབྲི་སྐོར་ཕུད་སའི་ཕུར་པའམ། ཁྱི་སྐོར་སའི་ཕུར་པ་རིང་པོ།
 
སྐྱ་ཁྲ། ༡ཁ་དོག་སྐྱ་བོས་ཁྲ་དོད་པ། ༢བྱེའུ་ཟ་མཁན་གྱི་བྱ་ཁྲ།
 
སྐྱིད་སྡུག་ཟད། བཟང་ངན་དང་ཁྲེལ་གཞུངས་མེད་པ།
 
སྐྱེ་གཟེར། ཕྲུ་གུ་བཙའ་ཁར་མ་ལ་ལྡང་བའི་གཟེར་ཟུག
 
སྐྲངས་ཐོ། སྐྲངས་ནས་འབུར་འབུར་སྲ་མོ་ཆགས་པ།
 
སྐྲངས་འབུར། སྐྲངས་པ་འབུར་འབུར།
 
ཁ་གྲག་ཆད། མི་འཆི་ཁར་ཁ་གྲག་མི་ཐུབ་པ།
 
ཁ་གཏམ་ཆད། ༡མི་འཆི་ཁར་ཁ་གྲག་མི་ཐུབ་པ། ༢འཁོན་ཞུགས་ནས་ཕན་ཚུན་ཁ་མི་གྲག་པ།
 
ཁ་ལན་ཆད། ༡མི་འཆི་ཁར་ཁ་གྲག་མི་ཐུབ་པ། ༢འཁོན་ཞུགས་ནས་ཕན་ཚུན་ཁ་མི་གྲག་པ། ༣སྐད་ཆའི་ལན་སྨྲ་རྒྱུ་མེད་པ།
 
གཏམ་ལན་ཆད། ༡འཁོན་ཞུགས་ནས་ཕན་ཚུན་ཁ་མི་གྲག་པ། འདི་ལ་ཁ་ཡ་མེད་དམ་ཁ་ཕྱེ་མེད་ཀྱང་ཟེར། ༢སྐད་ཆའི་ལན་སྨྲ་རྒྱུ་མེད་པ།
 
ཁ་གྲག་མེད། ༡མི་འཆི་ཁར་ཁ་གྲག་མི་ཐུབ་པ། ༢འཁོན་ཞུགས་ནས་ཕན་ཚུན་ཁ་མི་གྲག་པ།
 
ཁ་གཏམ་མེད། ༡མི་འཆི་ཁར་ཁ་གྲག་མི་ཐུབ་པ། ༢འཁོན་ཞུགས་ནས་ཕན་ཚུན་ཁ་མི་གྲག་པ།
 
ཁ་ཉུང་མཆུ་ཏིག གང་བྱུང་གི་གཏམ་མི་སྨྲ་བ།
 
ཁ་ལོག སྔ་མ་ལས་ལྡོག་པ།
 
ཁ་ལོབ། གོམས་གཤིས་སུ་ཆགས་པ་སྟེ། ཕྱུགས་ཟོག་ཁ་ལོབ་ནས་སྔོ་ཐོག་ཏུ་རྒྱུག་ལྟ་བུ།
 
ཁམས་བདེ་ཞུ། མི་ཆེན་བླ་དཔོན་ནམ་ཕ་མ་དང་སློབ་དཔོན་ཕེབས་ཁར་བཀྲ་ཤིས་སྨོན་འདུན་ཞུའམ་ཕེབས་སྐྱེལ་ཞུ་བ། ཡང་ན་རང་ཉིད་
འགྲོ་ཁར་མི་ཆེན་བླ་དཔོན་ནམ་ཕ་མ་དང་སློབ་དཔོན་ལ་སྨོན་འདུན་ཞུ་བ།

 
ཁུག་འགྲོགས། ནོར་ལུག་ཁྱུ་ཞིག་སྔ་མའི་ཁ་ཕྱོགས་ལྡོག་ནས་ཚ་འགྲོགས་ཏེ་གློ་བུར་དུ་ཐག་ཉེ་ཙམ་དུ་བྲོས་པ།
 
ཁུག་བསྲང་། ལམ་དང་གྱང་སོགས་ཁུག་བསྐོང་བ།
 
ཁུངས་ཆོད། སྐུལ་ཚིག་གི་དབང་དུ་བྱས་པ་རྩ་བའམ་ཁུངས་གང་ཡིན་རྩད་གཅོད་དགོས་ཞེས་པའི་དོན། འདས་པའི་དབང་དུ་བྱས་པ་
རྩ་བའམ་ཁུངས་གང་ཡིན་ཐག་ཆོད་པ།

 
ཁུལ་རྡེབ་བྱེད། ནོར་དང་ར་ཡི་ཁུ་ལུ་དབྱུ་གུས་རྡེབ་ནས་གསེད་པ།
 ཁོལ་རྡེབ་བྱེད། མེ་གཏོང་བྱེད་ཁོལ་མོ་གློ་བུར་དུ་ཤུགས་སྐྱེད་ནས་སྤུར་བ།

£¨ཀུན་དགའ་ཚེ་རིང་གིས་བསྡུས།£©¡þ¡þ
¡¡

 དཀར་ཆག ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།

¡¡