༡
དཀར་དཀར་ཀོ་ཀོ་དྲིལ་སྒྲོ་གཟུགས།
ལྟོགས་དུས་མི་ཤི་བརྒྱགས་དུས་ཤི།
༢
རྒྱ་ཡི་ཇ་ཁུག་ནག་པོ་ལ།
སྟོང་སྐུད་དམར་པོའི་ཁ་སྒྲོག་ཅན།
༣
སྔོ་རིལ་ཉ་དམར་ཚག་ཚག་ཚག
འགྲོ་དུས་མགོ་འགེག་ལིང་ལིང་ལིང་།
༤
ས་དམར་རི་དམར་ཁུག་སོ་ལ།
སྦྲུལ་སེར་པོ་ཞིག་གིས་ཁུག་ཉལ་བྱས།
དེའི་སྟེང་དུ་སྨྱུག་རྒོད་ཚིགས་གསུམ་འཚར།
དེའི་སྟེང་དུ་གཡང་མོ་ལུག་ཅིག་ཉལ།
༥
ཉིན་འགྲོ་མཚན་འདུག་མ།
སྐེ་རགས་རྔ་བཅིང་མ།
༦
སྤྱང་མོ་སྔོན་མོ་ལྕགས་ཀྱི་མཆེ་བ་ཅན།
ཧ་སྒྲ་ཧུར་སྒྲ་སྒྲོག་ཅིང་རྩམ་པ་ཟ།
༧
གཡུ་སྒོང་ཞིག་ལ་མཚལ་མིག
༨
ཁུལ་ཁྲལ་ཞིག་ལ་གསེར་མིག
༩
ཁ་གནམ་དུ་གདངས།
སྟག་རལ་རྒྱབ་ལ་འཕངས།
༡༠
ཟ་མི་ཤེས་སྦྱིན་དགོས།
གཏོང་མི་ཤེས་འདྲུ་དགོས།
༡༡
དུད་ཕྱུག་པོའི་རུ་བ་སྤོས་ཤུལ་ལ།
ཆུ་ཟོམ་བརྒྱ་དང་བརྒྱད་བཅུ་ཡོད།
༡༢
ཤ་ཆེན་ལྔ་ཡི་རི་མགོ་ལ།
ཤིང་ཆེན་རྒྱ་མཚོ་མེར་རེ་རེ།
༡༣
ལྡེབ་ཀྱི་དང་པོ་སྤུ་རིལ་ཐོད་ཉག
རིལ་མ་གཉིས་ཀྱིས་བྲོ་འཁྲབ།
༡༤
རྒྱ་ཡི་མི་དམར་རྟ་སེར་ཅན།
བོད་ཀྱི་རི་མགོ་གང་མཐོ་འགྲིམ།
༡༥
རྒྱ་གར་ཡུལ་ནས་བྱ་དཀར་འཕུར།
རྒྱ་ནག་ཡུལ་ནས་བྱ་ནག་འཕུར།
ནམ་མཁའི་དཀྱིལ་ལ་སྦར་འཛིང་གཏུག
༡༦
ཕ་ར་རྩག་ཅན།
བུ་ཕྱིང་རྩག་ཅན།
བུ་ཡིས་ཕ་བརྡུངས།
ཕ་ཨོ་ངར་བརྒྱབ།
༡༧
རྒྱ་ཡི་བུ་མོ་སྤུན་གཉིས་ཀྱིས།
མཁུར་ར་བཏུགས་ཤིང་གླུ་ལེན།
༡༨
ལྕགས་སྟན་གྲུ་གཞིའི་གདན་ཐོག་ལ།
འཛེར་དཀར་བརྩི་བརྩི་གྲངས་མེད་ཡོད།
བརྩིས་ན་བརྩིས་གྲངས་ཐེབས་ས་མེད།
༡༩
བྱང་ཨ་ཆེན་ཐང་གི་ཐང་སྟོད་ན།
ཝ་ག་མ་ཤི་བའི་འགྲམ་ཡ་ཡོད།
༢༠
བྲག་ཐོག་གླ་བ་སྐྱ་སྐེ་མ།
ལྷུང་ལ་ཁད་ལ་ལྷུང་རྒྱུ་མེད།
༢༡
སྐྱ་ཀ་ཁྲ་མོ་ཁུང་དུ་འཛུལ།
གཞུག་སྒྲོ་ལེབ་མོས་ཁུང་སྒོ་བཅད།
༢༢
དཀྱིལ་འཁོར་བར་སྣང་ཁམས་སུ་ཡོད།
ལྷ་བཟོ་དཀྱིལ་འཁོར་སྟེང་དུ་ཡོད།
༢༣
ཨ་ཡུ་ཨོང་ཡུ་རྔ་རིང་མ།
ལུང་པ་མང་པོའི་ཆུ་འཐུང་མ།
༢༤
ཨ་ལེབ་ལེབ་མོ་ལེབས་སེ་ལེབ།
དུང་གི་ཞགས་པ་འཁྱིལ་སེ་འཁྱིལ།
གཡུ་བྱ་སྔོན་མོ་ལྡེམས་སེ་ལྡེམ།
༢༥
ཨ་ཐོ་ཐོ།
འབོ་ཐོ་ཐོ།
འབུ་ཁུང་བདུན་ཐོ་ཐོ།
༢༦
ཨ་ཡུ་གཅིག་ལ་སྣ་ཐག་བརྒྱ།
༢༧
སྟག་མིན་ཏེ་སྟག་རིས་ཁྱུགས་སེ་ཁྱུག
གཟིག་མིན་ཏེ་གཟིག་རིས་ཁྱུགས་སེ་ཁྱུག
ཕ་བླ་མ་མིན་ཏེ་དུང་དཀར་འབུད།
བྱ་བྱེའུ་མིན་ཏེ་དགུང་དུ་འཕུར།
༢༨
རྡེའུ་བརྒྱའི་དང་པོ་མཐེ་བོང་ཙམ།
རྟེན་འབྲེལ་ཐོགས་པའི་མིང་དྲུག་ཡོད།
༢༩
ལུག་ཨ་མོན་རྭ་ཅོ་ཐད་དུ་སྐྱེས།
ཟོས་ཚད་འཐུང་ཚད་ལྟག་པའི་དཀྱིལ་ནས་སྐྱ་སྤུ་རུ་རུ།
༣༠
ཁྱི་མོ་དམར་མོ་ཉལ་ཤུལ་ལ།
མི་ལོ་གསུམ་ལ་རྩྭ་མི་སྐྱེ།
༣༡
མགོ་འཇུག་གཉིས་དེ་རྩེ་མོ།
སྔོན་རྒྱབ་གཉིས་དེ་ཕོ་བ།
༣༢
རྒྱ་ནག་ཡུལ་ནས་བྱ་ཞིག་འཕུར།
རྒྱ་མཚོའི་དཀྱིལ་ནས་ཧུབ་གང་འཐུང་།
ཕྱིང་དཀར་དཀྱིལ་དུ་རྗེས་ཤིག་བཞག
སྤང་དཀར་དཀྱིལ་ལ་ངལ་ཞིག་བསོས།
(ལན་འདི་ལ་གཟིགས།)
(བེ་རི་བསྟན་པའི་རྒྱལ་མཚན་གྱིས་བསྡུས།)¡þ¡þ
¡¡