¡¡

༄༅། །ཉེར་མཁོ་དེབ་དང་པོ།

གཏམ་དཔེ།

   དཀར་ཆག ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།

  གཏམ་དཔེ་གཏམ་གྱི་རྒྱན་ཡིན། བཀོད་མ་ཤེས་གཏམ་གྱི་གདོན་ཡིན།

  ཚིག་བརྒྱ་སྟོང་བཤད་པའི་མདོ་རྩ། སྒ་ལྷུ་བཞི་སྡོམ་པའི་འཛེར་ཐག

  ཕ་ཐོབ་གསེར་གྱི་རལ་གྲི། མ་ཐོབ་མཛོ་མོའི་ནུ་བཞི།

  ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཤ་ཚ་མོའི་གཏམ་ལ་སྙན་པོ་མེད།

  འདི་ཕྱི་གསེར་ནག་གི་ཐག་པ། ཁྱོད་བླ་མའི་ལག་ནས་ཆད་མ་མྱོང་།

  དམ་ཚིག་ཤེལ་དཀར་གྱི་སྒོ་ང་། ང་སློབ་མའི་ལག་ནས་ཆག་མ་མྱོང་།

  རང་ཐོག་ཁུག་མ་ཁ་བསུམ། མི་ཐོག་པདྨ་ཁ་ཕྱེ།

  དགྲ་ལན་པོ་མེད་ན་ཝ་མོ་འདྲ། ཟས་ལན་པོ་མེད་ན་ཁྲམ་པ་འདྲ།

  ཝ་རྔ་མ་དྲུད་ནས་བྲོས་པ་ལས། སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ།

  བླ་མ་ཡིན་པའི་ལུང་བསྟན། གཅན་གཟན་ཡིན་པའི་རྫི་སྣོམ།

 ༡༠ རྟ་གོམ་པ་ཅན་ལ་ལྕག་གཅིག བུ་གོ་བ་ཅན་ལ་ཚིག་གཅིག

 ༡༡ གྲོགས་བཟང་པོ་སྨན་གྱི་ལྗོན་པ། གྲོགས་ངན་པ་དུག་གི་སྡོང་པོ།

 ༡༢ ཚིག་ཐག་ཐུང་ཐུང་བཤད་བདེ་བ་ཞིག སྐས་ཐག་ཐུང་ཐུང་འབབ་བདེ་བ་ཞིག

 ༡༣ སྒྱེད་པུ་ལས་ས་ངོ་མི་ཤེས། ཨ་མ་ལས་མི་ངོ་མི་ཤེས།

 

  མཆན།

 འཛེར། དངོས་པོ་གཉིས་ཐག་པ་དང་འཛེར་མ་སོགས་ཀྱིས་ཕན་ཚུན་སྦྲེལ་བའི་དོན་ཏེ། ཤིང་འཛེར་མས་འཛེར། ལྷམ་ཞབས་རྩིད་སྐུད་
ཀྱིས་འཛེར་ལྟ་བུ།

 འཛེར་ཐག དངོས་པོ་གཉིས་ཕན་ཚུན་སྦྲེལ་བྱེད་ཀྱི་ཐག་པའམ་སྐུད་པ་སོགས།

 

£¨དར་རྒྱས་ཀྱིས་བསྡུས།£©¡þ¡þ
¡¡

 དཀར་ཆག ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།