¡¡

༄༅། །ཉེར་མཁོ་དེབ་དང་པོ།

ཡུལ་སྲོལ་སྐོར། 

   དཀར་ཆག  ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།

  དུར་འཇུག
 
སྤྱིར་མི་གྲོངས་ནས་ཞག་གསུམ་གྱི་བར་ཁྱིམ་དུ་འཇོག དེ་ནས་སྐར་རྩིས་དང་བསྟུན་པའི་བཅོས་ཀ་རིམ་གྲོ་བྱས་ཏེ་དུར་ཁྲོད་དུ་བྱ་ལ་སྦྱིན་པའམ་
ཆུར་བསྐྱལ་ནས་ཉ་ལ་སྦྱིན་པ་ནི་ཚེ་གང་པོར་གཞན་ཕན་དགེ་བ་བསྒྲུབས་པའི་ཐ་མ་ཤ་ཁྲག་དེའང་བྱའམ་ཉ་ལ་སྟེར་
(རྒན་དར་བྱ་དང་བྱིས་པ་ཉ་
ལ་སྟེར་བ་ཅུང་མང་
)བ་ཡིན། གྲིར་གྲོངས་པ་ཡིན་ན་དུར་ཁྲོད་ཡན་པ་ཞིག་ཏུ་སྐྱེལ། འགོས་ནད་ཅན་ཡིན་ན་ས་འོག་ཏུ་སྦ་བའམ་མེར་བསྲེག བླ་ཆེན་
སོགས་དམིགས་བསམ་ཡིན།

  སྲོག་ཆགས་ཆུང་བའི་རིགས་ཟ་བར་འཛེམས།
  ནོར་དང་། ལུག ཕག་སོགས་སྲོག་ཆགས་ཆེ་གྲས་རིགས་མ་གཏོགས་པའི་སྲོག་ཆགས་ཀྱི་ལུས་ཇི་ཙམ་ཆུང་ན་དེ་ཙམ་མི་ཟ་བར་འཛེམས། རྒྱུ་མཚན་
ནི་སྲོག་ཆགས་ཆེ་གྲས་གཅིག་བསད་ན་ཤ་མང་པོ་ཡོད་པས་སྲོག་གཅོད་གྲངས་ཉུང་ལ།
ཆུང་གྲས་མང་པོ་བསད་ནས་ལྟོ་འགྲངས་དགོས་པས་སྲོག་
གྲངས་མང་ན་སྡིག་པ་མང་བར་བརྩི།

  མེ་ཏོག་དང་སྒོ་ང་སོགས་མི་བརླག་པའི་སློབ་གསོ།
 
བྱིས་པ་ཆུང་ཆུང་རྣམས་ལ། ཁྱོད་རྗེས་སུ་ཤི་རྗེས་གཤིན་རྗེ་ཆོས་རྒྱལ་གྱིས། ཁྱོད་ཀྱིས་རི་ཁའི་རི་རྒྱན་ཨེ་བཏོགས། ཆུ་ནང་ཉ་མོ་ཨེ་བསད། བྲག་ནང་
སྒོ་ང་ཨེ་བཅག
ཅེས་འདྲི་ཡོང་བས་མེ་ཏོག་འཐུ་བ་དང་སྒོ་ང་བཅག་པ། ཉ་གསོད་པ་སོགས་བྱས་ན་ཆད་པ་ནན་མོ་གཅོད། གལ་ཏེ་ཁྱོད་ཀྱིས་བརྫུན་
བཤད་ན་གཤིན་རྗེའི་མེ་ལོང་དུ་བལྟས་ན་གསལ་པོར་མཐོང་བས་མགོ་སྐོར་མི་ཐུབ།
བརྫུན་བཤད་ན་ཆད་པ་དེ་ལས་ལྗི་བ་གཅོད་ཟེར་ནས་སྲོག་
ཆགས་དང་རྩི་ཤིང་ལ་མི་གནོད་པའི་འཇིགས་སྐུལ་སོགས་ཆུང་བྱིས་པའི་སྐབས་ནས་སྡིག་པ་མི་སྒྲུབ་པ་དང་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་གང་
འོས་བྱེད།

  རྩི་ཤིང་འཐུས་ན་རང་གི་ཚེ་ཐུང་བར་བརྩི།
  སྲོག་ཆགས་ཀྱི་སྲོག་གཅོད་པ་དང་། ཤིང་གཅོད་པ། རྩྭ་འཐུ་བ་སོགས་བྱས་ན་རང་གི་ཚེ་ཐུང་དུ་འགྲོ་ཞེས་འཛེམས།  བསད་ཤ་དང་ཤི་ཤ་བར་
བཟང་ངན་བརྩི་བ།
  སེམས་ཅན་དབུགས་འཕྲོག་པའི་ཤ་ཟོས་ན་རང་རྒྱུད་དུ་འཇིགས་སྣང་དང་ཞེ་སྡང་ཆེ་ཞིང་ཚེ་ཐུང་ལ་སྡིག་པ་ཡང་ཆེ། རང་
བཞིན་གྱིས་ཤི་བའི་ཤ་ཟོས་ན་སྡིག་པ་དེ་ཙམ་མེད་པར་བརྩི།

  ཉིན་ཤ་འཛེམས་པ།
 
ཉིན་ཤ་ཞེས་པ་ནི་སྲོག་ཆགས་བསད་ནས་ཞག་གཅིག་མ་ལོན་པའི་ཤ་ལ་ཟེར། ཉིན་ཤ་ཟོས་ན་སྡིག་པ་ཆེ་བ་དང་བཙོག་པར་བརྩིས་ནས་འཛེམས།

  ཤ་གཅོད་སྟངས།
 
མི་ཁ་ཤས་ཀྱིས་མི་ཚེ་གང་པོར་ཤ་གཅོད་མཁན་ཡོད་ལ། ཁ་ཤས་ཀྱིས་ས་ག་ཟླ་བ་ལྟ་བུ་ཟླ་རེར་ཤ་མི་ཟ་བ། ཡང་ན་ཚེས་བཅོ་ལྔ་དང་གནམ་གང་
ལྟ་བུ་དུས་དང་བསྟུན་ཤ་མི་ཟ་བ།
སྨན་དང་བྱིན་རྟེན་རྩ་ཆེན་ཟ་སྐབས་ཤ་མི་ཟ་བ། སྨྱུང་གནས་སོགས་ཆོས་ཀྱི་ཆོ་ག་འགའ་རེའི་སྐབས་ཁོ་ནར་ཤ་
གཅོད་པ།
ཁ་ཤས་ཀྱིས་བསད་ཤ་མི་ཟ་ཞིང་ཤི་ཤ་ཟ་མཁན་བཅས་ཡོད།

  ཐབ་ས་རྒྱག་སྟངས།
 
མེ་འབུད་སྐབས་སྤང་གསར་པ་ལ་ཐབ་ས་གསར་དུ་རྒྱབ་ན་སྡིག་ཆེ་བར་བརྩིས་ཏེ། མེ་འབུད་སྐབས་སྔོན་གྱི་མེ་ཤུལ་ཡོད་ན་རབ་དང་། དེ་ལྟར་མ་
རྙེད་པ་གྲམ་རོང་དང་གད་ཁུང་སོགས་འབུ་སྲིན་མེད་ས་དང་རྩི་ཤིང་མི་བརླག་སར་མེ་འབུད།
འབྲོག་པས་མཚེར་ས་གསར་དུ་རྒྱག་པ་ལའང་འཛེམ།

  ཟས་དང་སྣོད་མི་འགོམས་པ།
 
ཟས་དང་ཟས་སྣོད། ཐབ་ཀ རྒྱ་མ། བྲེ་སོགས་རྫི་བ་དང་འགོམས་ཡུགས་སུ་བཏང་ན་ཟས་ལྷ་མནོལ་བའམ་ཟས་ལས་(ལྷས་)བཀུག་འགྲོ་ཞེས་འཛེམས།

  གཙང་སར་གཅིན་སྐྱག་མི་གཏོང་བ།
 
མི་མང་འགྲོ་འདུག་བྱེད་ས་དང་། ལམ། སྤང་ཐང་། ཆུ། རྩི་མེ་ཏོག་སྐྱེ་ས་སོགས་སྲོག་ཆགས་མང་ས་དང་། གཙང་ཞིང་ཉམས་དགའ་སར་གཅིན་སྐྱག་
བཏང་ན་སྡིག་ཉེས་ཆེ་བར་བརྩི།
གཏམ་དཔེ་ལ། སྡིག་པའི་ཕོར་ཁ་མ་གང་ན། །སྤང་རློན་སྟེང་དུ་དབྱུག་པ་རྒྱོབ། །དམར་མོའི་མཐུ་ཁ་མ་གང་ན། །རྒྱ་
ལམ་ནང་དུ་སྐྱག་པ་གཏོང་།
།ཟེར།

  སྲོག་ཆགས་ཆུང་ངུ་མི་གསོད་པ།
 
ཁ་ཟས་དང་སྨན་གྱི་ཆེད་དུ་གསོད་པའི་སྲོག་ཆགས་མ་གཏོགས་པའི་དོན་མེད་སྲོག་ཆགས་ཆུང་ངུ་གང་ཡང་མི་གསོད། ཟས་དང་སྨན་གྱི་ཆེད་དུ་
གསོད་པའང་ཇི་ཙམ་ཉུང་ཐུབ་ན་དེ་ཙམ་ཉུང་དུ་གཏོང་།

  ཉེ་འབྲེལ་བར་གཉེན་མི་སྒྲིག་པ།
 
ཕ་ཉེ་དང་མ་ཉེ་གང་ཡིན་རུང་ཉེ་འབྲེལ་ཡིན་པ་ཤེས་ཙམ་ཚུན་ཆད་གཉེན་མི་བསྒྲིགས་ལ། མ་མཐར་ཡང་མི་རབས་བདུན་ཚུན་གྱི་ཉེ་འབྲེལ་བར་
གཉེན་མི་བྱེད།
དེ་ལས་འདས་ན་མི་ཆོས་དང་བྲལ་བའི་ཁྲེལ་མེད་དུ་བརྩི།

  སྒྲ་སྙན་མོ་དགེ་བར་བརྩི་བ།
 
སྲོག་ཆགས་ཀྱི་རྣ་ལམ་དུ་མ་ཎི་རྒྱང་འབོད་དང་། མགུར་དབྱངས། ཡང་ན་གླིང་བུ་སོགས་སྒྲ་སྙན་མོ་བཏང་ན་དགེ་བ་ཡོད་པར་བརྩི།

  འུར་ཀ
 
འུར་ཀ་ལ་འུར་ཆའམ་འུར་ཐག་ཅེས་བྱ། དེ་ནི་རྡོ་འཕེན་བྱེད་ཀྱི་ཐག་པ་ལ་བྱ། དེའང་མཛུབ་མོའམ་གུང་མོ་བཀོན་ས་ལ་དཔའ་ལུང་དང་། དེ་དང་
འབྲེལ་བའི་འུར་ཐག་སྟོད་ཕྱེད་ལ་ཡ་མཆོག
འུར་ཐག་ཉིས་བཀུག་བྱས་པའི་དཀྱིལ་ཏེ་འུར་རྡོ་འཇོག་ས་ལ་འུར་མཐིལ། ཉིས་ཁུག་གི་སྨད་ཕྱེད་ལ་
མ་མཆོག
མ་མཆོག་གི་སྣེ་ལ་སྦྱར་བའི་སྣེ་མོ་ལ་ཚར་ལྕེ་ཟེར་ཞིང་འདིས་རྡོ་ཐད་ཀར་གཏོང་བ་དང་ཚག་སྒྲ་སྒྲོག་པ་བཅས་ཀྱི་ནུས་པ་འདོན་ལ་རྙིང་
པ་ཟད་རྗེས་སྐྱར་དུ་བརྗེ།
འུར་རྡོ་ཞེས་པ་ནི། འུར་ཐག་དེར་འཕེན་རྒྱུའི་རྡོའམ་འུར་ཐག་གིས་འཕངས་པའི་རྡོ་ལ་བྱ། འདི་ཉིད་བོད་ཀྱི་དབང་མཛད་
དྲུག་པའི་སྐབས་སུ་དར་བ་བོད་སྔ་རབས་ཀྱི་ལོ་རྒྱུས་སུ་གསལ།
གླིང་གེ་སར་རྒྱལ་པོའི་སྐབས་སུ་ཁོང་སྐུ་ན་ཆུང་དུས་འུར་རྡོས་བདུད་བཏུལ་ཚུལ་
དང་ཨ་བྲ་བསད་ཚུལ་སོགས་ཀྱང་གླིང་སྒྲུང་དུ་ཡོད་ལ།
དགྲ་ལྷའི་གོ་མཚོན་སྣ་དགུ་ལས་གཅིག་ཡིན། ད་དུང་། མཚོན་ཆ་ནང་གི་སྔ་བ་ཡིན། །མྱུར་
མགྱོགས་གང་གི་ཚ་བ་ཡིན།
།ཐང་ལྷོད་ནང་གི་རན་པ་ཡིན། །རྟེན་འབྲེལ་ནང་གི་ཆེ་བ་ཡིན། །ཞེས་ཟེར།  གནའ་བོའི་སྐབས་སུ་མཚོན་ཆ་བྱེད་པས་
བྱང་ཆ་ཐོན་ན་གནད་ལ་ཕོག་པོ་ཡོད་པ་ལས་བྱང་ཆ་མེད་ན་དེ་འདྲའི་གནད་ལ་རྡེག་བདེ་མོའང་མིན།
གཙོ་བོ་ནོར་ལུག་འདེད་བྱེད་ལ་ཤིན་ཏུ་རན་
ཏེ།
ནོར་ཆེ་བ་ལ་ཤུགས་ཆེ་ཙམ་དང་། ལུག་སོགས་ཆུང་བའི་རིགས་ལ་ཤུགས་ཆུང་ཙམ་བྱེད་པ། གནད་ལ་རྡེག་མ་དགོས་ན་སྦུར་སྒྲ་བསྒྲགས་ནས་
སྐྲག་འདོན་པ།
རྒྱང་རིང་ན་རིང་སར་འཕེན་ལུགས་དང་ཐུང་ན་ཐུང་སར་འཕེན་ལུགས་ཡོད། ད་དུང་རྒྱང་རིང་དུ་འཕེན་པ་དང་། འབེན་ལ་འཕེན་
པ།
གནམ་རྡོ་འཕེན་པ། ཚ་ཀག་བྱེད་པ། སྦུར་སྒྲ་སྒྲོག་པ་སོགས་རྩེད་མོའི་རིགས་མང་པོ་རྩེ་ཞིང་། དུས་རྒྱུན་རྫི་འགོམ་མི་བྱེད་པར་མཐོ་སར་འཇོག་
པ་དང་།
འུར་ཐག་རྙེད་ན་གཡང་རྟེན་དུ་བརྩིས་ནས་མཛོད་ཕུགས་སུ་འཇོག་པ། འུར་ཀ་རྒྱ་སླས་ཀག་སྒྲ་ཆེ། །ཚར་ལྕེ་ཕྱིར་སྒྲིམ་ཚག་སྒྲ་ཆེ། །བ་ཟིལ་
བེའུ་ཁྲ་རྒྱང་འགྲོ་ཆེ།
།ཟེར་བ་དང་སླས་མ་སླ་སྟངས། ཁྲ་གཏོད་སྟངས། རིང་ཐུང་། སྦོམ་ཕྲ་སོགས་སྣ་ཁ་མང་ཞིང་དེ་དག་སོ་སོར་གཏམ་དཔེ་ལེན་
དཔེ་འཇོག་གི་བཤད་པ་བཅས་ཁྱད་ཆོས་ཐུན་མོང་མ་ཡིན་པ་མང་དག་ཡོད་པ་རེ་ཞིག་འདི་ཙམ་ལས་མ་སྨོས་སོ། །

£¨ཐེངས་འདིའི་རྩོམ་སྒྲིག་པ་རྣམས་ཀྱིས་ཁམས་པ་སྟོད་མའི་ཡུལ་སྲོལ་ལྟར་བསྡུས།£©
¡¡

 དཀར་ཆག  ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།

¡¡