¡¡

༄༅། །ཉེར་མཁོ་དེབ་དང་པོ།

ཨང་ཀི་¡°¡±ལ་¡°ཀོར་¡±ཟེར་ན་འོས། 

   དཀར་ཆག  ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།

¡þསྤྱིར་བོད་ཀྱི་གྲངས་མཚོན་བྱེད་ཨང་ཀི་༡ནས་༩བར་ལ་ཚེག་ཁྱིམ་གཅིག་གིས་གྲུབ་པའི་མིང་རྩོད་མེད་རེ་ཡོད་མོད། ཨང་ཀི་
¡°¡±འདི་ལ་ཁ་ཅིག་གིས་ཀླད་ཀོར་ཟེར་བ་དང་ཁ་ཅིག་གིས་ཐིག་གམ་གོར་ཐིག་ཟེར། ཐ་སྙད་འདི་གཉིས་ལས་དོན་སྟོན་པའི་ཆ་ནས་
ད་སྔ་གང་ཞིག་དག་པ་དང་གང་ཞིག་མི་དག་པའི་དོགས་སློང་ངམ་རིགས་པས་དཔྱད་པའི་ཡི་གེ་ཞིག་མ་མཇལ་མོད།
ཐ་སྙད་འདི་
གཉིས་ལ་གོ་དོན་ཅུང་ཟད་འཆུག་པའམ་གཞན་དང་ནོར་ཉེན་ཆེ་བའི་སྐྱོན་རེ་མཆིས།
དཔེར་ན།
  
༡ཐིག་ཅེས་པ་ནི་ཐིག་ལེའི་བསྡུས་མིང་ཡིན་པར་མངོན། དེ་ཡང་¡¶རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང་¡·ལས། ¡°འབྲི་
བགྲང་བསྣོན་པ་གཡས་ནས་བྱ།
།བགོད་བསྒྱུར་འབྲིད་པ་གཡོན་ནས་བྱ། །སྒྱུར་བྱེད་ཐིག་ལེ་གྲལ་མཐར་དགོད། །དགོད་བྱེད་ཐིག་ལེས་
མ་མཐའ་དགག
།སྒྱུར་བྱེད་སྟོངས་ན་བསྒྱུར་བྱ་དབྱི། །དེ་ཚེ་གནས་སྲུང་ཐིག་ལེ་བཞག ¡±ཅེས་དང་། ཡང་དེ་ཉིད་ལས། ¡°ཐིག་ལེས་
དབྲི་བསྣན་དགོད་པ་རྣམས།
།ཅི་བྱས་གཟུགས་གཞན་མི་འགྱུར་ཡང་། །རང་གི་གྲངས་གནས་སྲུང་བ་སོགས། །ལས་ནི་གཞན་དང་ཁྱད་
པར་མེད།
།བསྒྱུར་དགོད་སྦྱང་སྟེར་གང་བྱེད་ཀྱང་། །སྟེང་འོག་གོ་རིམ་གྲངས་ཀྱི་གནས། །མ་ནོར་རང་སར་འཕྲོད་པ་གཅེས། ¡±ཞེས་
སོགས་གསུངས།
ཐིག་ལེ་ཡི་གོ་དོན་ནི་གྲངས་གནས་འཛིན་བྱེད་དང་། སྟོང་པ། ནམ་མཁའ། ཉིང་ཁུ། ཁུ་བ། གཟིག་ལྤགས་ཀྱི་རི་མོ་སོགས་
དང་།
དེའི་མིང་མཐའ་བསྡུས་པའི་ཐིག་ནི། ནག་ཐིག དམར་ཐིག རྩ་ཐིག མཚལ་ཐིག་སོགས་དང་ལྷག་པར་དུ་¡°¡¤¡±འདི་ལ་
ཐིག་ཟེར་མཁན་མང་བས་ནོར་སོ་ཧ་ཅང་ཆེའོ།

 
༢ཀླད་ཀོར་ཞེས་པ་ནི་ཡི་གེའི་གོང་ན་ཡོད་པའི་ཨ་ལོང་ལྟ་བུའི་ཀོར་ཀོར་དེ་ལ་ཟེར། དཔེར་ན།¡¶སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་
པོ་
¡·ལས། ¡°ཨ་ཀླད་ཀོར་ཅན་དང་། ཨ་ཚེག་དྲག་ཅན་དང་།¡±ཞེས་པ་ལྟ་བུའི་ཀླད་ཀོར་ཅན་ནི་¡°ཨཾ¡±འདི་ལྟ་བུ་ལ་ཟེར།
ཀླད་ནི་སྟེང་ངམ་གོང་ལ་གོ།
ཀོར་ནི་ཨང་ཀའི་སྟོང་ཆ་མཚོན་བྱེད་སོགས་རྟགས་¡°¡±འདི་ལ་ཟེར་བས། གལ་ཏེ་རྟགས་འདི་ཀླད་
ལ་མེད་ན་ཀླད་ཀོར་ཞེས་འདོགས་དགོས་ཅི།གཞན་གོར་གོར་དང་ཀོར་གཉིས་ཀྱིས་གཟུགས་ཟླུམ་པའི་དབྱིབས་ཅན་གྱི་དོན་སྟོན་ཚུལ་
འདྲ་ཡང་སྔ་མ་ཉིས་བརྩེགས་ཅན་ཡིན་པས་ཟླ་བ་གོར་གོར་ལྟ་བུའི་ཟླུམ་གཟུགས་ཀྱི་རྣམ་པ་བསྟན་པའི་ཐ་སྙད་དང་།
ཕྱི་མས་གྲངས་
ཀྱི་སྟོང་ཆ་མཚོན་བྱེད་ཀྱི་རྟགས་
¡°¡±འདིའི་གོ་དོན་གཅིག་པུར་བཀྲལ་ན། ཨང་ཀིའི་མིང་གཞན་དག་དང་འདྲ་བ་ཚེག་ཁྱིམ་རེས་
གྲངས་ཀྱི་མིང་སྟོན་ཐུབ་པས་ཟོར་ཡང་བ་དང་གཞན་ལ་ནོར་སོ་མེད་པའི་དགེ་མཚན་བཟང་པོ་ཡོད་སྙམ།

£¨བསེ་མཁར་ཨེ་ཝྃ་གྱིས་བྲིས།£©¡þ¡þ
¡¡

 དཀར་ཆག ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þལྡེབ་ངོས་༡ཡོད།

¡¡