¡þཁམས་སྟོད་ཀྱི་ས་ཆ་འགའ་ནས།
བེའུ།
རྟེའུ།
རེའུ།
ལུ་གུ་སོགས་བཙས་མ་ཐག་མཆུ་དང་ཡན་ལག་གི་ཆུ་རྣམས་གཙང་མར་བཙིར་
རྗེས་རྐང་པ་ནས་བཟུང་སྟེ་དལ་མོས་ཐེངས་དགུ་སྤྲུགས་ན།
དེས་ཤ་གནད་འབྱར་བ་དང་རྩ་རྒྱུས་འཁུམས་པ་སོགས་ཐང་ཐུབ་པས་
ཆུང་ཕྱུགས་དེ་ཞ་འཁུམས་དང་ལྟེ་རྒུར་སོགས་སྐྱོན་ཅན་དུ་མི་འགྱུར།
ཞེས་དང་།
མ་འོ་ཁ་རུ་མ་སོང་གོང་སྒོག་པ་ཆང་ངམ་ཨ་རག་
ནང་དུ་སྦངས་པའི་ཁུ་བ་ཁམ་གང་བླུད་ན་རྒྱུ་འབུ་སོགས་སྲིན་ནད་དང་དམར་བཤལ་སོགས་འགོས་ནད་མང་པོ་ཁོག་ཅིང་གནམ་
གཤིས་གྲང་སྐབས་འཁེང་དཀའ་ཟེར།
བཙས་ཏེ་ཆུ་ཚོད་༣ཙམ་ནང་ནས་མ་འོ་སྣུན་པའམ་རྐན་མར་མ་བྱིན་ན་རྐན་བརྡལ་ཅེས་ནུ་
མ་འཇིབ་པའི་ཤུགས་མེད་པར་འགྱུར།
ད་དུང་།
ཕྲུ་གུ་སྐྱེས་མ་ཐག་ཨོང་ཤ་ལ་ཐལ་ལྕག་ཡང་མོ་བཞུས་ཏེ་ངུ་སྐད་ཀྱིས་དབུགས་ལེན་
དུ་འཇུག
ལྟེ་བ་སྐུད་པས་བསྡམས་ནས་བཞག་པ་ཞག་འགའ་ན་རང་ཤུགས་ཀྱིས་གོག་པ་དེ་ཉར་ཚགས་བྱེད་ཅིང་རྗེས་སོར་བྱིས་པ་ཁ་
ལང་སྟེ་ཁའི་འབྲུམ་ཐོར་བཅོས་སྐབས་སྨན་ཆེས་ལེགས་ཤོས་བྱེད་སྲོལ་ཡོད།
£¨ཀུན་དགའ་ཚེ་རིང་བྲིས།£©
¡¡