¡þ¡þཀོ་གོས་དང་ཀོ་ལྷམ་ཕྱི་ཐབས།
¡þ
༡
ཤིང་ཏོག་ངང་ལག་གི་པགས་པས་ཀོ་ལྷམ་དང་ཀོ་ཁུག་ཕྱིས་ན།
སྣུམ་དྲེག་དག་ཅིང་
འོད་འཚེར།
༢
འོ་མའམ་འོ་རུལ་ཀོ་ལྷམ་དང་ཀོ་ཆས་ལ་བྱུགས་ན་ཀོ་བ་གྱོང་ནས་མི་ག་བར་ཕན།
༣
འཇུར་རྩིའི་ནང་དུ་སྐྱུར་ཁུ་ཕྲན་ཙམ་བླུགས་ནས་ཕྱིས་ན་ཀོ་ལྷམ་འོད་ཆེ་བ་དང་རྡུལ་འགོས་དཀའ།
༤
འཇུར་རྩིའི་ནང་ཆུ་དྭངས་ཐིགས་པ་རེ་ཟུང་བསྲེས་ནས་ཕྱི་བ་དང་།
ཀོ་ལྷམ་རྙིང་པ་ཡིན་ན་པྲ་ཚིལ་ཅུང་བྱུགས་ནས་རས་འཇམ་པོས་
ཕྱིས་ན་འོད་ཆེ།
༥
ནེ་ལོན་འབོལ་ཡུའམ་དར་སྣམ་འབོལ་ཡུ་ཀོ་ལྷམ་ཕྱི་བྱེད་ཀྱི་ཕག་ཟེ་ལ་བསྐོན་པ་དང་དེའི་སྟེང་དུ་འཇུར་རྩི་བསྐུས་ནས་ཕྱིས་ན་འོད་ཆེ།
༦
མདོག་གསལ་བའི་ཀོ་ལྷམ་ལ་དྲི་ནག་འགོས་སླ་བས་ཐོག་མར་ཤིང་ཏོག་གམ་བུ་རའི་ཁུ་བས་བྱུགས་ཤིང་དེ་ནས་འཇུར་རྩི་བྱུགས།
སོ་སྨན་བྱུགས་ནའང་སོ་མ་ལྟར་འོད་མདངས་བཀྲ།
༧
ཀོ་ལྷམ་དཀར་པོའམ་ཀོ་བ་དཀར་པོའི་བསིལ་ལྷམ་ནག་པོར་གྱུར་ན།
ཐོག་མར་སྐྱུར་ཁུས་ཕྱིས།
དེ་རྗེས་རས་ཀྱིས་གཙང་མར་ཕྱིས་ཏེ་
འཇུར་རྩི་དཀར་པོ་བྱུགས་ན་ཆེས་བཟང་།
༨
ཀོ་ལྷམ་དཀར་པོ་གཙང་མར་ཕྱིས་རྗེས་འོད་སྣུམ་བྱུགས།
དེ་ནས་ལ་ཤོག་གིས་ཕྱིས་རྗེས་གཙང་ཤོག་རློན་པས་ཕྱིས་ན་རྒྱུན་དུ་དཀར་
ཞིང་གཙང་བར་གནས་ཐུབ།
པགས་གོས་(ཚ་རུ། པགས་རྩག ཀོ་སྟོད།)འཁྲུད་ཐབས་བཞི།
༡
པགས་རྩག་དང་ཚ་རུ་ལ་ཐལ་རྡུལ་འགོས་ཚེ་ཐོག་མར་སྤུ་གསེང་དུ་ཆང་བཅུད་དམ་རླངས་སྣུམ་གཏོར།
དེ་ནས་གྲོ་ཕྱེའམ་གྲོ་ལྤགས་
བརྔོས་ཚན་གཏོར་བ་དང་།
ཀོ་གོས་ཐང་ལ་སྙོམས་པོར་བརྡལ་རྗེས་ལག་པས་ལྷོད་ཀྱིས་སྤུ་ནས་འཕུར་འཕུར་བྱས་ཏེ་གྲོ་ཕྱེ་མར་སྤྲུགས་
ན་ཆོག
༢
ཚར་སྟོད་ལ་དྲི་ནག་ཆགས་ཚེ།
ལ་ཕུག་གསར་པའི་ཁུ་བས་ཡུན་རིང་ཙམ་ཕྱིས་ན་དག
༣
པགས་རིགས་ཀྱི་ལྭ་བ་ལ་གནོད་ཆེ་བ་ནི་ཆུ་ཡིན།
པགས་པ་ཆུས་བཀྲུས་ན་གྱོང་ནས་ག་འགྲོ།
ཀོ་གོས་ཆུ་ལ་འཁྲུ་སྐབས་སྔོན་དུ་ཀོ་སྟོད་
ཉི་མར་ལྡེས་ནས་ཐལ་རྡུལ་སྤྲུགས།
དེ་ནས་ཆུ་གྲང་དང་ཁྲེ་ཕྱེ་ཡིས་པགས་པའི་སྤུ་ལ་འཕྱིད་བདར་ལེགས་པོ་དགོས་ལ་ལག་པས་སྤུ་རྟིང་ལ་
གཙུབ་རྡར་གྱིས།
དྲི་ནག་ཚང་མ་ཁྲེ་ཕྱེ་ལ་འགོས་རྗེས་ཤུགས་ཀྱིས་ཁྲེ་ཕྱེ་སྤྲུགས།
དེ་ནས་ཉི་མར་ལྡེས་ཏེ་སྤུ་གསེང་གི་ཕྱེ་རྡུལ་རྡེབ་སྤྲུགས་
བྱས་རྗེས་གོན་ན་ཆོག
༤
ཀོ་སྟོད་འཁྲུད་སྐབས།
སྔོན་ལ་དྲི་ནག་འགོས་ས་ནས་ཕག་ཟེ་འདག་ཁུར་བསྒྲེས་ནས་ཆུ་དྲོ་འཇམ་གྱིས་ལྷོད་མོར་འཁྲུད་བདར་གྱིས།
དེ་རྗེས་ཆུ་དྭངས་མས་འཁྲུད་བདར་གཙང་དག་བཟོས་ནས་བསིལ་སྐམ་བྱས་རྗེས་ཀོ་རྩི་བྱུགས་ན་འགྲིག
གཟབ་རྒྱུ།
ཀོ་སྟོད་རླངས་སྣུམ་གྱིས་ཕྱི་བདར་མི་ཉན་ལ།
ཉི་མ་དང་མེ་དྲོད་ལ་ཚ་སྐམ་མི་ཉན།
ལག་བཟུང་ཁ་པར་དང་ལག་གདུབ་ཆུ་ཚོད་ནང་གི་ཆུ་ལེན་ཐབས།
¡þ
གློག་རྫས་ལ་རླན་ཕོག་ན་ཕོ་གློག་མོ་གློག་ཐུག་ནས་གློག་རྫས་དང་འཕྲུལ་ཆ་
གཉིས་ཀ་བསྲེག་འགྲོ་བས་ལག་བཟུང་ཁ་པར་སྟེང་དུ་ཆུ་དང་གཤེར་ཁུ་བོ་བའམ་
ཆུ་ནང་དུ་ལྷུང་ན་འཕྲལ་དུ་གློག་རྫས་ཚུར་ལོངས།
ཡང་ན་ཆར་བབ་པ་སོགས་
ཀྱིས་ལག་བཟུང་ལ་རླན་ཕོག་ཉེན་ཡོད་ནའང་གློག་རྫས་ཚུར་ལོངས་ལ་ཁ་པར་
དང་སོ་སོ་གྱིས།
ལག་བཟུང་ཁ་པར་དང་ལག་གདུབ་ཆུ་ཚོད་ནང་དུ་ཆུ་འཛུལ་ན།
ཆུ་འཇིབ་ཐུབ་པའི་ཤོག་བུའམ་རས་ཀྱིས་དམ་པོར་བཏུམས་ཏེ་ཤེལ་ཏོག་ཝ་(ཨང་ཀི་)༤༠Wཅན་དང་བར་ཐག་སྲས་ཨེམ་༡༥cmམཚམས་
སུ་སྐར་མ་༣༠ཙམ་ལ་དྲོས་སུ་བཅུག་ན་ཆུ་རྡུལ་རྣམས་ཐག་འགྲོ།
ཤོག་བུའམ་ལག་རས་སོགས་ཀྱིས་བཏུམས་ནས་ཉི་འོད་ལ་བསྲོ་བ་དང་
ལུས་དྲོད་ལ་ཡུན་རིང་ཙམ་བཅར་ནའང་ཆོག
ཡང་ན་མེ་འོད་དང་སྣོད་ཀྱི་ཁ་ལེབ་དྲོན་མོའི་སྟེང་དུ་སྐེམ་ནའང་ཆོག་ཀྱང་དྲོད་ཆེ་དྲགས་ན་
བསྲེག་པ་དང་བཞུ་འགྲོ་བས་གཟོབས།
ལག་གདུབ་ཆུ་ཚོད་ཐོག་འོག་བརྗེས་ནས་ལག་སྐེར་བཏགས་ན་ཆུ་ཚོད་གཉིས་ཙམ་ནས་སྤབས་
རྣམས་སྐམ་ཐུབ།
ཆུ་མང་ཙམ་འཛུལ་ན་ཁ་ལེབ་ཕྱེས་ཏེ་ཕྱི་དགོས།གལ་ཏེ་རང་གིས་མ་འཇོན་ན་མྱུར་དུ་ཁ་པར་དང་ཆུ་ཚོད་ཉམས་གསོ་
བྱེད་མཁན་ལ་སྤྲད་ནས་གཙང་མ་བཟོ་རུ་ཆུགས།
མཆན།
སྐྱུར་ཁུ།
´×
vinegar བསྙལ་ནས་བཟོས་པའི་སྐྱུར་ཁུའི་སྤོད།

ངང་ལག
bananaÏã½¶མདོག་སེར་ཞིང་ནང་ཧ་ཅང་སྙི་བའི་ཤིང་ཏོག་ཅིག
འབོལ་ཡུ།
socksÍà×Óལྷམ་གྱི་ནང་དུ་གྱོན་པའི་རྐང་ལྕིབས་སྲབ་མོ།
ནེ་ལོན།
nylon(ÄáÁú)
རས་དང་ཐག་པ་སོགས་ཀྱི་རྒྱུ།
རྫས་སྦྱོར་གྱིས་བཟོས་པ་མེས་ཚིག་སླ་བ་ཞིག
ཐ་སྙད་འདིའི་ཡོང་ཁུངས་དབྱིན་
ཡིག་ཡིན་པས་¡°ནེ་ལོན་¡±ཟེར་དགོས་པ་ལས་¡°ཉི་ལུང་¡±ཞེས་བཀླགས་ན་མ་དག
དར་སྣམ།
velvetË¿ÈÞརས་རྒྱུ་འཇམ་པོའམ་སྤུ་མ་ཞིག
ལ་ཆ་བསྲེ་མང་ཉུང་ཅི་རིགས་ཡོད།
གམ་བུ་ར།
lemonÄûÃÊརོ་སྐྱུར་བའི་ཤིང་འབྲས་ཤིག
ལ་ཤོག
À¯Ö½ལ་ཆའམ་པྲ་ཚིལ་བསྐུས་པའི་ཤོག་བུ་སྟེ་waxed
paperནི་ལ་ཤོག་དཀྱུས་མ་ལ་གོ་ཞིང་stencil
paperནི་སྣུམ་ཤོག་ལ་གོ།
གཙང་ཤོག
toilet paperÎÀÉúÖ½གཙང་སྦྲའི་ཤོག་བུ་སྟེ་ཆབ་ཁང་ནས་སྤྱོད་པའི་ཤོག་བུའམ་དྲི་ནག་ཕྱི་བྱེད་ཀྱི་ཤོག་བུ།
ཆང་བཅུད།
¾Æ¾«ཨ་རག་ལས་ངར་བའི་སྨན་སྤྱོད་ཨ་རག་གི་ཉིང་ཁུ།
འཁྲུད་བདར།
ཆུ་ལ་འཁྲུད་པ་དང་ཕྱི་བདར་བྱེད་པ།
ཀོ་རྩི།
Ƥ¼ÐÓÍཀོ་སྟོད་སོགས་ཀོ་ཆས་རིགས་ལ་བྱུགས་ནས་སྐྱི་སྲུང་བ་དང་འོད་འདོན་བྱེད་ཀྱི་རྩི་ཁ་དོག་ཅི་རིགས་ཡོད།
ལག་གདུབ་ཆུ་ཚོད།
wrist watchÊÖ±íལག་གདུབ་ཀྱི་ཚུལ་དུ་གྱོན་པའི་ཆུ་ཚོད་འཁོར་ལོ།
ལག་སྐེ་སྟེ་མཁྲིག་མའི་ཐད་
དུ་འདོགས་པའི་ཆུ་ཚོད་འཁོར་ལོ་ཡིན་པའི་ཆ་ནས་ལག་སྐེ་ཆུ་ཚོད་ཀྱང་ཟེར།
ཝ།
watt (ÍßÌØ)
རྒྱལ་སྤྱིའི་གློག་ཤུགས་རྩི་གཞི་ཞིག
དབྱིན་ཡིག་གི་སྒྲ་ལ་ཝཋི་ཞེས་ཀློག
སྲས་ཨེམ།
centimeter (བསྡུས་ཡིག་CMཡིས་མཚོན།)
རྒྱལ་སྤྱིའི་བཅུ་རྩིས་ཀྱི་རིང་ཚད་རྩི་གཞི་མིཊའི་བརྒྱ་ཆ་སྟེ།
meterམིཊར་ཏེ་སྤྱི་ཁྲུ་༡ལ་སྲས་ཨེམ་སྟེ་མིཊའི་བརྒྱ་ཆ་༡༠༠ཡོད།
£¨ཚེ་བས་བསྒྲིགས།£©¡þ¡þ
¡¡