¡þ¡þཟས་སོགས་མིད་པར་འགགས་པ།

¡þ¡þ
ཁའི་སྦུག་ཏུ་སྦུ་གུ་གཉིས་ཡོད་པ་གློ་ཡུ་དང་མིད་པ་ཡིན།
ཟས་ཟ་དུས་ཁ་ཟུམ་ཞིང་ཟས་མིད་དུས་
ཁ་བྱེ།
དེ་སྐབས་འགར་མགྱོགས་པོར་བསུམ་མི་ཐུབ་པས་དབུགས་རྒྱུ་དཀའ་ཞིང་ལུད་པ་ལྟར་ཡོང་།
དེར་དངོས་པོ་འགག་དུས་མི་བདེ་བ་ནི་དེ་བསུམ་ནས་གློ་བར་དབུགས་མི་རྒྱུ་བས་ཡིན།
དེ་དུས་དབུགས་མགྱོགས་པོར་རྒྱུ་དགོས་པའི་སྣང་བ་འཆར་ལ་ངོ་མདོག་སྔོན་པོར་འགྱུར།
མིད་པ་འགགས་པའམ་དབུགས་རྒྱུ་མ་ཐུབ་པར་སྐར་མ་ཁ་ཤས་འགོར་ན་ཤི་ཡང་སྲིད།
སྟབས་ལེགས་ནས་གློ་བའི་ནང་གི་དབུགས་དེ་ཕྱིར་སོང་ན་ཞོར་དུ་ཟས་སོགས་ཕྱིར་འདེད།
དེ་ཡང་མི་གཞན་གྱིས་སྐྱོབ་དགོས།

རི་མོ་ལྟར་ཟས་ཁ་ལ་ཡོད་སྐབས།
མིད་པ་དང་གློ་ཡུ་གཉིས་ཀ་བྱེ་ཡོད་ལ་ཟས་ཟ་དུས་ཁ་ཟུམ་པ་ལྟ་བུ་ཡོང་།

¡þ¡þ
རི་མོ་ལྟར་ཟས་མིད་པར་འགྲོ་དུས་གློ་ཡུའི་ཁ་བསུམ་ཡོད།
དེས་ན་ཟས་དེ་མིད་པ་ནས་ཕོ་བར་འགྲོ།

རི་མོ་ལྟར་ཟས་མིད་དུས་གློ་ཡུར་ཤོར་སྟེ་དབུགས་ལམ་གྱི་ཁ་བསུམ་མ་ཐུབ་པར་ཟས་ཀྱིས་དབུགས་
བཀག་དུས་ལུད་པ་ལྟ་བུ་ཡོང་ཞིང་།
དབུགས་རྒྱུ་ལམ་བཀག་པས་ལུས་ཡོངས་ལ་མི་བདེ་བ་ཡོང་།
བརྣངས་ནས་དབང་པོ་ཤོར་དུས་སྐྱོབ་ཐབས།¡þ¡þ
མི་ཞིག་བརྣངས་ནས་བརྒྱལ་ན་དེ་སྐྱོབ་ཐབས་ཤེས་པ་ནི་ཧ་ཅང་གལ་ཆེ་བས་བསླབ་དགོས།
གཙོ་བོ་མྱུར་དུ་དབུགས་རྒྱུ་ཐབས་དགོས་པ་ནི་སྨོས་མི་དགོས་ཤིང་།
མིད་པར་འགག་པའི་དངོས་པོ་དེ་ཕུ་བཏབ་པ་ལྟ་
བུའི་གནོན་ཤུགས་སྤྲད་ནས་ཕྱིར་ལོངས།
¡þ¡þཕྲུ་གུ་དབང་པོ་ཤོར་དུས།

ཕྲུ་གུ་ཁ་སྦུབ་ནས་ལག་པར་འཇོག་སྟངས་ཀྱི་རི་མོ།
¡¡
ཕྲུ་གུ་ཁ་སྦུབ་ནས་པུས་མོར་འཇོག་སྟངས་ཀྱི་རི་མོ།


བྱིས་པའི་རྒྱབ་ནས་མནན་ཅིང་ལག་པས་འཕུར་བའམ།
འཆང་པས་མནན་སྟངས་རི་མོ་
ལྟར་དགོས།
དེ་འདྲ་ཐེངས་ལྔ་ཙམ་བྱས་རྗེས་བྱིས་པའི་ཁ་ཡར་བསྐོར་ནས་བལྟ།
¡¡
¡¡
¡þ¡þ
བྱིས་པའི་ཕོ་བར་མཛུབ་མོ་གཉིས་ཀྱིས་མནན།
བྱིས་པ་གན་རྐྱལ་དུ་པང་ནས་ལག་པས་རི་མོ་ལྟར་བྱས་ནས་ཁ་ལ་བལྟ།
བྱིས་པའི་ཁ་གཙང་མར་བཟོ།
དབུགས་མ་ལོན་ན་ཐེངས་༡
ནས་༣བར་ཡང་བསྐྱར་དགོས།
¡þ¡þ
དྲན་པ་ཤོར་བ།
བྱིས་པ་ལོ་༢ནས་༨བར།

¡þ¡þརི་མོ་ལྟར་ཁ་སྦུབ་ཏུ་བསྙལ་ཏེ་སྟེང་ནས་མནན་ན་གློ་བའི་རྩ་སྦུག་འགགས་པ་དེ་ཕྱེ་ཐུབ་པས།
བྱིས་པ་དྲན་
པ་ཤོར་བ་ལ་དེ་ལྟར་དགོས།
¡þ¡þ
བྱིས་པ་ཧ་ཅང་ཆུང་ངུ་ཡིན་ན་ཐང་ངམ་ཅོག་ཙེའི་སྟེང་བསྡད་ནས།
རི་མོ་ལྟར་པུས་མོའི་ཐོག་ཏུ་མགོ་ལུས་ལས་དམའ་བར་
འཇོག
རོ་སྟོད་ནས་ལག་པས་ཡར་མར་འཕུར་ཅིང་རྡབ་རྡབ་གཏོང་།
མིད་པར་དངོས་པོ་འགག་ན་དེ་འདོན་ཅིང་དབུགས་
རྒྱུ་ཐབས་གྱིས།
དེས་མ་ཕན་ན་རི་མོ་ལྟར་གན་རྐྱལ་དུ་ལུས་ལས་མགོ་དམའ་དགོས།
བྲང་ལ་ཐེངས་ལྔ་ཙམ་ཡར་འདེད་མར་འདེད་
གྱིས།
དེ་ནས་ཁ་ལ་དངོས་པོ་ཡོད་མེད་ལྟོས།
བྱིས་པའི་ཁ་ལ་སྐྱོབ་མཁན་གྱི་ཁ་སྦྱར་ནས་དབུགས་རྒྱག
ད་དུང་གསལ་པོ་དང་ཚོར་སྣང་མེད་ན་རྒྱབ་ནས་འཕུར་འཕུར་ཐེངས་ལྔ་ཙམ་གྱིས།
ཕོ་བར་མནན་པ།
རི་མོ་ལྟར་བྱིས་པ་པང་དུ་བཟུང་།
¡þ¡þ
ལག་པ་བྱིས་པའི་བྲང་དཀྱིལ་དུ་བཞག་ནས་རི་མོ་ལྟར་ཁུ་ཚུར་བཅངས།
ཁུ་ཚུར་དེ་ལག་པ་གཅིག་ཤོས་ཀྱིས་བསྡམ།
¡¡

¡þ
རི་མོ་ལྟར།
བྱིས་པ་དེ་ཅུང་ཟད་བསྡམས།
དེ་ནས་རི་མོ་ལྟར་རྒྱབ་ཕྱོགས་སུ་འཐེན་པའམ་མནན་ཅིང་བསྡམ།
ཤུགས་ཅུང་ཆེ་དགོས།
ཡང་བསྐྱར་ཁ་དང་མིད་པར་དངོས་པོ་ཡོད་མེད་ལྟོས་ལ་ཡོད་ན་ཕྱིར་ལོངས།
དངོས་པོ་
དེ་ད་དུང་མ་ལོན་ན་ཡང་བསྐྱར་དབུགས་ཐེངས་ལྔ་རྒྱོབ།
དགོས་གལ་ཆེ་ན་བྲང་དང་ཕོ་བ་
ཡོད་སར་ནོན།
བྱིས་པ་ཆུང་ངུ་ཡིན་ན་བྲང་དང་ཕོ་བར་ཤུགས་ཆེན་པོས་མནན་མི་ཉན།

རི་མོ་ལྟར་བརྒྱལ་བའི་བྱིས་པའི་རྒྱབ་ལ་རྡབ་རྡབ་གཏོང་བའམ།
བྱིས་པ་དེ་
ཐང་ནས་ཕར་སྒྲིལ་ཚུར་སྒྲིལ་གྱིས།
ད་དུང་མ་ཕན་ན་བྱིས་པ་ཁ་ཕྱིར་བསྐོར་
ཞིང་ཁ་ནང་དུ་དབུགས་འགྲོ་ཐབས་གྱིས།
¡¡
¡þ
¡þ
རི་མོ་ལྟར་བྱིས་པའི་སྟེང་དུ་རྟ་ཞོན་པ་ལྟར་བྱས་ནས་ཕོ་བར་
མནན་པ།
རི་མོ་ལྟར་ལག་པ་གཉིས་བསྣོལ་ནས་ཕོ་བར་འཇོག¡þ

དེ་ནས་རི་མོ་ལྟར་ལག་གཉིས་ཡར་
བཀྱགས་མར་མནན་གྱིས།¡þ
¡þ¡þ
མིད་པར་དངོས་པོ་ཡོད་ན་དེ་ཕྱིར་འདོན་ཐུབ་པའི་ཐབས་ཤིག་ཡིན།
ད་དུང་དངོས་པོ་དེ་ཕྱིར་འདོན་མ་ཐུབ་ན་ཡང་བསྐྱར་ཐེངས་ལྔ་དེ་ལྟར་བྱེད་ཅིང་དངོས་པོ་དེ་ཕྱིར་ལོན་མིན་ལྟོས།
ལག་པ་ཡར་བཏེགས་ཅིང་
རྒྱབ་ནས་ཐེངས་ལྔ་འཕུར་བ་དང་ཕོ་བར་ཐེངས་ལྔ་ནོན།
¡þ¡þ
བྱིས་པ་དང་གཞོན་ནུ་སྐྱོབ་ཐབས།
¡þ
¡þ༡
རྒྱབ་ནས་མནན་པ།
རྒྱབ་ནས་ཐེངས་ལྔ་མནན་ཅིང་ལག་གཉིས་མཆན་འོག་ཏུ་བཞག་པ་དང་
མཉམ་དུ་ཁ་ནས་དངོས་པོ་ཐོན་མིན་ལྟོས།
༢
བྲང་ནས་མནན་པ།
བྱིས་པའི་རྒྱབ་ནས་ལངས་ཏེ་ཁུ་ཚུར་གྱིས་བྲང་ཁ་ནས་བཙིར་བ་དང་
ཁ་ནས་དངོས་པོ་ཐོན་མིན་ལྟོས།

¡þ¡þ༣
ཕོ་བ་མནན་པ།
བྱིས་པའི་རྒྱབ་ནས་ལངས་ཏེ་ཁུ་ཚུར་གྱིས་ཕོ་བའི་ཐད་ནས་བཙིར།
དེ་འདྲ་ཐེངས་ཁ་ཤས་བྱས་ན་དྲག
¡þ
¡þན་གཞོན་སྐྱོབ་ཐབས།
¡þན་གཞོན་མང་ཆེ་བ་རྒྱབ་ནས་འཕུར་བ་དང་ཕོ་བ་ནས་བཙིར་ན་ཕན།
༡
རྒྱབ་ནས་འཕུར་བ།
རི་མོ་ལྟར་སྒུར་དུ་བཅུག་སྟེ་རྒྱབ་ནས་ཐེངས་ལྔ་ཙམ་འཕུར་བ།
¡þ༢
ཕོ་བ་ནས་བཙིར་བ།
རྒྱབ་ཏུ་ལངས་ནས་མི་དེ་པང་པ་ལྟར་ཕོ་བའི་ཐད་དུ་ལག་གཉིས་
དམ་པོར་བསྡམས་ཏེ་སྟེང་ཕྱོགས་སུ་ཐེངས་ལྔ་ཙམ་བཙིར།
¡þ¡þསྐབས་འགར་དེ་འདྲ་ཐེངས་ཁ་ཤས་ཀྱང་དགོས།
¡þ¡þ
ཁ
ྲག་ཤེད།
¡þཁྲག་ཤེད་ནི་སྙིང་གི་ཁྲག་འཁོར་རྒྱུག་བྱེད་པ་དང་ཕན་ཚུན་གནོན་ཤུགས་ལྡན་པས་ཁྲག་རྩ་ལུས་པོ་ཡོངས་ལ་ཁྱབ་ཅིང་དེར་རྒྱུ།
ཁྲག་ཤེད་ཆེ་བའམ་མཐོ་ན་ཉེན་ཁ་ཆེ་སྟེ་ཁྲག་རྩ་གས་ནས་སྐྱོན་ཞུགས་སྲིད།
ཁྲག་ཤེད་ཉམས་པའམ་ཧ་ཅང་དམའ་ན་ཡང་ཉེན་ཁ་
ཆེ་སྟེ།
དེས་ལུས་པོར་གསོ་རླུང་འདྲེན་མི་ཐུབ་པས་ཕུང་པོ་ཉམས་ནས་འཆི་ཡང་སྲིད།
¡þདེ་ནི་དབུགས་ལྒང་ལ་ཕུ་བཏབ་ནས་ཧ་ཅང་མང་དུས་
འགད་པ་ལྟར་
ཡིན།
དཔེ་འདིས་ཉེན་ཁ་ཆེ་ཚུལ་མཚོན།
དེས་ན་སྦྲུམ་མ་ལ་ཕྲུ་གུས་ཉེན་ཁ་སློང་
བས་ཁྲག་ཤེད་ལ་བརྟག་དགོས་ལ།
བུད་མེད་ཀྱི་ལུས་པོར་གཤེར་ཁུ་མང་བ་དང་ཁྲག་ཤེད་མཐོ་དུས་ཚྭ་ཟ་མི་རུང་ཞིང་ཇའི་ནང་དུ་ཡང་ཚྭ་མ་བཏབ་ན་
ལེགས།¡þ¡þ
ཁྲག་ཤེད་བརྟག་པ།
¡þ¡þཁྲག་ཤེད་བརྟག་དུས་གྲངས་ཀ་གཉིས་ཡོད་དེ།
དེ་ནི་གྲངས་ཀ་མཐོ་བ་སྙིང་བརྒྱངས་ཁྲག་ཤེད་དང་དམའ་བ་སྙིང་འཁུམས་ཁྲག་ཤེད་ཡིན་ལ་སྙིང་གི་ངལ་གསོ་བའི་དུས་ཀྱང་ཡིན།

¡þ¡þ
ལུས་པོར་ཁྲག་འཁོར་ཚུལ་དེ་འགྱིག་ལྒང་གི་དཔེ་ལས་ཤེས་ཏེ།
སྙིང་གིས་གནོན་ཤུགས་སྤྲད་དུས་ཁྲག་རྣམས་ཁྲག་རྩར་རྒྱུ་ནས་མནན་
ཤུགས་ཡོད།
གཤེར་ཁུ་མར་ཟག་དུས་གནོན་ཤུགས་ཐེབས་པའི་སྐབས་
ཡིན།
གལ་ཏེ་སྙིང་ནས་རྒྱུ་བའི་ཁྲག་རྩ་བཅད་ན་དེ་ལས་ཁྲག་མང་པོ་བཞུར།
དེ་ནས་སྙིང་གིས་ངལ་གསོ་བ་ལྟར་ལྷོད་པོར་འགྱུར།
ཁྲག་དེ་ཕྱིར་ཟག་
ཀྱང་གནོན་ཤུགས་དེ་ཙམ་མེད་པ་དཔེར་མཚོན་འདི་ལས་རགས་ཙམ་ཤེས།
¡þ¡þསྙིང་གིས་ཁྲག་འདྲེན་དུས་གནོན་ཤུགས་ཡོད།
དབུགས་ལྒང་གི་ཕྱི་ནས་མནན་པ་ལྟར་ཡིན།
སྙིང་གིས་ངལ་གསོ་
སྐབས་ཁྲག་དེ་སྔར་བཞིན་འཁོར་ཞིང་སྙིང་གི་གནོན་ཤུགས་མ་སླེབས་བར་དེ་ལྟར་ཡིན།
ཁྲག་རྩ་སྦོམ་དུས་ཀྱི་འཕར་ཚད་གནོན་ཤུགས་ཆེ་བ་དང་ཕྲ་དུས་གནོན་ཤུགས་ཞན།
གལ་ཏེ་སྙིང་དང་ལུས་པོའི་ཁྲག་རྩ་དེ་
མཐོང་ན་འདི་འདྲ་ཞིག་རེད།
¡þཁྲག་རྩ་སྦོམ་པ་དེ་ཕན་ཚུན་གཡོ་བ་བཞིན་གནོན་ཤུགས་དེ་
སྙིང་ནང་དུ་སླེབ།
ཁྲག་ཤེད་མཐོ་དུས་ཁྲག་རྩ་སྦོམ།
དམའ་
དུས་རྗེས་མའི་འཁོར་ཚད་མ་སླེབས་བར་དུ་ཡིན།
སྤྱིར་བཏང་ནད་མེད་ཀྱི་
ཁྲད་ཤེད་ནི་༡༢༠ནས་༨༠བར་ཡིན།
དེས་ན་དམའ་སའི་ཨང་ཀི་ནི་༨༠སྟེ་དེ་གོ་
བར་གལ་ཆེ།
དེ་ནི་ལུས་པོ་བདེ་ཐང་ཡིན་མིན་ཤེས་བྱེད་ཀྱི་ཚད་གཞི་ཡིན།
ཁྲག་ཤེད་ཀྱི་གྲངས་ཚད།
དཔེར་ན་ཁྲག་ཤེད་ཨང་ཀི་༡༤༠ནས་༨༠ཡིན་ཀྱང་སྐྱོན་མེད།
ཁྲག་ཤེད་ཨང་ཀི་༡༤༠ནས་༡༡༠བར་ཡིན་ན་དམའ་ཚད་དེ་མཐོ་བ་ཡིན།
གལ་ཏེ་དམའ་
ཚད་དེ་༡༠༠ལས་མཐོ་ན་ཚྭ་ཟ་མི་རུང་ཞིང་ལུས་ཀྱི་ཤ་ཞན་ཐབས་དགོས།
ལྷག་པར་སྦྲུམ་མ་ཡིན་ན་དེ་བས་ཀྱང་གཟོབས།
ཁྲག་ཤེད་ཅུང་ཙམ་དམའ་ན་
སེམས་འཚབ་མི་དགོས།
དེ་ལས་ཁྲག་ཤེད་དམའ་བ་ནི་ཨང་ཀི་༩༠ནས་༦༠དང་༡༡༠ནས་༧༠བར་ཡིན།
དེར་དལ་མོ་དང་གློ་བུར་གྱི་སྙིང་ནད་ཕོག་གི་
རེད།
གློ་བུར་དུ་ཁྲག་ཤེད་དམའ་བ་སྟེ་༩༠ནས་༦༠བར་ཡིན་པས་དེ་ནི་བྱང་ཁོག་ནང་དུ་ཁྲག་བྱུང་བའི་རྟགས་ཡིན།
གལ་ཏེ་བརྡབས་པ་དང་རྨས་སྐྱོན་མིན་
པའི་ནད་པར་ཁྲག་ཤེད་ཁྱད་མཚར་ཅན་ཡོད་ན་སྐར་མ་ཁ་ཤས་མཚམས་ནས་ཡང་བརྟག་དགོས།
དཔེར་ན་ནད་པ་དེ་རི་མགོ་ནས་མར་བརྒྱུགས་ཡོང་
བ་ཡིན་ན་ཁྲག་ཤེད་མཐོ་ཞིང་སྙིང་གི་འཕར་ཚད་མགྱོགས།
ནད་པར་དེའི་རྒྱུ་མཚན་བཤད་ནས་ཐོ་བཀོད་ན་འགྱུར་བ་ཤེས་ཐུབ།
ཁྲག་ཤེད་བརྟག་ཆས།


¡þ¡þ༡
སྙིང་།
གློ་བ།
ཁྲག་རྩ་བཅས་ཀྱི་འཕར་ཚད་ཉན་ཆས།
¡þ¡þ༢
ཁྲག་ཤེད་བརྟག་ཆས་སྣ་ཚོགས་ཡོད་ཀྱང་དཔུང་དཀྲིས་བརྟག་ཆས་
འདི་རྣམས་ཡིན།
¡þ¡þཁྲག་ཤེད་བརྟག་ལུགས།
¡þ¡þ
དང་པོར་ཁྲག་ཤེད་བརྟག་ལུགས་གཤམ་གསལ་ལྟར་དགོས།
༡
ཕུ་ཐུང་བརྫེས་ནས་དཔུང་རྗེན་པ་ལ་དཀྲི།
¡þ༢
འགྱིག་ལེབ་ཀྱི་དཀྲིས་དེ་དཔུང་པར་དཀྲི།

¡þ¡þ
༣
ཉན་ཆས་དེ་གྲུ་ཁུག་གི་དཀྲིས་འོག་ཏུ་འཇོག
འཕར་རྩ་མ་ཚོར་བར་དུ་འཚོལ་དགོས་པས་ཉན་ཆས་བརྗེ་སྤོ་
ཡང་ཡང་བྱས་ན་ཚོར།
¡þ¡þ༤
འགྱིག་ལྒང་དལ་མོར་བཙིར་ནས་དབུགས་རྒྱག
༥
འཁོར་མདའ་འཁོར་བའམ་དངུལ་ཆུ་མཐོ་རུ་ཕྱིན་ནས་ཨང་
ཀི༢༠༠ཙམ་ལ་སླེབས་དུས་དབུགས་རྒྱག་མཚམས་ཞོག

¡þ¡þ༦
འགྱིག་ལྒང་སྣེ་མོའི་འཛེར་མགོ་དེ་དལ་མོས་ལྷོད་ནས་དབུགས་ཕྱིར་གཏོང་།
༧
འཁོར་མདའ་བཞག་མཚམས་ནས་ཕྱིར་འཁོར།
¡þ¡þདབུགས་འགྲོ་དུས་འཕར་ཚད་ཤེས་ཏེ།
འཕར་རྩ་གང་ནས་ཚོར་ན་དེ་ནི་མཐོ་བའི་ཚད་དང་།
གང་ནས་ཞན་ཅིང་མ་ཚོར་བའི་མཚམས་ནི་དམའ་བའི་ཚད་ཡིན།གལ་ཏེ་མདའ་རྩེ༡དང་༢མ་ཚོར་ན་
༣ནས་མགོ་བཟུང་དགོས།
༤དམའ་ས་ཡིན།
དེ་ནས་ཁྲག་ཤེད་༡༠༠ནས་༧༠མན་ཡིན།
ཡང་ན་༡༠༠ནས་༧༠མན་ཡིན་ནོ།
།
¡þ¡þཁྲག་ཤེད་བརྟག་དུས་ཀྱི་བརྒྱུད་རིམ།
¡þ
ཁྲག་ཤེད་བརྟག་དུས་ཉན་ཆས་བེད་སྤྱད་ནས་དཔུང་པར་དཀྲིས་ནས་འདི་ལྟར་དགོས་ཏེ།
༡
ཁྲག་ཤེད་བརྟག་དུས་རས་ཀྱིས་
དཔུང་པ་དཀྲིས་པས་ཁྲག་འཁོར་མཚམས་བཞག་ནས་ཚོར་བ་མི་བདེ་སྟེ་ཁྲག་དཔུང་པ་ནས་འཁོར།
¡þཉན་ཆས་ཀྱིས་བརྟག་པ།
ཉན་སྐབས་སྒྲ་མི་ཐོས།
¡þ¡þ༢
རས་དཀྲིས་ནང་གི་དབུགས་ཕྱིར་གཏོང་དུས་གནོན་ཤུགས་ཆུང་ངུར་གྱུར།
དེ་དང་མཉམ་དུ་ཁྲག་ཀྱང་འཁོར་རྒྱུགས་
ཐུབ་པས་ལག་མགོ་ནས་འཁོར།
སྙིང་འཕར་བ་གོ། ཁབ་རྩེས་གནོན་ཤུགས་ཨང་ཀི་གོ་སྟེ་ཁབ་རྩེ་ཡོད་ས་དེ་ཡིན།
དེ་དམའ་ས་དེ་ལ་ཡང་བལྟས་ན་ཨང་ཀི་ཤེས།
༣
རས་དཀྲིས་ནང་གི་དབུགས་ཕྱིར་གཏོང་བ་ནས་ཁྲག་མ་འཁོར་བར་དུ་འཕར་ཚད་མི་གོ།
སྒྲ་ཆུང་ངུ་ཤུད་ཞེས་པ་ལྟ་བུ་ཞིག་གོ་ཐུབ།
སྒྲ་མེད་པར་ཆགས་དུས་མདའ་རྩེ་ཕྱོགས་སའི་ཨང་ཀི་དམའ་བ་དེ་ངེས་དགོས།
དེས་སྙིང་འཕར་བ་ངལ་གསོའི་སྐབས་ཀྱི་ཤེད་དེ་རྟོགས།
ངལ་གསོ་བའི་སྐབས་ཁྲག་ཤེད་མཐོ་ན་སྐྱོན་ཡོད།
¡¡
¡¡
¡þ¡þམཆན།
འགྱིག་ལྒང་།
balloonཞེས་པ་ལྒང་ཕུག་སྤྱི་ལ་གོ་མོད།
སྐབས་འདིར་འགྱིག་གིས་བཟོས་པའི་ལྒང་ཕུག་ལ་གོ་བདེ།
ཁྲག་ཤེད། blood pressure
སྙིང་གི་འཕར་ཤུགས་ཀྱིས་ཁྲག་རྩ་ལམ་དུ་འདྲེན་པའི་རྣམ་པ་ཞིག
£¨ལུག་ལོས་བཏུས་ཤིང་བསྒྱུར།£©¡þ¡þ
¡¡