རྒྱུ་ལྷག་གཉན་ཚད་ལ་རིགས་བཞི་ཡོད་པའི་རྒྱུ་ལྷག་གཉན་རྒོད་ནི་དཔྱད་སྡེ་ལས་ན་བ་ཆེས་མང་ཤོས་ཀྱི་ཚབས་ཆེའི་ཁོག་ནད་ཅིག་ཡིན།
དེས་ཕྱི་བཅོས་སྨན་ཁང་དུ་སྡོད་མཁན་གྱི་བརྒྱ་ཆ་༡༠~༡༥ཙམ་ཟིན།
ནད་འདི་རྒས་གཞོན་ཚང་མར་ན།
ལྷག་ཏུ་གཞོན་ནུ་ཟུངས་བཟང་ལ་
ན་བ་མང་ཞིང་།
རྒན་བྱིས་ལ་ན་བ་ཅུང་ཉུང་།
རྒྱུ་ལྷག་གཉན་རྒོད་རྒྱག་པའི་དུས་རིམ་མི་འདྲ་བ་ལྟར།
ནད་འདི་ལ་རྒྱུ་ལྷག་གཉན་རྒོད་རྐྱང་
པ་དང་།
རྣག་ཅན་གྱི་རྒྱུ་ལྷག
སྐྲངས་ཐོ་ཅན་གྱི་རྒྱུ་ལྷག
འདྲུལ་བའི་རྒྱུ་ལྷག་བཅས་རིགས་བཞི་ལ་དབྱེ།
བརྟག་ཐབས།
༡
རྒྱུ་སྨད་གཡས་ནས་གཟེར་མིག་སྤོ་བ།
ཟུག་གཟེར་ཆེན་པོ་བར་མ་ཆད་པར་རྒྱག
གཟེར་མིག་སྤོ་ནས་ན་བའི་རྒྱུ་གཟེར་ནི་ནད་འདིའི་
དམིགས་བསལ་གྱི་ཁྱད་ཆོས་ཡིན་པས།
ནད་པ་བརྒྱ་ཆ་༨༠ཡན་ལ་རྟགས་འདི་ཡོད།
༢
ཕོ་བ་དང་རྒྱུ་མ་ལ་བརྟག་པ།
དང་ག་འགག་པ།
སྐྱུགས་མེར་ལངས་པ།
སྐྱུགས་པ།
ནད་པ་འགའ་རེ་རྒྱུ་གཟེར་བརྒྱབ་རྗེས་བཤང་གཅི་འགག་པའམ་ཁོག་པ་བཤལ།
རྒྱུ་
དཀར་གྱི་གཡས་སྟོད་མནན་ན་གཟེར།
རྒྱུ་སྨད་གཡས་ཀྱི་གསང་མིག་ཏུ་མར་མནན་ན་གཟེར་ཞིང་ཡར་བཏེགས་ནའང་གཟེར།
གསུས་ཤ་
མཁྲང་།
༣
ལུས་ཧྲིལ་པོར་བརྟག་པ།
ཚ་བ་རྒྱག་པ།
གྲང་འདར་རྒྱག་པ།
མགོ་གཟེར་ཞིང་མགོ་ཡུ་འཁོར་བ།
ལུས་པོ་ངལ་ཞིང་ཤུགས་མེད་པ།
ལུས་སྒུར་ན་ཕན་སྙམ་བྱེད་ཅིང་
དགྱེ་མི་ཐུབ་པ།
ལུས་གཅུས་དཀའ་བ།
གོམ་པ་སྤོ་བ་དང་དབུགས་སྒོམ་པ།
ལུ་བ་བཅས་ཀྱི་སྐབས་སུ་གཟེར་ཟུག་ལྷག་པར་དུ་ཆེ།
ནད་འདི་
ཕོག་པར་བཅོས་ཐབས་འགའ་ཡོད་ཀྱང་མཐའ་ཆོད་པ་ནི་བཤའ་བཅོས་ཁོ་ན་ཡིན།
ནད་རྟགས་མངོན་ནས་ཆུ་ཚོད་༢༤ནང་ཚུན་དུ་བཤའ་
ཐུབ་ན་ལེགས།
ཁྱད་པར་དུ་རྒས་པ་དང་བྱིས་པ་སྦྲུམ་མ་བཅས་ལ་ཇི་ཙམ་མྱུར་ན་དེ་ཙམ་ལེགས།
དེ་ལས་འགོར་ན་བརྡོལ་ནས་རྒྱུ་མ་དང་།
ལྒང་པ།
མཆིན་པ།
བུ་སྣོད།
མཆིན་པ་བཅས་ལ་གནོད་པ་བཟོ་བ་དང་ནད་དུག་གིས་འཆི་ཉེན་ཆེ།
མཆན།
རྒྱུ་ལྷག་གཉན་ཚད།
阑尾炎appendicitis
ཟས་འཇུ་མི་ནུས་པར་རྒྱུ་འབུར་ལྷག་མ་ཞིག་ཡོད་པ་ལ་གཉན་ཚད་རྒྱག་པའི་ནད་ཅིག
རྒྱུ་ལྷག་གཉན་རྒོད།
急性阑尾炎acute
appendicitis
རྒྱུ་ལྷག་གཉན་ཚད་ལ་ཞི་དྲག་གཉིས་ཡོད་པའི་དྲག་པོ།
དཔྱད་སྡེ།
外科 surgery
འདྲལ་གཅོད་སོགས་དྲག་ཐབས་ལ་བརྟེན་ནས་ནད་བཅོས་པའི་སྡེ་ཚན་ཞིག
སྡོད་བཅོས་ནད་པ།
住院病人
an inpatient
སྨན་ཁང་དུ་བསྡད་ནས་ནད་བཅོས་པའི་ནད་པ།
ཟུངས་བཟང་།
壮年 the prime of life
ལུས་སྟོབས་བཟང་པོ་ཡོད་པ།
འདྲུལ་བ།
坏疽 gangrene
རུལ་ནས་ཟག་པ།
གསུས་ཤ
ཕོ་བའམ་རྒྱུ་མའི་ཐད་ཀྱི་ཕྱི་ཤ་སྟེ་ཕོ་བའི་དར་ཤའང་ཟེར།
(ཨོ་རྒྱན་ཚེ་རིང་གིས་བྲིས།)