སྨན་ལ་ཚིག་མཛོད་ཆེན་མོ་ལས།
ལུས་ལ་ཕན་ཞིང་ནད་འཇོམས་པར་བྱེད་པའི་གཉེན་པོའི་རྫས།
ཞེས་འགྲེལ་ཡོད།
དེ་ཡང་སྨན་གྱི་ཕན་
ནུས་འབྱུང་ཚུལ་གྱི་གནས་ལུགས་རྩ་བ་ནས་དབྱེ་ན་གཉིས་ཡོད།
༡ལུས་ལ་ཕན་པ་སྟེ།
ལུས་ཕུང་རྒྱུན་ལྡན་འབྱུང་ཁམས་ཉམས་གསོ་དང་སྙོམས་
སྒྲིག་བྱས་པས།
ཕུང་གྲུབ་རང་གི་མཐུ་སྟོབས་ཀྱིས་ནད་ལས་རྒྱལ་བ།
འདི་ཡང་བོད་ཀྱི་གསོ་བ་རིག་པ་སོགས་སྲོལ་རྒྱུན་གྱི་གསོ་བ་རིག་པའི་
ལག་ལེན་སྐབས་བེད་སྤྱོད་བྱེད་པ་མང་།
༢ནད་འཇོམས་པར་བྱེད་པའི་གཉེན་པོའི་རྫས་ཞེས་སྨན་དེ་ནད་ཀྱི་གཉེན་པོ་ལ་ངོས་འཛིན་པ་དེ་ཡང་
སྨན་གྱི་དུག་གི་རང་བཞིན་བེད་སྤྱོད་བྱས་ནས།
ཐད་ཀར་ནད་འབུ་དང་དུག་སྲིན་གསོད་པས་ནད་ལས་རྒྱལ་བ།
ཐབས་འདི་ནུབ་ལུགས་གསོ་
རིག་གམ་དེང་རབས་གསོ་རིག་གི་སྨན་སྦྱོར་གཞུང་ལུགས་དང་མཐུན་པ་མང་།
གང་ལྟར་ཀྱང་།
ང་ཚོས་དུས་རྒྱུན་བེད་སྤྱོད་བྱེད་བཞིན་པའི་སྨན་
རྫས་དེ་དག
ལ་ལས་ལུས་ཀྱི་འབྱུང་ཁམས་གསོ།
ལ་ལས་ནད་ཀྱི་སྲིན་འབུ་གསོད།
ལ་ལས་ནད་ཀྱི་རྟགས་འཇོམས་པ་སོགས་ཡོད།
ནད་དང་
ནད་རྟགས་ཀྱི་ཁྱད་པར་གང་ཡིན་སྙམ་ན།
མགོ་གཟེར་བ་ནི་ནད་རྟགས་ཤིག་ཡིན།
ནད་གཞི་མང་པོ་ལ་ནད་རྟགས་འདི་ཡོང་།
དཔེར་ན།
མཁྲིས་པའི་རྐྱེན་གྱིས་མགོ་གཟེར་བ།
ཁྲག་རྐྱེན་གྱིས་མགོ་གཟེར་བ།
དབང་རྩའི་རྐྱེན་གྱིས་མགོ་གཟེར་བ་བཅས་སོ།
།གོང་གི་དཔེ་གསུམ་ལས།
མཁྲིས་པ་དང་ཁྲག
དབང་རྩ་བཅས་འཕེལ་ཟད་འཁྲུགས་གསུམ་ནི་ནད་དངོས་ཡིན།
མི་མཐུན་པའི་ནད་འདི་གསུམ་པོ་ལ་གཅིག་མཐུན་གྱི་ནད་
རྟགས་གཅིག་ཡོད་པ་ནི་མགོ་གཟེར་བ་ཡིན།
ནད་རྟགས་འདི་འཇོམས་པའི་ཐབས་རབ་ཅིག་ཡིན་ན་ནད་གཞི་དངོས་ཏེ་མཁྲིས་པ་སོགས་བཅོས་
ནས་ནད་རྟགས་ཇེ་ཡང་འགྲོ་བ་དེ་ཡིན།
གློ་བུར་དུ་གཟེར་བ་དང་ཡང་ན་བསྲན་ཐབས་མེད་པའི་གཟེར་ཟུག་ཆེ་ན་ནད་རྟགས་འཇོམས་པའི་སྨན་
ཏེ་གཟེར་འཇོམས་སྨན་རིགས་བེད་སྤྱོད་བྱེད་ཆོག་ན་ཡང་།
སྨན་དེ་དག་ནད་གཞི་དངོས་ལ་ཕན་པ་གང་ཡང་མེད།
དེས་གཟེར་བའི་ནད་རྟགས་
འཇོམས་པའི་རྒྱུ་མཚན་ནི་གཟེར་བའི་གནས་ཀྱི་དབང་རྩ་སྦྲིད་པའི་ཐབས་ལ་བསྟེན་ནས་གནས་སྐབས་ཙམ་ལ་གཟེར་ཟུག་འཇོམས་པའི་སྣང་བ་
ཞིག་ཤར།
དེ་ལྟར་ང་ཚོས་ནད་འདྲ་མིན་མང་པོ་ཡི་ནད་རྟགས་ཁོ་ན་འཇོམས་བྱེད་ཀྱི་སྨན་གྲངས་མང་ཟོས་ན་ཕོ་བ་དང་མཆིན་པ།
མཁལ་མ།
ཐ་ན་དབང་རྩ་སོགས་ལ་གནོད་པ་ཆེ།
སྤྱི་ནས་བཤད་ན།
རོང་འབྲོག་ས་ཁུལ་གྱི་མང་ཚོགས་ཀུན་ལ་འཕྲོད་བསྟེན་གྱི་རྩ་བའི་ལྟ་བ་བཞི་ངེས་དགོས་ཏེ།
ནད་ཡམས་བཅོས་པ་
ལས་འགོག་པ་གལ་ཆེ་བ་དང་གཅིག
གཙང་སྦྲ་ནི་ནད་ཡམས་ཐམས་ཅད་འགོག་པའི་ཐབས་གཙོ་བོ་ཡིན་པ་དང་གཉིས།
སྨན་གང་འདྲ་ཡིན་ཡང་
ནད་ལ་ཕན་པ་དང་མཉམ་དུ་ལུས་ལ་གནོད་པའི་ཆ་ཤས་ཤིག་ཡོད་པ་དང་གསུམ།
རེག་དུག་(རྒྱ་ནད་)སོགས་ཕོ་མོའི་མཚན་མའི་གསང་ནད་འདྲ་
མིན་ཡོངས་རྫོགས་སྨད་འཚོང་མ་ལས་དམངས་ཁྲོད་དུ་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པས་རང་གི་ཚེ་རོགས་མ་གཏོགས་གཞན་དང་ལུས་འབྲེལ་
སྤོང་དགོས་པ་དང་བཞིའོ།
།
སྨན་རྫས་བེད་སྤྱོད་ལུགས་སྐོར་བཤད་ན།
ང་ཚོར་འདིའི་སྐོར་གྱི་ཤེས་བྱས་དབུལ་བས་སྨན་ཁ་ཤས་ལ་ནད་བརྒྱ་སྨན་གཅིག་གི་ངོས་
འཛིན་དང་།
ནད་ཆུང་ཆུང་ལ་སྨན་ཤུགས་ཆེན་སྤྱོད་པ།
ནད་ལོག་སྨན་ལོག་གནམ་ཁབ་སོགས་གྲངས་མང་རྒྱག་པ།
རང་འདོད་ཀྱིས་སྨན་འཁྱམ་
ཟ་བ།
སྨན་གྱི་ཞོར་སྐྱོན་ལ་དོ་སྣང་མི་བྱེད་པ།
ནད་ཚབས་ཆེན་ཕོག་དུས་མོ་རྩིས་རིམ་གྲོ་ཁོ་ནར་བསྟེན་ནས་སྨན་བཅོས་དུས་འགྱངས་བྱེད་པ་
སོགས་ཀྱི་ནོར་འཁྲུལ་མང་པོ་ཡོད།
དེ་དག་ལས་རྫས་འགྱུར་རང་བཞིན་གྱི་དེང་རབས་སྨན་རྫས་རང་འདོད་གང་མོས་ཀྱིས་སྤྱད་པ་འདི་གནོད་པ་
ཟབ་ཅིང་།
ཁྱབ་རྒྱ་ཆེ་བ།
རྒྱུན་མཐོང་ཡིན་པ།
སྣང་མེད་གཏོང་བ་སོགས་ཀྱིས་ལུས་ཁམས་བདེ་ཐང་ལ་གནོད་པ་བསམ་གྱིས་མི་ཁྱབ་པ་འབྱུང་
བཞིན་ཡོད་པས་སྐབས་འདིར་ཕྱི་ལུགས་སྨན་རྫས་ཁ་ཤས་ལུགས་དང་མཐུན་པར་སྤྱོད་ཚུལ་དང་ཞོར་སྐྱོན་སོགས་རགས་ཙམ་ཞུ་ན།
ཆིང་མེ་སུའུ།
青霉素 penicillin
ཕན་ཡོན།
ཁྱབ་ཆེ་བའི་དུག་སྲིན་འགོག་སྨན་ཏེ།
རྨ་གཉན་སྐྲངས་གསུམ་དང་།
གཙོ་བོ་ཚོར་རྣོན་སྲིན་འབུ་རང་བཞིན་གྱིས་བསླངས་པའི་གཉན་
འཐབ་སྟེ་གྲེ་བའི་གཤེར་རྨེན་གཉན་ཚད།
གློ་བའི་གཉན་ཚད།
ད་དུང་ཟ་འགྲམ་གཤེར་རྨེན།
རྣ་བའི་ཁོག
ཀླད་སྐྱི།
རེག་དུག་གཅིན་ལམ།
སྙིང་སྐྱི་
སོགས་ཀྱི་གཉན་ཚད་ལ་ཕན།
གཟབ་རྒྱུ།
༡སྨན་འདི་ལ་འབུ་ཕྲ་ཐད་ཀར་གསོད་པའི་ནུས་པ་ཡོད་པ་ལས་གཉན་སྲིན་ལ་ནུས་པ་གང་ཡང་མི་ཐོན་པས་ཆམ་རིམས་སོགས་
གཉན་སྲིན་གྱིས་བསླངས་པའི་ནད་ལ་སྨན་འདི་མ་སྤྱོད།
༢སྨན་འཕྲོད་མིན་སྐྱི་པགས་ཚོད་ལྟ་ངེས་པར་དུ་གྱིས།
སྨན་མ་འཕྲོད་ན་སྲོག་ཉེན་ཡོད།
༣གལ་ཏེ་སྨན་འདི་མ་འཕྲོད་པར་དབང་པོ་ཤོར་ན་མྱུར་དུ་ཧྲིན་ཧྲང་ཤན་སུའུ་ཁབ་རྒྱོབ།
༤ཁ་ཤས་ཀྱིས་སྨན་འདི་ནད་བརྒྱ་སྨན་གཅིག་ལ་བརྩིས་
ནས་རང་འདོད་གང་མོས་ཀྱིས་སྤྱད་པས་ནད་སྨན་གཉིས་འདྲིས་ནས་རྗེས་འབྲས་ངན་པ་གང་མང་འབྱུང་བཞིན་ཡོད་པས་ངེས་པར་དུ་སྨན་ཐོ་
ལྟར་སྤྱོད།
༥སྨན་ཕྱེ་རླངས་ཆུར་སྦངས་པའི་ཉིན་དེ་རང་ལ་མ་གཏོགས་ཉིན་གཅིག་འགོར་རྗེས་སྤྱོད་མི་རུང་།
༦སྨན་འདི་སྨན་གཞན་དང་བསྲེས་
ནས་བརྒྱབ་ན་ནུས་པ་ཇེ་ཆུང་དུ་འགྲོ་སྲིད།
ཞོར་སྐྱོན།
༡པགས་འབྲུམ་འབྱུང་བ།
༢ཁྲག་རིལ་དཀར་པོ་ཇེ་ཉུང་གཏོང་བ།
༣དབང་པོ་ཤོར་བ།
༤མཁལ་མར་ནད་གཞི་འཇོག་པ།
༥དབུགས་
འཚང་བ།
༦ཀླད་པར་སྐྱོན་ཤོར་བ།
༧སྙིང་འཕར་ཤུགས་ཉམས་པ་སོགས་ཞོར་སྐྱོན་གྱི་རྟགས་ཡོད།
སྨན་གྱི་རིགས།
ཁབ་སྨན་དཀར་པོ་ཕྱེ་མ།
ཤེལ་དམ་རེ་ལ་སྨན་གྱི་རྩིས་གཞི་ཁྲི་༤༠ཅན་དང་།
ཁྲི་༨༠ཅན།
ཁྲི་༡༦༠ཅན།
ཁྲི་༤༠༠ཅན་སོགས་ཡོད།
བེད་སྤྱོད་ཚུལ།
༡ཤ་ཁབ།
༼༡༽
དར་མའི་ཐུན་ཚད།
ཉིན་རེར་ཐེངས་༢ནས་༤ཙམ་(དུས་ཚོད་དྲུག་འགོར་རྗེས་ཐེངས་རེ་)རྒྱག་དགོས་ལ།
ཐེངས་
རེ་ལ་སྨན་རྩིས་གཞི་ཁྲི་༤༠ནས་ཁྲི་༨༠ཙམ་རྒྱོབ།
༼༢༽
བྱིས་པའི་ཐུན་ཚད།
ལུས་ལྗིད་སྤྱི་རྒྱ་རེ་ལ་སྨན་གྱི་རྩིས་གཞི་ཉིས་ཁྲི་ལྔ་སྟོང་ལྟར་བརྩིས་
ནས་ཐེངས་༤ལ་བགོས་རྗེས་རྒྱོབ།
༢གནམ་ཁབ།
༼༡༽
དར་མའི་ཐུན་ཚད།
ཉིན་རེར་རྩིས་གཞི་ཁྲི་༢༠༠ནས་ཁྲི་༢༠༠༠བར།
ཐེངས་གཉིས་གསུམ་ལ་བགོས་ནས་རྒྱོབ།
སི་ཧོང་སུའུ།
四环素 tetracycline
ཕན་ཡོན།
ཁྱབ་ཆེ་བའི་དུག་སྲིན་འགོག་སྨན།
གཙོ་བོ་ཆིན་མེ་སུའུ་རིགས་མི་འཕྲོད་པའི་གློ་བ་དང་གློ་ཡུ།
རྣ་བ།
རྒྱུ་མ།
གཅིན་ལམ་སོགས་ཀྱི་གཉན་
ཚད་ལ་བཀོལ་བ་མང་།
གཟབ་རྒྱུ།
༡སྨན་འདིས་མཆིན་པ་དང་མཁལ་མ་ལ་གནོད་ཆེ་བས་མཆིན་མཁལ་ནད་གཞི་ཡོད་མཁན་གྱིས་འཛེམ།
༢རྒྱུན་དུ་སྤྱད་ན་ནད་སྨན་
འདྲིས་ནས་ནུས་པ་མི་ཐོན།
༣སྦྲུམ་མ་དང་།
ནུ་མ་སྣུན་མཁན།
བྱིས་པ་ལོ་བརྒྱད་མ་ལོན་པ་བཅས་ཀྱིས་སྤོང་།
༤རྒས་པ་ལ་གཟོབས།
༥སྨན་འདི་ཅའོ་
མུའུ་ཕེན་(酵母片)དང་།
རུའུ་སྨི་ཧྲེང་(乳米生)
ཀའེ་ཕེན་(钙片)
ལིའུ་སོན་ཡ་ཐིའེ་(硫酸亚铁)སོགས་དང་མཉམ་དུ་
གཏན་ནས་ཟ་མི་རུང་།
༦ལོ་མང་པོར་སྨན་འདི་གང་མོས་ཀྱིས་སྤྱད་པས།
ད་སྐབས་འདིས་ཕན་པའི་ནད་ཡམས་ཇེ་ཉུང་དུ་འགྲོ་བཞིན་ཡོད།
ཞོར་སྐྱོན།
༡ཞེན་པ་ལོག་པ་དང་སྐྱུགས་སློང་།
འཁྲུ་བཤལ།
གཤེར་རྨེན་དང་མིད་པའི་གཉན་ཚད་སློང་།
སྨུག་པོའི་ནད་གཞི་འཇོག
མཆིན་པ་དང་
མཁལ་མའི་ནུས་པ་ཉམས།
པགས་འབྲུམ་འབྱུང་།
ཟུངས་ཁྲག་གི་ཕྲ་ཕུང་ཉུང་དུ་གཏོང་།
ལྟེ་བའི་དབང་རྩ་ལ་གནོད་པ་སོགས་ཀྱི་རྟགས་མང་།
སྨན་གྱི་རིགས།
རིལ་མོ།
རིལ་མོ་རེར་གྷི་རམ་༠.༢༥ཡོད།
བེད་སྤྱོད་ཚུལ།
ཟ་སྨན།
༼༡༽
དར་མའི་ཐུན་ཚད།
དུས་ཚོད་༦འགོར་རྗེས་ཐེངས་༡ཟ་ཆོག
ཐེངས་རེ་ལ་རིལ་མོ་༢རེ་ཟོ།
༼༢༽
བྱིས་པའི་ཐུན་ཚད།
ལོ་བརྒྱད་ཅན་མན་ཆད་ལ།
ལུས་ལྗིད་སྤྱི་རྒྱ་རེར་སྨན་གྷི་རམ་སྟོང་ཆ་༢༥ནས་༥༠mgཙམ་ཐེངས་བཞི་ལ་བགོས་ནས་བྱིན།
ཨ་མོ་ཞི་ལིན།
阿莫西林 Amoxicillin
ཕན་ཡོན།
ཤུགས་འབྲིང་གི་ཁྱབ་ཆེ་བའི་དུག་སྲིན་འགོག་སྨན།
གཙོ་བོ་བར་སྣ་དང་།
སྣ་ཁོག
ཨོལ་མདུད།
ཟ་འགྲམ་གཤེར་རྨེན།
སྐྱེ་འཕེལ་མ་ལག་
དང་གཅིན་ཟགས་མ་ལག
པགས་ངོས།
གློ་བ།
གློ་ཡུ།
རེག་དུག་(རྒྱ་ནད་)སོགས་ཀྱི་གཉན་འཐབ་ལ་ཕན།
དོ་སྣང་།
༡ཆིང་མེ་སུའུ་མི་འཕྲོད་པའི་མི་ལ་སྨན་འདི་སྤོངས།
༢བེད་སྤྱོད་བྱེད་ཡུན་རིང་ན་མཆིན་པ་དང་མཁལ་མ་ལ་གནོད།
༣དབུགས་འཚང་
གི་ནད་ཅན་དང་རྒས་པ་ལ་སྨན་འདི་སྤྱོད་སྐབས་གཟབ་དགོས།
༤སྨན་འདི་སྤྱོད་བདེ་ལ་ཕན་ནུས་མགྱོགས་པས་ཞིང་འབྲོག་ས་ཁུལ་དུ་སྤྱོད་མཁན་
མང་།
འོན་ཀྱང་ངོ་ཆམ་དང་མགོ་གཟེར་ཙམ་གྱི་ནད་ལ་སྨན་འདི་ཕན་ནུས་མེད།
ཡུན་རིང་ཟོས་ན་ནད་སྨན་གཉིས་འདྲིས་པས་རྗེས་སུ་གཉན་
འཐབ་ཀྱི་ནད་ཚབས་ཆེན་ཕོག་སྐབས་སྨན་འདིའི་ནུས་པ་མེད་པར་གྱུར་ཡོད།
༥སྨན་འདིས་ལུས་སྟེང་གི་ནད་འབུ་གསོད་པ་དང་མཉམ་དུ་མཆིན་
པ་དང་མཁལ་མ་སོགས་ཀྱི་ཕྲ་ཕུང་མང་པོའང་གསོད་བཞིན་ཡོད།
༦སྨན་འདི་ངེས་པར་དུ་སྨན་པའི་སྨན་ཐོ་ལྟར་ཟོས།
ཞོར་སྐྱོན།
༡སྐྱུགས་སློང་ངམ་ཞེན་ལོག
འཁྲུ་བཤལ།
༢པགས་འབྲུམ་འབྱུང་བ།
༣ཚ་བ་རྒྱས་པ་དང་དབུགས་འཚང་བ།
༤ཟུངས་ཁྲག་ཉམ་པ།
༥གཉིད་ཡེར་བ་དང་མགོ་འཁོར་སོགས་ཞོར་སྐྱོན་རྟགས་ཡོད།
སྨན་རིགས།
སྐོགས་ཐུམ།
ཐུམ་རེར་སྨན་གྷི་རམ་༠.༢༥gཡོད།
བཀོལ་ཚུལ།
ཟ་སྨན།
༡དར་མའི་ཐུན་ཚད།
དུས་ཚོད་དྲུག་གམ་བརྒྱད་འགོར་རྗེས་ཐེངས་རེ་དང་ཐེངས་རེར་སྐོགས་ཐུམ་གཉིས་རེ་ཟོ།
༢བྱིས་པའི་
ཐུན་ཚད།
ལུས་ལྗིད་སྤྱི་རྒྱ་རེར་སྨན་གྷི་རམ་སྟོང་ཆ་༣༠mgརེ་བྱས་ནས་དུས་ཚོད་༡༢འགོར་རྗེས་ཐེངས་རེ་སྦྱིན།
ཐོའུ་པའོ་ཨན་པེན་ཁི་ལི།
头孢氨苄颗粒 Cefalxin Granules
ཕན་ཡོན།
ཁྱབ་ཆེ་བའི་དུག་སྲིན་འགོག་སྨན།
གཙོ་བོ་བྱིས་པ་ཡི་གཉན་འཐབ་འདྲ་མིན་གཅོག་པའི་སྨན་ཡིན།
དོ་སྣང་།
༡ཆིང་མེ་སུའུ་མ་འཕྲོད་ན་སྨན་འདི་སྦྱིན་མི་རུང་།
༢སྨུག་པོ་ཡི་ནད་གཞི་ཡོད་པ་དང་མཁལ་མར་ནད་ཡོད་པའི་མི་ལ་སྨན་འདི་བེད་
སྤྱོད་བྱས་ན་གཟབ་དགོས།
༣སྦྲུམ་མར་བེད་སྤྱོད་བྱས་ན་གཟོབས།
༤སྨན་འདི་མངར་བའི་ཆ་ཤས་ཡོད་ཕྱིར།
ཕ་མ་ཁ་ཤས་ཀྱི་བྱིས་པ་ལ་ཁ་སྨན་
ཚུལ་དུ་བེད་སྤྱོད་བྱེད་བཞིན་ཡོད་པ་དེ་དངོས་གནས་ཉེན་ཁ་ཆེ་ལ་རྗེས་འབྲས་ངན་པའི་བྱ་བ་ཐབས་རྡུགས་ཤིག་ཡིན།
སྨན་འདི་བྱིས་པས་ནམ་
རྒྱུན་ཟོས་ན་ཕོ་བ་དང་མཁལ་མ།
ཟུངས་ཁྲག་སོགས་ལ་གནོད་པས་མི་ཚད།
རྗེས་སུ་གཉན་འཐབ་རང་བཞིན་གྱི་ནད་བྱུང་ན་དུག་སྲིན་འགོག་སྨན་
གྱིས་ཕན་ནུས་མེད་པས་སྲོག་ཤོར་བའི་ཉེན་ཁ་ཡོད།
ཞོར་སྐྱོན།
༡སྐྱུགས་སློང་ངམ་ཞེན་ལོག
འཁྲུ་བཤལ།
༢པགས་འབྲུམ་འབྱུང་བ།
༣ཚ་བ་རྒྱས་པ་དང་དབུགས་འཚང་བ།
༤ཟུངས་ཁྲག་ཉམ་པ།
༥གཉིད་ཡེར་བ་དང་མགོ་ཡོམ་འཁོར་བ་སོགས་ཞོར་སྐྱོན་རྟགས་ཡོད།
སྨན་གྱི་རིགས།
ཕྱེ་མ།
ཐུམ་རེ་ལ་སྨན་གྷི་རམ་༢.༥gཡོད།
བེད་སྤྱོད་བྱེད་ཚུལ།
ཕྱེ་མ་དེ་ཆུ་ནང་དུ་སྦྱངས་རྗེས་བླུག་ཆོག
བྱིས་པའི་ཐུན་ཚད།
ལུས་ལྗིད་ཀྱི་སྤྱི་རྒྱ་རེ་ལ་སྨན་ཁུག་མ་ལྔ་ཆ་གཅིག་བྱས་ནས་ཉིན་
རེར་ཐེངས་བཞི་ལ་བགོས་རྗེས་སྦྱིན་དགོས།
གོང་དུ་རགས་ཙམ་ངོ་སྤྲོད་བྱས་པའི་སྨན་བཞི་པོ་ཁྱབ་ཆེ་བའི་དུག་སྲིན་འགོག་སྨན་ཡིན།
འཛམ་གླིང་སྨན་གྱི་ལོ་རྒྱུས་ནང་དུ་དུག་སྲིན་འགོག་སྨན་
ནི་འགྲོ་བ་མི་ཡི་རིགས་ལ་ཕན་ཐོགས་ཆེས་ཆེ་བའི་སྨན་གྱི་རིགས་ཤིག་ཡིན།
ཉེ་བའི་ལོ་འགའི་ནང་དུ་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་གོམ་འགྲོས་
དང་བསྟུན་ནས་དུག་སྲིན་འགོག་སྨན་ཤུགས་ཆེ་ཆུང་འདྲ་མིན་མང་པོ་ཞིག་གསར་གཏོད་བྱས་ཡོད།
འོན་ཀྱང་།
སྨན་དེ་དག་མི་རྣམས་ཀྱིས་བེད་
སྤྱོད་ཚུལ་བཞིན་མི་ཤེས་པས་མི་རྣམས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་འབྱུང་བཞིན་ཡོད།
དེའི་ཕྱིར།
འཕེལ་རྒྱས་ཅན་གྱི་ནུབ་
ཕྱོགས་རྒྱལ་ཁབ་ཏུ།
མེ་མདའ་ལས་དུག་སྲིན་འགོག་སྨན་ཉོ་དཀའ།
རང་རྒྱལ་གྱིས་ཉིས་སྟོང་བཞི་ལོར་ཆེད་དུ་ཁྲིམས་བཞག་ནས་དུག་སྲིན་འགོག་
སྨན་རང་མོས་ཀྱིས་ཉོ་འཚོང་བྱེད་མི་ཆོག་པར་བཀག་འགོག་བྱས།
རེ་བ་ལ་འབྱུང་འགྱུར་དུས་ལ་ནད་པ་རྣམས་སྨན་པ་ཡི་སྨན་ཐོ་ལྟར་དུག་སྲིན་
འགོག་སྨན་བེད་སྤྱོད་བྱེད་པ་དང་།
སྨན་པ་རྣམས་ཀྱིས་ཀྱང་ནད་པ་ཡི་ལུས་ཕུང་བདེ་ཐང་ལ་འགན་ཁུར་དང་སྨན་པའི་ཀུན་སྤྱོད་བརྩི་སྲུང་བྱས་
ནས་དུག་སྲིན་འགོག་སྨན་རྣམས་ལུགས་དང་མཐུན་པའི་ངང་ནས་བེད་སྤྱོད་བྱེད་པ་གལ་ཆེ།
ཨ་སི་ཕིས་ལིན།
阿司匹林 AsPirin
ཕན་ཡོན།
ཚ་འཇོམས་གཟེར་གཅོག་སྨན།
གཙོ་བོ་མགོ་དང་དབང་རྩ།
སོ།
ཤ་གནད།
ཚིགས་གཞི་སོགས་གཟེར་བ་ཀུན་ལ་ཕན།
དོ་སྣང་།
༡ལོ་དྲུག་མན་གྱི་བྱིས་པ་དང་ལུས་ཟུངས་ཉམས་པའི་རྒས་པ་རྣམས་ལ་བེད་སྤྱོད་བྱེད་སྐབས་གཟབ་དགོས།
༢སྙིང་དང་མཆིན་པ།
མཁལ་
མ་ལ་ནད་གཞི་ཡོད་པ་དང་ཟུངས་ཁྲག་ལ་ནད་གཞི་ཡོད་པའི་ནད་པ་ལ་སྨན་འདི་སྦྱིན་སྐབས་གཟབ་དགོས།
༣གཟེར་འཇོམས་སྨན་ཟ་གྲངས་མང་
བས་ནད་སྨན་གཉིས་འདྲིས་ཡོད་པ་མང་།
སྨན་ལ་ཞེན་ཆགས་སློང་བ་ཡང་མང་།
སྨན་གྱི་ཐུན་ཚད་ཀྱང་ཇེ་ཆེ་ཇེ་མང་དུ་འགྲོ་བཞིན་ཡོད་པས་
དོགས་ཟོན་ལྷག་པར་དུ་བྱེད་དགོས།
༤སྨན་འདི་ཐུན་ཆེ་ལ་དུས་ཡུན་རིང་པོ་ཟོས་ན་ཁྲག་རིལ་དམར་པོ་དང་མཆིན་པའི་བྱེད་ལས།
མཁལ་མའི་བྱེད་
ལས་སོགས་ལ་གནོད་པས་བརྟག་དཔྱད་བྱས་ན་རྒྱུན་ལྡན་མིན་པར་མངོན།
༥གཟེར་འཇོམས་སྨན་འདི་གཟེར་བའི་གནས་ཀྱི་དབང་རྩ་སྦྲིད་པས་
གཟེར་འཇོམས་ཀྱི་ཕན་ནུས་ཡོད་པ་མ་གཏོགས་ནད་དངོས་ལ་ཕན་པ་གང་ཡང་མེད་ཕྱིར།
ཐབས་གང་དྲག་གིས་མ་ཟོས་ན་བཟང་།
ཞོར་སྐྱོན།
༡ཞེན་པ་ལོག་པ་དང་སྐྱུགས་སློང་བ།
ཕོ་བའི་གནས་གཟེར་བ་སོགས་ཀྱི་ཞོར་སྐྱོན་རྟགས་ཡོད།
༢དུས་ཡུན་རིང་པོར་ཟོས་ན་ཕོ་བ་དང་
རྒྱུ་མ་ལས་ཁྲག་བཞུར་བ་དང་།
ཕོ་བ་དང་རྒྱུ་སོར་བཅུ་གཉིས་གནས་ལ་སྨུག་པོའི་ནད་ཞུགས་པའི་ཉེན་ཁ་ཡོད།
༣དབང་པོ་ཤོར་བ་སོགས་ཀྱི་རྟགས་
ཡོད་པ་མ་ཚད།
ཚབས་ཆེ་ན་སྲོག་ལ་ཡང་ཉེན་ཁ་ཡོད།
༤ཟུངས་ཁྲག་གིས་སྲོག་རླུང་སྐྱེལ་འདྲེན་གྱི་བྱེད་ལས་ཉམས་འགྲོ།
༥སྨན་འདིས་ལྟེ་བའི་
དབང་རྩ་དང་ཟུངས་ཁྲག
མཆིན་པ།
མཁལ་མ།
མིག་གི་མཐོང་བྱེད་དྲ་སྐྱི་སོགས་ལ་གནོད་པ་ཆེན་པོ་ཡོད།
སྨན་གྱི་རིགས།
སྨན་ལེབ།
བེད་སྤྱོད་བྱེད་ཚུལ།
ཉི་མ་གཅིག་ལ་ཐུན་གསུམ་ཟས་ཟོས་རྗེས་ཟ་དགོས།
ཟ་ཐེངས་རེ་ལ་སྨན་ལེབ་གཅིག་དང་གཉིས་ཙམ་ཡིན།
དོ་སྣང་།
སྨན་འདི་མིན་པའི་གཟེར་འཇོམས་སྨན་གཞན་པ་ལའང་སྨན་འདི་ལྟ་བུའི་ཞོར་སྐྱོན་ཡོད་པས་བེད་སྤྱོད་བྱེད་སྐབས་གཟབ་དགོས།
པའོ་ཐའེ་སུང་།
保泰松
ཕན་ཡོན།
གཟེར་འཇོམས་ཚད་གཅོག་གི་ནུས་པ་ཡོད།
གཙོ་བོ་དྲེག་དང་གྲུམ་བུ།
ཚིགས་གཞི་གཟེར་བ་ལ་བེད་སྤྱོད་བྱེད་པ་མང་།
ཞོར་སྐྱོན་དང་དོ་སྣང་།
༡ཞེན་པ་ལོག་པ་དང་སྐྱུགས་སློང་བ།
པགས་འབྲུམ་འབྱུང་བ།
གསུས་ཁོག་གཟེར་བ་དང་བཤང་བ་འགག་པ་སོགས་ཀྱི་ཞོར་
སྐྱོན་ཡོད།
༢ནད་པ་ཁ་ཤས་ལ་སྨན་འདི་ཟོས་ནས་མཁལ་མ་སྐྱོན་ཤོར་བས་གཅིན་ནང་དུ་ཁྲག་འདྲེས་ཡོད།
༣ཡུན་རིང་ཟོས་ན་ལུས་པོས་ནད་ཀྱི་
འགོག་ཤུགས་ཇེ་ཆུང་འགྲོ།
༤སྨན་འདིས་སྙིང་དང་མཆིན་པ།