¡þ¡þ
ལམ་དུ་མ་ཞུགས་གོང་གོས་ཡག་པོ་གྱོན།
ཁུག་མ་དང་།
སྐེ་དཀྲིས།
ལག་ཤུབས།
ཁ་ཁེབས།
ཤེལ་མིག
རུམ་གྱི་ཅ་ལག
རྒྱན་ཆ་
སོགས་ལམ་ནས་ཡང་བསྐྱར་རེག་མི་དགོས་པ་བྱ།
ལམ་ནས་འགྲོ་དུས་ངེས་པར་དུ་རང་གི་གཡས་དེ་ལམ་མཐའ་དང་གཡོན་དེ་ལམ་དཀྱིལ་ངོས་
སུ་གཏད་པའི་ལམ་མཐའ་དང་ཡང་ན་ལམ་འགྲམ་ནས་འགྲོ་དགོས།
གཞུང་ལམ་འཕྲེད་དུ་བརྒལ་སྐབས་ངེས་པར་དུ་རྐང་ལམ་སྟེ་མི་རྣམས་འགྲོ་
སའི་ལམ་ཐིག་ནས་འགྲོ་དགོས་ལ།
དེ་ཡང་ཐོག་མར་རང་གི་གཡོན་ངོས་ནས་འཁོར་ལོའི་རིགས་ཡོང་མིན་ལྟ་བ་དང་ལམ་དཀྱིལ་དུ་སླེབ་དུས་རང་
གི་གཡས་ངོས་ནས་འཁོར་ལོའི་རིགས་ཡོང་མིན་ལྟོས།
དམིགས་བསལ་གྱི་གནས་ཚུལ་མེད་ན་གོམ་པའི་མགྱོགས་ཚད་རྒྱུན་ལྡན་གྱིས།
གློ་བུར་དུ་
རྒྱུགས་པ་དང་ཚ་སྡོད་མི་ཉན།
དེ་ལྟར་བྱེད་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་འགྲིམ་འགྲུལ་སྒྲིག་ལམ་བཞིན་
འཁོར་ལོའི་རིགས་དང་གདོང་ཐུག་གི་གནོད་པ་བྱུང་ན་དེའི་རྐྱེན་གྱིས་བྱུང་བའི་སྨན་ཡོན་དང་ལས་ཐབས་བཅག་པ་སོགས་ཀྱི་སྐྱིན་ཚབས་དེ་
འགྲིམ་འགྲུལ་སྒྲིག་ལམ་དང་འགལ་མཁན་དེས་སྤྲོད་པ་སོགས་ཁྲིམས་ཀྱི་སྲུང་སྐྱོབ་ཡོད་པ་དེའི་ཆེད་ཁོ་ན་མ་ཡིན་པར།
ཁ་ལོ་པས་ཀྱང་ཕྱོགས་དེ་
ལ་གཟབ་ཡོད་པས་ཆག་སྒོ་ཉུང་།
ད་དུང་ལམ་མདོ་དང་།
སྒོ།
ཁུག་པ།
སྒེའུ་སོགས་ལས་གློ་བུར་དུ་འཕྲུལ་འཁོར་གྱི་རིགས་ཡོང་སྲིད་པས་མིག་
གིས་རྒྱང་རིང་ཙམ་དུ་ལྟོས།
འཁོར་ལོའི་རིགས་འགྲོ་འོང་དེ་ཙམ་མེད་པའི་ས་སྟོང་ཡིན་རུང་ཁུག་པ་ཡོད་ས་དང་སྒེའུ་ནས་གཟབ་དགོས་ལ།
ལམ་
གཟར་ས་ནས་ཁ་ལོ་པས་སྣུམ་འཁོར་ཁ་མི་གྲག་པ་སྟོང་པར་བཏང་སྟེ་སྣུམ་སྲི་བ་སོགས་བྱེད་པས་འགྲམ་དུ་མ་སླེབ་ན་སྤྱིར་བཏང་འུར་སྒྲ་ཐོས་མི་
ཐུབ་པས་གྱེན་ཕྱོགས་སུ་གཟབ་པ་གལ།
ས་སྟོང་དང་གྲོང་གསེབ་གང་དུ་ཡིན་ཀྱང་ལམ་ནང་ནས་ཁ་བརྡ་ལབ་པ་དང་།
དུ་བར་མེ་སྒྲོན་པ།
མེ་
ལོང་ལྟ་བ།
སྒྲོས་ཚོས་བསྐུ་བ།
མིག་དང་ཤེལ་མིག་ཕྱི་བ།
ཁ་པར་གཏོང་བ།
ཡི་གེ་ལྟ་བ།
ངལ་བསོ་བ།
རྩེད་མོ་རྩེ་བ།
འཛིང་མོ་བྱེད་པ།
ལམ་
འགྲམ་གཡས་གཡོན་ལ་ལྟད་མོ་ལྟ་བ།
ཡར་མར་རྒྱུགས་པ།
ལམ་ནང་དུ་ཅ་ལག་འཇོག་པ་སོགས་རང་གཞན་ཀུན་ལ་ཆག་སྒོ་སློང་བའི་བྱ་བ་
གཏན་ནས་མ་སྒྲུབས།
མཆན།
སྒེའུ།
རྡོ་ཆུང་ངུ་ལ་རྡེའུ་ཟེར་བ་ལྟར་སྒང་ཆུང་ངུའི་དོན།
£¨ཀུན་དགའ་ཚེ་རིང་གིས་བྲིས།£©
¡þ¡þ