བགྲོད་ལམ་གྱི་འགྲིམ་འགྲུལ་དོ་དམ་སྲོལ་ཡིག་གཏན་འབེབས་ཀྱི་དམིགས་ཡུལ།
བགྲོད་ལམ་གྱི་འགྲིམ་འགྲུལ་དོ་དམ་དེ་སྔར་ལས་ལྷག་པ་དང་།
འགྲིམ་འགྲུལ་སྒྲིག་སྲུང་། འགྲིམ་འགྲུལ་བདེ་འཇགས་དང་བདེ་བགྲོད་
ཐུབ་པར་འགན་ལེན།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་སོགས་དང་མཐུན་ཆེད།
བགྲོད་ལམ་འགྲིམ་
འགྲུལ་དོ་དམ་གྱི་སྲོལ་ཡིག་གཏན་ལ་ཕབ།
¡þ¡þའཕྲུལ་འཁོར་ཁ་ལོ་པས་ངེས་པར་དུ་འགྲིམ་འགྲུལ་དོ་དམ་གྱི་སྲོལ་ཡིག་ལ་བརྩི་སྲུང་དགོས།
¡¶ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་དོ་དམ་གྱི་སྲོལ་ཡིག་¡·ནི་རྒྱལ་ཁབ་ཀྱིས་བགྲོད་ལམ་འགྲིམ་
འགྲུལ་ཐད་ལ་དོ་དམ་བྱེད་པའི་སྲིད་འཛིན་དོ་དམ་གྱི་ཁྲིམས་སྲོལ་ཞིག་ཡིན་ལ།
འཁོར་ལོའི་རིགས་དང་ལམ་དུ་འགྲོ་བའི་མི་ཡོད་ཚད་
ཀྱི་སྤྱོད་ལམ་གྱི་ཚད་གཞི་ཞིག་ཀྱང་ཡིན།
འཕྲུལ་འཁོར་ཁ་ལོ་པས་འགྲིམ་འགྲུལ་དོ་དམ་གྱི་སྲོལ་ཡིག་བརྩི་སྲུང་བྱེད་མིན་དེ།
ཁ་ལོ་པ་
རང་ཉིད་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་བདེ་འཇགས་ཡོང་མིན་དང་།
ད་དུང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་འགན་
རྣམས་བདེ་བླག་ངང་འགྲུབ་ཐུབ་མིན་སོགས་ལ་ཐད་ཀར་འབྲེལ་བ་ཡོད་ཕྱིར།
ཁ་ལོ་པ་རྣམས་ཀྱིས་རང་འགུལ་གྱིས་ངེས་པར་དུ་
གཟབ་ནན་ངང་¡¶ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་དོ་དམ་གྱི་སྲོལ་ཡིག་¡·ལ་བརྩི་སྲུང་དང་།
འགྲིམ་འགྲུལ་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་ནས་བདེ་འཇགས་ངང་བདེ་བགྲོད་ཐུབ་པར་འགན་ལེན་དགོས།
¡þ¡þའགྲིམ་འགྲུལ་དོ་དམ་སྲོལ་ཡིག་ནང་སྒྲིག་ཁྲིམས་ལ་འགལ་བའི་ཁ་ལོ་པ་ལ་ཆད་པ་གཅོད་པའི་གཏན་འཁེལ།
¡¶ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་དོ་དམ་གྱི་སྲོལ་ཡིག་¡·ཏུ་ཁྲིམས་འགལ་གྱི་ཁ་ལོ་པ་ལ་
གནས་ཚུལ་བྱུང་རྐྱེན་གྱི་དོན་དག་དང་གནོད་སྐྱོན་ཆེ་ཆུང་ལ་གཞིགས་ནས།
དྲན་སྐུལ་གྱི་ཐ་ཚིག་སྒྲོག་པ་དང་། ཆད་པ་གཅོད་པ།
བཟུང་ཉར་བྱེད་པ། འཁོར་འཛིན་རུག་པ་བཅས་བཞི་ཡི་སྟེང་ནས་ཆད་པ་གཅོད།
དེ་ཡང་འགྲིམ་འགྲུལ་སྒྲིག་ཁྲིམས་དང་འགལ་བའི་
རྐྱེན་གྱིས་དོན་རྐྱེན་འབྱུང་བ་དང་།
ཁྲིམས་འགལ་གྱི་སྤྱོད་ལམ་ཇི་ཙམ་མང་ན་དོན་རྐྱེན་འབྱུང་ཚད་ཀྱང་དེ་ཙམ་ཆེ་ཕྱིར། ཁྲིམས་
འགལ་པ་དག་ལ་གོ་བསྐོན་སློབ་གསོ་གཏོང་བ་དང་།
རྒྱ་ཆེ་བའི་ཁ་ལོ་པ་ཚོས་དོགས་གཟབ་བྱེད་ཆེད་ཁྲིམས་འགལ་མཁན་ལ་འོས་
འཚམ་གྱི་ཆད་པ་བཅད་ནས།
འགྲིམ་འགྲུལ་སྒྲིག་སྲུང་དང་བདེ་འཇགས་ངང་འཁོར་ལོ་གཏོང་བར་དགོས་ངེས་ཧ་ཅང་ཆེ།
¡þ¡þའགྲིམ་འགྲུལ་ཕྱོགས་སྟོན་གློག་བརྡའི་རིགས་དང་ཕན་པ།
¡þ¡þཕྱོགས་སྟོན་གློག་བརྡ་ལ་གློག་ཞུ་ལྗང་ཁུ་ཤར་བ་དང་།
གློག་ཞུ་སེར་པོ་ཤར་བ། གློག་ཞུ་དམར་པོ་ཤར་བ། གློག་ཞུ་ལྗང་ཁུ་མདའ་
རྩེ་ཅན་ཤར་བ། གློག་ཞུ་སེར་པོ་ཤར་ཙམ་ཤར་ཙམ་བྱེད་པ་བཅས་རིགས་ལྔ་ཡོད།
¡þ(༡)ཕྱོགས་སྟོན་གློག་བརྡ་ལྗང་ཁུ་ཤར་ཚེ།
འཁོར་ལོའི་རིགས་དང་རྐང་ཐང་པ་དག་ལམ་དུ་
བགྲོད་ཆོག་མོད། འོན་ཀྱང་།
ཁུག་ཆེན་བསྐོར་བའི་འཁོར་ལོས་ཐད་ཀར་ཤར་བགྲོད་ཀྱི་འཁོར་
ལོའི་རིགས་དང་རྐང་ཐང་ཚོར་འགོག་རྐྱེན་བཟོ་མི་ཆོག
¡¡
(༢)ཕྱོགས་སྟོན་གློག་བརྡ་སེར་པོ་ཤར་ཚེ།
འཁོར་ལོའི་རིགས་དང་རྐང་ཐང་བགྲོད་མི་ཆོག་
ཀྱང་།
ཐིག་མཚམས་ལས་བརྒལ་ཟིན་པའི་འཁོར་ལོ་དང་འཕྲེད་སྐྱོད་རྐང་ལམ་དུ་ཞུགས་ཚར་
བའི་རྐང་ཐང་ཚོ་མུ་མཐུད་འགྲོ་ཆོག
¡¡
(༣)ཕྱོགས་སྟོན་གློག་བརྡ་དམར་པོ་ཤར་ཚེ།
འཁོར་ལོའི་རིགས་དང་རྐང་ཐང་ཚོ་བགྲོད་མི་
ཆོག་ཀྱང་། གཡས་ཕྱོགས་སུ་ཁུག་སྐྱོག་བྱེད་ནས་བགྲོད་པའི་འཁོར་ལོ་དེས།
ཕྱིར་འོང་པའི་
འཁོར་ལོ་དང་རྐང་ཐང་ལ་འགོག་རྐྱེན་མེད་པའི་གནས་ཚུལ་འོག་ཁུག་སྐྱོག་ནས་བགྲོད་ཆོག
¡¡
¡þ(༤)དམར་པོའམ་སེར་པོའི་གློག་བརྡ་ཤར་ཚེ།
ཀ་མགོའི་དབྱིབས་ཅན་གྱི་སུམ་མདོ་ནས་
གཡས་ཕྱོགས་བགྲོད་པའི་འཕྲེད་ལམ་མེད་ཚེ།
ཐད་ཀར་ཤར་བགྲོད་ཀྱི་འཁོར་ལོ་ཕྱིར་འོང་
འཁོར་ལོ་དང་རྐང་ཐང་ལ་འགོག་རྐྱེན་མེད་པའི་གནས་ཚུལ་འོག་བགྲོད་ཆོག
¡¡
¡þ(༥)མདའ་རྩེ་ལྗང་ཁུའི་གློག་བརྡ་ཤར་ཚེ།
འཁོར་ལོའི་རིགས་དག་མདའ་རྩེ་གཏད་ཕྱོགས་སུ་
བགྲོད་ཆོག
¡¡
¡þ¡þ(༦)སེར་པོའི་གློག་བརྡ་ཤར་ཙམ་ཤར་ཙམ་བྱེད་པ་ནི་དོགས་གཟབ་དྲན་སྐུལ་ཡིན།
དེའི་སྐབས་
འཁོར་ལོའི་རིགས་དང་རྐང་ཐང་ཚོ་ངེས་པར་དུ་བདེ་འཇགས་ངང་འགྲོ་ཆོག
¡¡
¡þ¡þའགྲིམ་འགྲུལ་ཕྱོགས་སྟོན་བརྡའི་རྣམ་པ།
¡þ
¡þ
¡þ¡þདེ་ཡི་རྣམ་པ་ནི་ཕྱོགས་སྟོན་གློག་བརྡ་དང་འཁོར་ལམ་གློག་བརྡ།
རྐང་ཐང་འཕྲེད་ལམ་གློག་བརྡ། འགྲིམ་འགྲུལ་ཕྱོགས་སྟོན་
དབྱུག་པ། ལག་བརྡ་བཅས་ཁག་ལྔ་ཡོད།
¡þ¡þའགྲིམ་འགྲུལ་བརྡ་རྟགས་ཀྱི་སྣ་ཁ་དང་ཕན་པ།
འགྲིམ་འགྲུལ་བརྡ་རྟགས་ལ་གཟུགས་རིས་དང་མཚོན་རྟགས།
ཡི་གེ་ངེས་ཅན་གྱི་བརྡ་འཕྲིན་བཅས་ཡོད་པ་དེས་འགྲིམ་འགྲུལ་དོ་
དམ་གྱི་བདེ་འཇགས་ལ་སྒྲིག་བཀོད་བྱེད།
འགྲིམ་འགྲུལ་བརྡ་རྟགས་ཀྱི་སྣ་ཁ་ཁག་གཤམ་གསལ།



£¨ཚེ་རིང་འབྱོར་ལྡན་གྱིས་བཏུས་ཤིང་བསྒྱུར།£©
¡þ¡þ