སྒུལ་འཕྲུལ་གྱི་འཕྲུལ་སྣུམ་བཤེར་སྟངས་དང་བརྗེ་སྟངས།
འཕྲུལ་སྣུམ་སྤུས་ཚད་ནི་སྒུལ་འཕྲུལ་བཀོལ་ཡུན་རིང་མིན་གྱི་རྒྱུ་རྐྱེན་གཙོ་བོ་ཡིན་
པས།
ཨང་རྟགས་གཅིག་མཚུངས་ཀྱི་འཕྲུལ་སྣུམ་བླུགས་ཤིང་དུས་ལྟར་འཕྲུལ་སྣུས་རྗེས།
¡¾སྣུམ་ཚད་བཤེར་སྟངས།¡¿སྦག་སྦག་འདེགས་རྐང་གིས་ཁོད་སྙོམས་མོར་བཏེགས་རྗེས་འཕྲུལ་སྣུམ་བཤེར་ཁུང་ནས་ལྟོས་དང་སྣུམ་ཚད་
ཐིག་གོང་འོག་བར་ནས་མཐོང་ཐུབ།
ཡང་ན་གཡོན་གྱི་འཕྲུལ་སྒམ་ཁ་ལེབ་ཐོག་ནས་སྣུམ་ཚད་འཇལ་ཐུར་ཡར་ཤབ་རྗེས་དེ་གཙང་མར་ཕྱིས་
ཏེ།
འཕྲུལ་སྒམ་ནང་མར་སྣུབ་ཙམ་གྱིས་ཡར་ལོངས་ནས་སྣུམ་ཚད་བལྟ་ཆོག་སྟེ།
འཇལ་ཐུར་སྣེའི་ཐིག་གོང་འོག་བར་དུ་ཡོད་དགོས།
¡þ
གལ་སྲིད་སྣུམ་ཚད་ཐིག་འོག་མ་ལས་དམའ་ན་ཐིག་གོང་མའི་མཚམས་སུ་
འཕྲུལ་སྣུམ་བླུགས་པ་དང་། སྣུམ་ཐུར་སྣུམ་ཁར་དམ་པོར་གཅུས་ནས་སྣུམ་བོ་མིན་
ལྟོས། ལྷག་ཏུ་གཟབ་རྒྱུ་ནི།
སྒུལ་འཕྲུལ་གྱིས་དོན་སྒྲུབ་སྐབས་འཕྲུལ་སྣུམ་མ་འདང་
ན་འཕྲུལ་ཆ་སྣད་སྲིད་ལ། མེ་ལྕགས་གཟེར་མགོར་དུ་དྲེག་ཆེན་པོ་ཆགས་སྲིད།
¡¾འཕྲུལ་སྣུམ་བརྗེ་སྟངས།¡¿
འཕྲུལ་སྣུམ་ལ་རྒྱུན་པར་ལྟོས། ནག་པོར་གྱུར་པ་
དང་ཆུ་ལྟར་ཐིགས་པ། སྐ་བ་སོགས་ཀྱི་གནས་ཚུལ་བྱུང་མ་ཐག་གསར་པ་རྗེས།
སོ་མའི་སྐབས་ལེ་དབར་༡༠༠༠kmལ་ཞོན་རྗེས་བརྗེ་དགོས་པ་དང་དེ་ནས་ལེ་
དབར་༢༠༠༠kmལ་ཞོན་རྗེས་ཐེངས་རེ་རྗེས་ན་ཆོག སྒུལ་འཕྲུལ་དྲོན་མོའི་སྐབས་
འཁེན་ལྕགས་ལ་འཁེན་ནས་རྗེས་དང་འཕྲུལ་སྣུམ་རྙིང་པ་གཙང་མ་བཟོ་ཐུབ།
༼༡༽གློག་སྒོ་བརྒྱབ་རྗེས་སྒུལ་འཕྲུལ་འོག་ཏུ་སྣུམ་འཕོ་ཁེབ་གཅུས་ཡོད་པ་དེ་གཅུས་ཏེ་ཚུར་ལོངས་ལ་སྣུམ་ཚགས་ཀྱང་ཚུར་ལོངས།
༼༢༽ སྣུམ་ཕལ་ཆེར་བོ་རྗེས་སྒུལ་དཔུང་ཐེངས་འགའ་བརྫིས་ན་སྣུམ་རྙིང་པ་ལྷག་པར་གཙང་མ་བཟོ་ཐུབ།
གཟབ་རྒྱུ་ཞིག་ལ་སྣུམ་གསར་པ་
བླུག་པར་སྣུམ་ཚགས་རྒྱོབ།
༼༣༽
ཐོག་གི་ཁེབ་གཅུས་ཕྱེས་ནས་༠.༥Lཡི་རླངས་སྣུམ་བླུགས་ཏེ་སྐར་མ་གཉིས་
ཙམ་ལ་ཁ་གྲག་ཆུགས། ༼༤༽ འོག་གི་ཁེབ་གཅུས་ཕྱེས་ནས་འཁྲུད་བྱེད་རླངས་
སྣུམ་ཕྱིར་ཕོས། ༼༥༽ སྣུམ་ཚགས་གཙང་མར་ཁྲུས། ༼༦༽ སེམས་ཞིབ་པོས་སྣུམ་
ཚགས་དང་སྣུམ་འགོག་ནུར་ཀོ། རྒྱུ་མ།
¡ðཚུགས་ཅན་གྱི་སྣུམ་ཀོར།
སྣུམ་འགོག་
ཁེབ་གཅུས་སོགས་ལ་སྐྱོན་ཞུགས་མིན་ལྟོས། སྐྱོན་འདུག་ན་རྗེས།
༼༧༽ སྣུམ་
འཕོ་ཁེབ་གཅུས་དང་སྣུམ་ཚགས་བཅས་ལེགས་པོར་སྒྲིགས། ༼༨༽ ༠.༩༥Lཡི་
འཕྲུལ་སྣུམ་གསར་པ་བླུགས་རྗེས་འཇལ་ཐུར་ཁེབ་གཅུས་ཡག་པོར་རྒྱོབ།
༼༩༽ སྒུལ་འཕྲུལ་ཁ་སྟོང་གྲག་སྐར་མ་༢-༣བར་བྱས་ནས་གློག་སྒོ་བརྒྱབ་སྟེ་སྐར་
མ་འགར་བཞག་རྗེས། སྦག་སྦག་ཁོད་སྙོམ་པོར་ཞོགས་ལ་སྣུམ་ཚད་ལྟོས། གལ་སྲིད་
སྣུམ་ཚད་དམའ་འདུག་ན་སྣུམ་ཁ་སྣོན་བྱོས། དུས་མཚུངས་སུ་སྣུམ་བོ་མིན་ལྟོས།
གཟབ་རྒྱུ།
སྲ་སྐྱོང་སྐབས་ཐལ་བ་དང་འདམ་འབག་སོགས་འཕྲུལ་སྒམ་དུ་འཛུལ་མ་ཤོར་ལ་ནང་དབུགས་ཆུང་དུ་མ་འཇུག
མེ་ལྕགས་གཟེར་གཅུས་བཀོལ་སྟངས་དང་བརྗེ་སྟངས།
¡¾ངོ་སྤྲོད་བྱ་རྒྱུའི་མེ་ལྕགས་གཟེར་གཅུས¡¿
ཉི་ཧོང་རིགས་ཨང་LQ B8RTCཔ་ཡིན།
མེ་ལྕགས་གཟེར་གཅུས་སྲ་སྐྱོང་དང་བཤེར་གསོ།
སྦག་སྦག་ལེ་དབར་རམ་དུས་ཚོད་ངེས་ཅན་ལ་ཞོན་རྗེས།
མེ་ལྕགས་གཟེར་གཅུས་ལ་སྲ་སྐྱོང་དང་ཞིག་གསོ་ཐེངས་གཅིག་དགོས། དྲོད་ཚད་
འགྲིག་པའི་མེ་ལྕགས་གཟེར་གཅུས་ཀྱི་མེ་ལྕགས་ཟངས་ནག་མདོག་ཡིན་པ་དང་།
མེ་ལྕགས་ཐལ་མདོག་གྱུར་ན་དྲོད་ཆེ་བའི་རྟགས་ཡིན། མེ་
ལྕགས་ཞུ་བའི་རྣམ་པ་འདུག་ན་དྲོད་ཆེ་དྲགས་པས་དུས་ལྟར་རྐྱེན་བཙལ་དགོས།
དེའི་རྒྱུ་རྐྱེན་འགའ་ཡོད་དེ། ༼༡༽ མེ་ལྕགས་གཟེར་གཅུས་
ཀྱི་དྲོད་ཚད་ཆུང་བས་དྲོད་ཚད་འོས་འཚམ་ཅན་ཞིག་རྗེས། ༼༢༽
དོ་མ་དན་ན་དྲོད་ཁྱབ་ཚད་དམའ། ༼༣༽མེ་ལྕགས་གཟེར་གཅུས་གཅུས་
དྲགས་ན་མེ་ལྕགས་སྦར་ཁུང་དུ་འཛུལ་ཆེ་བ། ༼༤༽ སྒུལ་འཕྲུལ་དྲོད་ཆེ་དྲགས་པ།
མེ་ལྕགས་གཟེར་གཅུས་ཀྱི་མེ་ལྕགས་ཐལ་མདོག་གྱུར་ན་སྣུམ་དང་དུ་དྲེག་ཆེན་པོ་ཆགས་སྲིད་པ་དང་།
དེ་ནི་གཙོ་བོར་འབར་བྱའི་མཉམ་
འདུས་དབུགས་ཆེ་བ་དང་མེ་ལྕགས་གཟེར་གཅུས་ཀྱི་དྲོད་དམའ་བའི་རྐྱེན་ཡིན།
སྐབས་དེར་སྣུམ་དང་དུ་དྲེག་གཙང་མ་བྱོས།
མེ་ལྕགས་གཟེར་གཅུས་གཙང་མ་བྱེད་སྟངས།
*མེ་ལྕགས་གཟེར་གཅུས་ཀྱི་མགོ་ཕུད་ནས་མཐའི་ཐལ་རྡུལ་
གཙང་མ་ཕྱིས་རྗེས། ལག་ཆའི་ཁུག་མ་ལས་སྦུག་གཅུས་བཀོལ་ནས་དེ་ཚུར་ཕུད།
མེ་ལྕགས་གཙང་བྱེད་དམ་
རླངས་སྣུམ་ནང་ཆུ་ཚོད་ཕྱེད་ཙམ་ལ་སྦངས་རྗེས།
དེ་ནས་རྣོ་ལྕགས་ལྕགས་རས་སོགས་ཀྱིས་མེ་ལྕགས་མཐའ་
སྐོར་གྱི་དུ་དྲེག་གཙང་མ་བྱོས། མཐར་རླངས་སྣུམ་གྱིས་གཙང་མར་བཀྲུས་རྗེས།
མེ་ལྕགས་ལ་སྐྱོན་ཞུགས་སླ་
མིན་དང་གློག་སྣེ་བར་ཚིག་སྐྱོན་སོང་མིན།
དགག་གདན་ལེགས་མིན་བཅས་ལྟོས་ལ་སྐྱོན་ཞུགས་འདུག་ན་རྗེས།
མེ་ལྕགས་གློག་སྣེའི་བར་རྒྱ་ལ་༠.༦mm¡«༠.༧mmཡོད་དགོས།
མེ་ལྕགས་གཟེར་གཅུས་ལ་གཅུས་གདན་
བསྐོན་ནས་གཅུས་རྐན་མི་དིག་ཆེད་ཐོག་མར་ལག་པས་འོས་འཚམ་ཞིག་གཅུས་རྗེས་དེ་ནས་སྦུག་གཅུས་ཀྱིས་
དམ་པོར་གཅུས།
གཟབ་རྒྱུ།
མེ་ལྕགས་གཟེར་གཅུས་ལེན་པ་དང་སྲ་སྐྱོང་སྒྲིག་སྐབས་མེ་ལྕགས་ལ་སྐྱོན་མ་བཟོ།
དུ་དྲེག་དང་ཐལ་རྡུལ་གཙང་མ་བྱེད་སྐབས།
མེ་ལ་སྲེག་མི་རུང་ལ་ལྕགས་ཟེས་ཕྱི་བརྡར་དེ་བས་མི་རུང་སྟེ།
མེ་ལྕགས་ལ་རྗེས་དོད་ན་གློག་གནོན་ཕྱི་རུ་བོ་སྲིད།
དབུགས་ཚགས་བཀྲུ་སྟངས་དང་སྒྲིག་སྟངས།
དབུགས་ཚགས་འཚངས་ན་
དབུགས་འཇིབ་དཀའ་བ་དང་མཉམ་འདུས་དབུགས་མང་བ། ནུས་ཚད་ཉམས་
པ། སྣུམ་ཟད་ཆེ་བ་སོགས་ཀྱི་སྐྱོན་ཡོང་བས། དུས་ལྟར་བཀྲུས། རྒྱུན་ལྡན་གྱི་
གནས་ཚུལ་འོག་ལེ་དབར་༢༠༠༠km¡«༣༠༠༠kmལ་ཞོན་རྗེས་དབུགས་
ཚགས་ཐེངས་རེ་བཀྲུས། གལ་སྲིད་ཐལ་རྡུལ་མང་ས་ནས་ཞོན་གྲངས་མང་ན་
དབུགས་ཚགས་བཀྲུ་བའི་འཁོར་ཡུན་ཐུང་ཆུགས། འབོལ་སྟན་དང་གཡོན་
སྐོགས་ཚུར་ལོངས། དབུགས་ཚགས་ཀྱི་གཅུས་འཛེར་བླངས་ནས་དབུགས་
ཚགས་ཁ་ལེབ་ལོངས། དབུགས་ཚགས་ཀྱི་ཚགས་སྙིང་ཚུར་ལོངས། དེ་ནས་
འོས་འཚམ་གྱི་སྣོད་དུ་ས་སྣུམ་མམ་འབར་དཀའི་འདག་ཁུ་བླུགས་ནས་དེར་
ཚགས་སྙིང་འཇམ་ལྷོད་ངང་བཀྲུས་ལ། དེ་རལ་བ་དང་ག་ཡོད་མེད་ལྟོས། གལ་
སྲིད་རལ་བ་དང་ག་འདུག་ན་སོ་མ་རྗེས། བཀྲུས་པའི་དབུགས་ཚགས་སྐམ་རྗེས་
SAEཡི་འཕྲུལ་སྣུམ་ནང་མ་སྦོས་བར་དུ་སྦོངས། དེ་ནས་སྣུམ་ཕྱིར་བཙིར་བ་
དང་ཚགས་སྒམ་རས་གཙང་མས་ཕྱིས། གོང་དང་ལྡོག་པའི་ཚུལ་གྱིས་དབུགས་
ཚགས་དང་ཟུར་སྐོགས་ཡར་སྒྲིགས།
ལྷག་པར་གཟབ་རྒྱུ།
རླངས་སྣུམ་སོགས་འབར་སླ་བའི་སྣུམ་རིགས་ཀྱིས་མ་བཀྲུ།
རླངས་སྣུམ་དང་སྐྱུར་ཁུ། ཚྭ་ཆུ་སོགས་སུ་ཚགས་སྙིང་བཀྲུས་ན་དེ་ཟད་སླ་ཞིང་
ནུས་པ་ཤོར་སྲིད།
སྣུམ་འདྲེན་ལག་འཇུ་བཤེར་བ་དང་སྙོམ་སྒྲིག
སྣུམ་འདྲེན་ལག་འཇུ་དང་སྣུམ་
འདྲེན་སྐུད་པ་རྒྱུན་ལྡན་ཡིན་མིན་ལྟོས། ལག་འཇུ་སྟོང་འཁོར་གནས་༩mm¡«
༦mmཡིན་ན་འགྲིག གལ་སྲིད་དེ་ལས་བརྒལ་ན་སྙོམ་སྒྲིག་དགོས་ཏེ། བརྟན་
བྱེད་མ་གཅུས་ལྷོད་ནས་སྣུམ་འདྲེན་སྒྲིག་པའི་སྦུག་གཅུས་ཀྱིས་སྙོམ་སྒྲིག་བྱོས།
སྙོམ་སྒྲིག་ཚར་རྗེས་བརྟན་བྱེད་མ་གཅུས་དན་པོར་གཅུས། གལ་ཏེ་ཚད་གཞི་ལྟར་
སྙོམ་སྒྲིག་བྱ་རྒྱུ་མེད་ན་སྣུམ་འདྲེན་སོ་མ་རྗེས།
འཐེན་སྒྲིག་སྙོམ་སྒྲིག་བྱ་སྟངས།
འཐེན་སྒྲིག་བྱེད་ཆས་ཀྱིས་སྒུལ་འཕྲུལ་གྱི་ནུས་
ཚད་སྐྱེལ་སྟེ། འཐེན་སྒྲིག་གིས་འཐེན་སྐབས་སྒུལ་ཤུགས་བརྒྱུད་ཐབས་བྲལ་ཞིང་
སྒྲིག་སྐབས་སྒུལ་ཤུགས་འཁྱོག་མདའ་བརྒྱུད་སོ་འཁོར་ཁག་བསྐོར་བ་དང་།
ཡང་དེ་བརྒྱུད་ནས་འཁོར་ཐག་གིས་ཕྱི་སོའི་འཁོར་ལོ་བསྐོར། འཐེན་སྒྲིག་གི་
འཐེན་སྒྲིག་མགྱོགས་ཤིང་ལེགས་པ་ལག་འཇུའི་འཕར་སྟངས་ལ་རག་ལས་པ་དང་།
ལག་འཇུ་འཕར་བའི་བར་རྒྱ་ནི་༡༠mm¡«༡༥mmཡིན།
གལ་སྲིད་འཕར་རྒྱ་
སྙོམ་སྒྲིག་འོས་འཚམ་མིན་ན་ལིང་བརྗེ་སྐབས་འཐེན་སྒྲིག་འདྲེད་པ་དང་འཐེན་
སྒྲིག་འཐེན་ཀྱང་སྦག་སྦག་མདུན་དུ་འགྲོ་བའི་གནས་ཚུལ་ལྡན།
སྙོམ་སྒྲིག་ཆུང་ཙམ་
དགོས་དུས་གཡོན་གྱི་ལག་འཇུ་ས་ནས་སྒྲིག་ཆོག་ཅིང་ཆེ་ཙམ་དགོས་ན་འཕྲུལ་སྒམ་སྟེང་ནས་སྒྲིག་ཆོག
སྙོམ་སྒྲིག་ཆུང་ཆུང་སྐབས་བརྟན་བྱེད་
མ་གཅུས་ལྷོད་ནས་སྒྲིག་བྱེད་མ་གཅུས་གོང་མ་གཅུས་དང་འགྲིག
དེ་ནས་བརྟན་བྱེད་མ་གཅུས་དམ་པོར་གཅུས་རྗེས་འཐེན་སྒྲིག་གི་བྱ་བ་
འགྲིག་མིན་ལྟོས།
གལ་སྲིད་སྙོམ་སྒྲིག་ཆེ་བ་དགོས་ན་བརྟན་བྱེད་མ་གཅུས་ལྷོད་ནས་སྒྲིག་བྱེད་མ་
གཅུས་འོག་མ་གཅུས་དང་འགྲིག དེ་ནས་བརྟན་བྱེད་མ་གཅུས་དམ་པོར་གཅུས་
རྗེས་བྱ་བ་འགྲིག་མིན་ལྟོས། སྔ་སོའི་ཁ་བཀག་སྙོམ་སྒྲིག་བྱ་སྟངས། སྦག་སྦག་
འདིའི་སྔ་ཕྱི་སོར་རྔ་གཟུགས་རིགས་ཀྱི་ཁ་བཀག་བཀོལ་པས། སྒྲིག་གཞི་སླ་བ་
དང་འགུལ་སྟངས་འགྲིག་པ། བྱ་བ་དོ་དན་པ། སྲ་སྐྱོང་སྟབས་བདེ་བ། རློན་ཚད་
ཀྱིས་གནོད་པ་ཆུང་བ་བཅས་ཀྱི་ཁྱད་ཆོས་ལྡན། ཁ་བཀག་ལག་འཇུའི་འཕར་
རྒྱའི་ཚད་གྲངས་ནི་༡༥mm¡«༢༠mmཡིན།
¡¡
¡¡
¡¡

¡¡
སྙོམ་སྒྲིག་དགོས་དུས། སྒྲིག་བྱེད་མ་གཅུས་གོང་མས་སྙོམ་སྒྲིག་ཆུང་ཆུང་
ཐུབ་ལ་འོག་མས་སྙོམ་སྒྲིག་ཆེ་ཙམ་བྱ་ཐུབ།
¡¡
¡¡
སྙོམ་སྒྲིག་སྐབས་གོང་འོག་གང་རུང་གི་བརྟན་བྱེད་མ་གཅུས་ལྷོད་ཅིང་། དེ་
བཞིན་གོང་འོག་གནས་དེའི་སྒྲིག་བྱེད་མ་གཅུས་གཅུས་ནས་འཕར་རྒྱ་གཏན་
ཁེལ་གནས་སུ་བསྒྲིགས་རྗེས་བརྟན་བྱེད་མ་གཅུས་དམ་པོར་གཅུས།
ཁ་བཀག་ལག་འཇུ་ཐེངས་འགའ་བཅིར་ནས་ལྷོད་རྗེས་འཁོར་ལོ་བསྐོར་ཏེ་འོས་
འཚམ་ཡིན་མིན་ལྟོས།
¡¡
གཟབ་རྒྱུ།
གལ་སྲིད་གོང་གི་ཐབས་ཀྱིས་བསྒྲིག་མ་ཐུབ་ན་ཙོང་ཧྲིན་ཞིག་གསོ་ཁང་གི་མི་བཙལ་ནས་བསྒྲིག་ཆུག
ཕྱི་སོའི་ཁ་བཀག་སྙོམ་སྒྲིག་བྱ་སྟངས།
*འདེགས་རྐང་གིས་བཏེགས་རྗེས་ཕྱི་སོའི་ཁ་བཀག་རྐང་རྟེན་གྱི་འཕར་རྒྱའི་ཚད་གྲངས་ནི་༢༠mm
¡«༣༠mmཡིན་ན་འགྲིག
སྒྲིག་བྱེད་མ་གཅུས་གཅུས་ནས་འཕར་རྒྱ་གཏན་ཁེལ་གནས་སུ་སྒྲིགས།
ཕྱི་སོའི་ཁ་
བཀག་རྐང་རྟེན་ཐེངས་འགར་བརྫིས་ནས་ལྷོད་རྗེས། ཕྱི་སོའི་འཁོར་ལོ་བསྐོར་
ནས་འགྲིག་མིན་ལྟོས།
ཕྱི་སོའི་ཁ་བཀག་རྐང་རྟེན་ཀྱི་འཕར་རྒྱ་བསྒྲིགས་རྗེས་ཕྱི་
སོའི་ཁ་བཀག་གློག་བརྡའི་གཟེ་སྒྲིགས།
¡¡


¡þཁ་བཀག་བརྡར་ཟད་མཚོན་བྱེད་བཀོལ་སྟངས།
སྔ་ཕྱི་སོའི་ཁ་བཀག་དཔུང་སྟེང་དུ་མཚོན་ཁབ་གཅིག་ཡོད་པ་དང་སྔ་ཕྱི་སོའི་ཁ་བཀག་ཁ་
ལེབ་སྟེང་དུ་གཏན་གཞིའི་ཚད་ཐིག་གཅིག་ཡོད་པ་དེ་གཉིས་ཁ་ཡོངས་སུ་བཀག་དུས།
གལ་སྲིད་མཚོན་ཁབ་དེ་ཚད་ཐིག་ཐོག་དྲང་མོར་གནས་
ན་སྔ་ཕྱི་སོའི་ཁ་བཀག་རྨིག་པ་ཟད་ཡོད་པ་མཚོན་པས་ཁ་བཀག་རྨིག་པ་སོ་མ་རྗེས།
ཕྱི་སོའི་ཁ་བཀག་གློག་ཞུའི་གཟེ་སྙོམ་སྒྲིག་བྱ་སྟངས།
ཕྱི་སོའི་ཁ་བཀག་གློག་ཞུའི་གཟེ་ནི་སྒུལ་འཕྲུལ་དང་ཉེ་བའི་གཡས་རྒྱབ་ཟུར་གྱི་གཞི་སྒྲོམ་
སྟེང་དུ་བསྒྲིགས་པ་དང་ཁ་བཀག་གིས་བྱ་བ་བྱེད་པ་དང་མཉམ་དུ་ཕྱི་སོའི་ཁ་བཀག་གློག་གསལ།
སྙོམ་སྒྲིག་བྱ་ཐབས།
གལ་སྲིད་གློག་གསལ་ཕྱི་ན་སྒྲིག་བྱེད་མ་གཅུས་གཡས་སུ་གཅུས་
ལ་གསལ་སྔ་ན་གཡོན་དུ་གཅུས།
སྣུམ་རླངས་འཕུལ་ཆས་ཁ་སྟོང་གྲག་ཚད་སྒྲིག་སྟངས།
སྒུལ་འཕྲུལ་ཁ་གྲག་ནས་དྲོད་
ཚད་ཅུང་ཇེ་མཐོར་སོང་རྗེས་སྒྲིགས།
¡¡
¡¡
¡¡
¡¡
སྟོང་གྲག་སྒྲིག་གཟེར་སྒྲིག་པར་སྟོང་གྲག་མགྱོགས་ཚད་༡༤༠༠r/min¡À༡༠༠r/minལ་ཞོགས།
སྟོང་གྲག་མགྱོགས་ན་སྣུམ་ཟད་ཆེ་བ་དང་དལ་ན་ཁ་གྲག་པ་ཆད་སླ། སྣུམ་འདྲེན་
ལག་འཇུ་གཅུས་སྐབས་སྒུལ་འཕྲུལ་འཁོར་ཚད་ལྷོད་ཀྱིས་ཇེ་ཆེར་འགྲོ་མིན་ལྟོས།
སྟོང་གྲག་སྒྲིག་གཟེར་བཀོལ་ན་སྟོང་གྲག་ཚད་༡༤༠༠r/min¡À༡༠༠r/minལ་
སྒྲིགས།
གལ་སྲིད་སྒུལ་འཕྲུལ་འཁོར་སྟངས་ཆ་སྙོམས་པོ་མིན་ན་གོང་གི་སྒྲིག་ལུགས་
ལྟར་བསྐྱར་དུ་སྒྲིགས།
འཁོར་ཐག་བཤེར་སྒྲིག་དང་འདྲེད་སྣུམ་བྱུག་སྟངས།
འཁོར་ཐག་ནི་སྒུལ་འཕྲུལ་གྱི་སྒུལ་ཤུགས་ཕྱི་སོའི་འཁོར་ལོར་སྤྲད་དེ་སྦག་སྦག་མདུན་
དུ་འགྲོ་བྱེད་ཡིན་པས། དེར་དུས་ལྟར་སྲ་སྐྱོང་བྱོས།
དེ་ཡང་དེར་འདྲེད་སྣུམ་བྱུག་པ་དང་། སྦྲེལ་མཚམས་ལྷོད་མིན།
ཐག་འཁོར་སྔོན་རྗེས་གཉིས་
དྲང་ཐིག་གཅིག་ལ་གནས་མིན་ལྟོས་ལ་སྐྱོན་ཞུགས་འདུག་ན་སོ་མ་རྗེས།
¡þའཁོར་ཐག་བཤེར་བ་དང་སྙོམ་སྒྲིག་བྱ་སྟངས།
སྦག་སྦག་འཁེན་རྐང་ལ་འཁེན་པ་དང་གློག་སྒོ་བརྒྱབ་ནས་ལིང་སྟོང་ལ་ཞོགས།
ཐག་འཁོར་སྔོན་རྗེས་གཉིས་པོའི་བར་རམ་འཁོར་ཐག་དཀྱིལ་ནས་མཛུབ་མོས་
ཐོག་འོག་ལ་སྒུལ་བཞིན་སྒུལ་རྒྱ་༢༥mm¡«༣༥mmཡིན་ན་འགྲིག
འཁོར་ཐག་
ལྷོད་ཆ་ཆེ་ན། ཞོན་སྐབས་གཡས་གཡོན་ཐོག་འོག་ལ་གཡུག་ཆེ་ནས་བུད་ཆད་སླ་
བ་དང་འཁོར་སྣེར་ཐོགས་ནས་རྩིབས་མ་འཐོར་འགྲོ། མགྱོགས་པོར་ཞོན་དུས་
དེ་བུད་ན་སྔ་སོའི་ཐག་འཁོར་སྔོན་དུ་ཤུགས་ཀྱིས་རྒྱག་ནས་ཉེན་ཆེ་ན་ལིང་སྒམ་
གཏོར་སྲིད། འཁོར་ཐག་དམ་ཆེ་ན། སྒུལ་འཕྲུལ་དང་གཙོ་ཆེའི་ལྷུ་ལག་ཁག་གིས་
ཤུགས་ལྷག་ཁུར་ཡོད།
¡þ
འཁོར་ཐག་སྙོམ་སྒྲིག
ཕྱི་སོའི་འཁོར་ལོའི་འཁོར་མདའ་མ་གཅུས་ལྷོད་ནས་སྒྲིག་བྱེད་ཀྱི་མ་གཅུས་གཡས་གཡོན་གཉིས་པོ་གཅིག་མཚུངས་
ཀྱིས་འོས་འཚམ་གཅུས་རྗེས།
ཕྱི་སོའི་འཁོར་མདའི་མ་གཅུས་དན་མོ་བསྡམ་ཚད་༤༠N.m-༥༠N.mཡིན།
དེ་ནས་འཁོར་ཐག་གི་དམ་ལྷོད་
འགྲིག་མིན་ལྟོས། འཁོར་ཐག་ལེགས་པོ་བསྒྲིགས་རྗེས་ཕྱི་སོའི་ཁ་བཀག་གི་འཕར་རྒྱ་བཤེར་སྒྲིག་བྱོས།
གཟབ་རྒྱུ།
སྣེ་གཉིས་པོའི་འཁོར་ཐག་སྒྲིག་བྱེད་སྟེང་གི་ཐིག་རིས་དེ་གཅིག་མཚུངས་ལ་ཞོགས།
འཁོར་ཐག་བཀྲུ་བ་དང་འདྲེད་སྣུམ་བྱུག་སྟངས།
སྐམ་པས་གཟབ་ནན་གྱིས་ལྷུ་བརྟན་ཚུར་བླངས་རྗེས། ལྷུ་གཏོར་ནས་འཁོར་ཐག་ཚུར་
ལོངས། དེ་ནས་འཁོར་ཐག་བཀྲུ་སར་བཀྲུས་ནས་རླུང་སྐམ་བྱོས།
གཟབ་རྒྱུ།
འཁོར་ཐག་རླངས་ཆུ་དང་གནོན་ཤུགས་ཆུས་མི་བཀྲུ་བར་འདག་ཁུ་དང་རླངས་སྣུམ་སོགས་ཀྱིས་ཁྲུས།
འཁོར་ཐག་གནས་ཁག་
ལ་སྐྱོན་ཞུགས་མིན་ལྟོས་ལ་དགོས་ན་སོ་མ་རྗེས།
འཁོར་ཐག་ལ་འཕྲུལ་སྣུམ་མམ་འཁོར་ཐག་སྣུམ་འོས་འཚམ་བྱུགས།
ཁ་ཕྱོགས་ལྡོག་ནས་ཡར་
བསྒྲིགས་པ་མ་ཟད་སྙོམ་སྒྲིག་ལེགས་པོ་བྱོས།
ལྷུ་བརྟན་སྒྲིག་པར་དེའི་ཁ་ཕྱོགས་དང་འཁོར་ཐག་འཁོར་ཕྱོགས་གཉིས་ངེས་པར་དུ་གོ་ལྡོག
སྔ་འཁོར་ཕུད་པ་དང་སྒྲིག་སྟངས།
སྒུལ་འཕྲུལ་འོག་ནས་དངོས་པོ་གང་རུང་གིས་བཏེགས་ནས་སྔ་འཁོར་ཡར་ཁྱོག
སྔ་འཁོར་ཕུད་སྐབས་
འཇལ་ཆས་སྙི་ཐུར་བརྟན་འཛེར་ཕུད་ནས་དེ་ཚུར་ལོངས།
ཁ་བཀག་འཐེན་སྐུད་དང་ཁ་བཀག་དཔུང་པའི་རྩབ་ཐུར་རིམ་བཞིན་ལོངས་རྗེས།
འཁོར་མདའི་མ་གཅུས་ལྷོད་དེ་འཁོར་མདའ་ཚུར་ལོངས་དང་དེ་ནས་འཁོར་ལོ་ཚུར་ལེན་ཐུབ།
སྔ་འཁོར་སྒྲིག་པར་གཟབ་རྒྱུ་འགའ། ༡ཡར་སྒྲིག་སྐབས་ཕྱིར་ཕུད་དུས་ཀྱི་གོ་རིམ་
ལྡོག་སྟེ་སྒྲིགས། ༢སྔ་འཁོར་བསྒྲིག་སའི་སྦུག་སྣེ་བར་སྔ་འཁོར་སྒྲིག་སྐབས།
ཁ་བཀག་
ཁ་ལེབ་ངོས་ཀྱི་ཀོ་ཀོ་དང་སྦུག་སྣེའི་འབུར་འབུར་གཉིས་ཁ་སྤྲོད་དགོས།
༣འཁོར་
མདའི་མ་གཅུས་དན་མོ་བསྡམ་ཚད་༣༥N.m
¡«༥༠N.mཡིན།
༤སྔ་སོའི་ཁ་
བཀག་སྙོམ་སྒྲིག་བྱས་རྗེས། ཁ་བཀག་ཐེངས་འགའ་བྱས་ཏེ་ཁ་བཀག་འགྲིག་མིས་
ལྟོས། དེ་ནས་ཁ་བཀག་ལྷོད་དེ་སྔ་འཁོར་འཁོར་བདེ་མིན་ལྟོས།
¡þ
ཕྱི་འཁོར་ཕུད་པ་དང་སྒྲིག་སྟངས།
སྒུལ་འཕྲུལ་འོག་ནས་དངོས་པོ་གང་རུང་གིས་བཏེགས་ནས་ཕྱི་འཁོར་ཡར་ཁྱོག
འཁོར་ཐག་སྒྲིག་བྱེད་མ་
གཅུས་ལྷོད་ནས་ཕྱི་སོའི་ཁ་བཀག་འཐེན་ཐུར་གྱི་རྩབ་ཐུར་དང་རྒྱུ་མ་ཚུར་བླངས་རྗེས།
དེ་ནས་ཁ་བཀག་དཔུང་པའི་ཐོག་ནས་ཁ་བཀག་འཐེན་
ཐུར་ཚུར་ལོངས།
མ་གཅུས་དང་གཅུས་གདན་སོགས་ལེན་པ་མ་ཟད་ཕྱི་སོའི་ཁ་བཀག་ཚོད་འཛིན་འཐེན་ཐུར་ཡང་ཚུར་ལོངས།
ཕྱི་འཁོར་འཁོར་
མདའ་མ་གཅུས་ལྷོད་རྗེས་ཕྱི་འཁོར་སྔོན་དུ་བསྐོར་ན་ཐག་འཁོར་ཐོག་ནས་འཁོར་ཐག་བླངས་པ་དང་ཕྱི་འཁོར་ཕུད་ཐུབ།
¡þ
ཕྱི་འཁོར་སྒྲིག་པར་གཟབ་རྒྱུ་འགའ། ༡ཡར་སྒྲིག་སྐབས་ཕྱིར་ཕུད་དུས་ཀྱི་གོ་རིམ་
ལྡོག་སྟེ་སྒྲིགས། ༢ཕྱི་འཁོར་མ་གཅུས་དན་མོ་བསྡམ་ཚད་༤༠N.m¡«༥༠N.mཡིན།
༣འཁོར་ཐག་དམ་ལྷོད་བར་རྒྱ་སྙོམ་སྒྲིག་ལེགས་པོ་བྱོས།
༤ཕྱི་སོའི་ཁ་བཀག་དང་ཁ་
བཀག་རྐང་རྟེན་གྱི་འཕར་རྒྱ་བསྒྲིགས་ནས་འགྲིག་མིན་བལྟ་བ་དང་ཕྱི་འཁོར་བདེ་
མིན་ལྟོས། ༥ཕྱི་སོའི་ཁ་བཀག་གློག་ཞུའི་གཟེ་སྒྲིགས།
གློག་སྣོད་སྲ་སྐྱོང་བྱ་ཐབས།
གློག་སྣོད་ནི་གཞི་སྒྲོམ་གཡས་སྐོགས་འོག་ཏུ་བསྒྲིགས་
ཡོད་པ་དང་། སྦག་སྦག་སོ་མ་ལེ་དབར་༡༠༠༠kmལ་ཞོན་པ་དང་དེ་ནས་ལེ་དབར་
༣༠༠༠kmརེ་ཞོན་རྗེས། གློག་སྣོད་ལ་བཤེར་བ་དང་སྲ་སྐྱོང་དགོས་ཏེ།
༡དབུགས་
མངགས་སྦུ་གུ་ནས་དབུགས་མངགས་ཐུབ་མིན་ལྟོས། དབུགས་མངགས་དཀའ་ན་
དབུགས་སྦུག་ནང་ཁོག་གཙང་མ་བྱོས།
༢གློག་སྣོད་ཁ་ལེབ་ཡག་པོ་འགྲིག་མིན་ལྟོས་ལ་ཁ་སྐོར་གཙང་མ་བྱོས། ༣གློག་ཆུའི་བསྡུར་ཚད་འགྲིག་
མིན་ལྟོས་ལ། དེའི་བསྡུར་ཚད་༡.༢༠ལས་མཐོ་ན་གློག་གསོག་རན།
གལ་སྲིད་གློག་སྣོད་དུ་གློག་ཡུན་རིང་མ་འདང་ན་གློག་སྣོད་ཀྱི་བཀོལ་ཡུན་
ཐུང་སྲིད། ༤གློག་ཆུའི་ཚད་ནི་ཐིག་གོང་འོག་བར་དུ་ཡོད་དགོས།
གལ་སྲིད་ཐིག་འོག་མ་ལས་དམའ་་ཁ་ལེབ་དང་མཐུད་སྣེ། དབུགས་སྦུག
གློག་ཞྭ་སོགས་ལོངས་ནས་ཐིག་མཚམས་བར་གློག་ཆུ་སྣོན། ༥གློག་སྣོད་ཡུན་རིང་པོར་བཀོལ་ན་གློག་ཤོར་འགྲོ་བས་ཟླ་རེ་བཞིན་གློག་སོགས།
¡þསྦག་སྦག་གི་གློག་ལམ་ནི་ཐད་རྒྱུག་ཡིན་ལ་༡༢V༧Ahཅན་གྱི་གློག་སྣོད་བཀོལ་བས།
དེར་བཀོལ་ཡུན་
རིང་ཞིང་སྲ་སྐྱོང་བྱེད་བདེ་བའི་ཁྱད་ཆོས་ཡོད།
གཟབ་རྒྱུ།
རླངས་ཆུ་ལས་གཞན་པའི་ཆུ་བསྣན་ན་གློག་སྣོད་ཚེ་ཐུང་འགྲོ།
¡¡