༄༅། །ཉེར་མཁོ་དེབ་དང་པོ།
སྦག་སྦག་བེད་སྤྱོད་སྟངས།

 དཀར་ཆག ལྡེབ་ངོས་༤ཡོད། --  ངོས་པོ།  ༢༽  ༣༽  ༤༽

 སྦག་སྦག་ངོས་འཛིན་གྱི་ཚབ་རྟགས་དང་བཟོ་གྲྭའི་སྒུལ་འཕྲུལ་རིམ་གྲངས།
 སྦག་སྦག་ངོས་འཛིན་གྱི་ཚབ་རྟགས་(VIN)དང་སྒུལ་འཕྲུལ་བཟོ་གྲྭ་ནས་ཐོན་པའི་རིམ་གྲངས་ནི། སྦག་སྦག་གི་ཐོབ་རྟགས་དང་ཐོ་འགོད་
པར་མཁོ།
 

༼༡༽ སྦག་སྦག་ངོས་འཛིན་གྱི་ཚབ་རྟགས་(VIN)ནི། སྦག་སྦག་གི་སྐེའི་
གཡོན་ཟུར་དུ་བརྐོས་ཡོད།
 ༼༢༽ ཐོན་རྫས་བྱང་རྟགས་ནི། སྦག་སྦག་གི་སྐེའི་གཡས་ཟུར་དུ་སྦྱར་ཡོད།
 ༼༣༽ སྒུལ་འཕྲུལ་བཟོ་གྲྭ་ནས་ཐོན་པའི་རིམ་གྲངས་ནི། འཕྲུལ་སྒམ་གཡོན་
ཕྱོགས་ཀྱི་འོག་སྣེར་བརྐོས་ཡོད།
  འབྲེལ་ཡོད་ཀྱི་ཨང་གྲངས་ལུགས་ལྟར་བྲིས་དང་བོར་བ་སོགས་བྱུང་ན་བཙལ་བདེ།

VIN ཚབ་རྟགས།
 འཕྲུལ་སྒུལ་བཟོ་གྲྭ་ནས་ཐོན་པའི་རིམ་གྲངས།

 

༼༡༽ འཐེན་སྒྲིག་ལག་འཇུ།
 ༼༢༽ སྣུམ་སྒམ་སྒོ།
 ༼༣༽ ལིང་བརྫི་རྟེན།
 ༼༤༽ གཡོན་ཡོབ།
 ༼༥༽ ཕྱི་སོའི་རྡབ་ལེན།

 

 

༼༡༽ སྔ་སོའི་ཁ་བཀག་ལག་འཇུ།
 ༼༢༽ ཕྱི་སོའི་ཁ་བཀག་བརྫི་རྟེན།
 ༼༣༽ གཡས་ཡོབ།
 ༼༤༽ སྒུལ་དཔུང་།
 ༼༥༽ གཡས་ཀྱི་ཕྱི་ཡོབ།
 ༼༦༽ སྒྲ་སྐྱུང་ཆས།

 

༼༡༽ རྒྱབ་འགྲུལ་ལྟ་ཤེལ།
 ༼༢༽ གཡོན་གྱི་མཉམ་སྒྲིག་གློག་གཟེ།
 ༼༣༽ མཉམ་སྒྲིག་འཇལ་ཆས།
 ༼༤༽ སྣུམ་སྒམ་ཁ་ལེབ།
 ༼༥༽ གློག་སྒོ།
 ༼༦༽ གཡས་ཀྱི་མཉམ་སྒྲིག་གློག་གཟེ།
 ༼༧༽ སྣུམ་འདྲེན་ལག་འཇུ།

ལྷུ་ལག་གི་བྱེད་ནུས། མཉམ་སྒྲིག་འཇལ་ཆས།
 

༼༡༽ སྟོང་གནས་གཟེ། བར་ཐག་མགོ་ནས་བརྩི་བར་སྟོང་གནས་སུ་
འཇོག་ཐུབ།
 ༼༢༽ མགྱོགས་ཚད་རེའུ་མིག སྐབས་དེའི་མགྱོགས་ཚད་མཚོན།
 ༼༣༽ ཁ་དཀྱོག་བརྡ་གློགཁ་དཀྱོག་ཕྱོགས་མཚོན་པའི་
གློག་ཤར་ཙམ་ཤར་ཙམ་བྱེད།
 ༼༤༽ བར་ཐག་ཐུང་བརྩིས་རེའུ་མིག མཚམས་རེའི་ལམ་ཐག་བརྩི་
ཐུབ།
 ༼༥༽ ལིང་སྟོང་པའི་བརྡ་གློག་གིས་ལིང་སྟོང་པ་ཡིན་པ་མཚོན།
 ༼༦༽ གློག་སྒོ། གློག་འབྱེད་གཅོད་ཀྱི་དོན་བྱེད།
 ༼༧༽ ལེ་དབའི་རེའུ་མིག སྦག་སྦག་སོང་ཚད་ཀྱི་ལེ་དབར་བརྩི་ཐུབ།
 ༼༨༽ རྒྱང་འཕྲོས་གློག་བརྡ
རྒྱང་གློག་སྤར་སྐབས་བརྡ་གློག་འདི་ཤར།
  གློག་སྒོ། དེ་ནི་འཇལ་ཆས་རྒྱབ་ཏུ་ལིང་གནས་
བཅས་གསུམ་ཡོད།  ནི་གློག་སྒོ་ཕྱེ་གནས་ཡིན་ཏེ། ལྡེ་མིག་
གཅུས་མ་ཐག་ནས་སྒུལ་འཕྲུལ་ཁ་གྲག་ཡོང་།
ནི་གློག་སྒོ་རྒྱག་གནས་
ཡིན་ཏེ། ལྡེ་མིག་གནས་དེར་གཅུས་ན་གློག་སྒོ་བརྒྱབ་པས་སྒུལ་འཕྲུལ་ཁ་མི་གྲག་
ལ་ལྡེ་མིག་ལེན་ཆོག
ནི་སྦག་སྦག་གི་མགོ་ཟྭ་རྒྱག་གནས་ཡིན་ཏེ། སྦག་
སྦག་གི་མགོ་གཡོན་དུ་གཅུས་ཡག་བྱས་རྗེས་ལྡེ་མིག་
གནས་འདི་ནས་
མར་གནོན་བཞིན་གཅུས་ན་མགོ་ཟྭ་བརྒྱབ་ཡོད།


     གཡོན་གྱི་མཉམ་སྒྲིག་གཟེ་རྣམས། དུང་གཟེ། དེ་ནི་གཡོན་གྱི་
འཇུ་རྟེན་ཐོག་ཏུ་བསྒྲིགས་ཡོད། གཟེ་
གནན་ན་དུང་སྒྲ་
གྲག་པ་དང་ལྷོད་ན་གྲག་མཚམས་འཇོག
 དཀྱོག་བརྡའི་གཟེ། ཁ་དཀྱོག་སྐབས་དཀྱོག་ཕྱོགས་སུ་གཟེ་
དེ་བསྣུར་ན་ཆོག
གཡོན་ཕྱོགས་དང་གཡས་ཕྱོགས་ཀྱི་
གློག་བརྡ་རྒྱག་པ་མཚོན། གཟེ་དེ་དཀྱིལ་དུ་བཞག་ན་ཁ་དཀྱོག་
གློག་བརྡའི་སྒོ་བརྒྱབ་ཡོད།
    མདུན་གློག་བརྗེ་གཟེ། མདུན་གློག་གཟེ་དེ་
གནས་
སུ་བཞག་ནས། མདུན་གློག་བརྗེ་གཟེ་དེ་
ཡི་གནས་སུ་

བསྣུར་ན་མདུན་གྱི་རྒྱང་གློག་གསལ་བ་དང་མཉམ་དུ་རྒྱང་གློག་བརྡ་གློག་སྔོན་པོ་དེ་ཤར། གཟེ་
ཡི་གནས་སུ་བསྣུར་ན་མདུན་གྱི་
ཉེ་གློག་གསལ་བ་དང་མཉམ་དུ་རྒྱང་གི་བརྡ་གློག་གཟིམ།
  སྔོན་རྒྱུགས་གློག་གཟེ་
མདུན་གློག་གཟེ་དེ་གནས་སུ་བཞག་ནས་མདུན་གློག་བརྗེ་གཟེ་གནས་སུ་བཞག་
ཅིང་། སྔོན་རྒྱུགས་གློག་གཟེ་མནན་ན་རྒྱང་ཉེ་རིང་གཉིས་ཀའི་གློག་མཉམ་པོར་གསལ་པ་དང་། ལྷོད་ན་ཉེ་གློག་ཁོ་ན་གསལ། སྦག་སྦག་
མཚན་མོར་ཞོན་སྐབས་གཟེ་འདི་བཀོལ་ན་མདུན་གློག་བརྗེ་སྟབས་བདེ་ཞིང་ཉེན་ཁ་མེད།

      གཡས་ཀྱི་མཉམ་སྒྲིག་གཟེ་རྣམས། གློག་སྒོ་རྒྱག་གཟེ། དེ་ནི་
འཇུ་རྟེན་གཡས་མའི་ཐོག་ཏུ་ཡོད། སྣུར་གཟེ་དེ་
གནས་
སུ་བཞག་ན། སྒུལ་འཕྲུལ་ཁ་གྲག་མི་ཐུབ་པ་དང་། ཞོན་བཞིན་
པའི་སྐབས་ཀྱི་སྦག་སྦག་གི་སྒུལ་འཕྲུལ་ཁ་གྲག་མཚམས་འཇོག
སྣུར་གཟེ་དེ་
གནས་སུ་བཞག་ན། སྒུལ་འཕྲུལ་ཁ་གྲག་
པ་དང་སྦག་སྦག་ཞོན་ཆོག


  མདུན་གློག་གཟེ། དེ་ལ་མདུན་གློག་
དང་།
གནས་གློག་
སྒོ་རྒྱག བཅས་གནས་གསུམ་ཡོད།
 
ནི་མདུན་གློག་དང་མཇུག་གློག འཇལ་ཆས་གློག གནས་གློག ཕྱི་སོའི་ཨང་རྟགས་གློག་བཅས་གསལ་བ་མཚོན།
 
ནི་གནས་གློག་དང་མཇུག་གློག འཇལ་ཆས་གློག ཕྱི་སོའི་ཨང་རྟགས་གློག་བཅས་གསལ་བ་མཚོན།
 
གནས་ནི་མདུན་གློག་དང་མཇུག་གློག གནས་གློག འཇལ་ཆས་གློག་བཅས་ཀྱི་གློག་སྒོ་བརྒྱབ་པ་མཚོན།
  ཁ་གྲག་གློག་གཟེ་
འདིས་ཁ་གྲག་གློག་འབྱེད་གཅོད་ཀྱི་དོན་བྱེད། གཟེ་འདི་མནན་ན་གློག་སྟག་སྒོ་འབྱེད་ཅིང་སྦག་སྦག་ཁ་
གྲག ཁ་གྲག་སྐབས་ལིང་གནས་སྟོང་པར་བཞག་ན་ཉེན་ཁ་མེད།
 སྣུམ་སྒམ། སྣུམ་སྒམ་གྱི་ཤོང་ཚད་ལི་ཊར་༡༤དང་དེར་ལི་
ཊར་༡.༦གི་ཟུར་སྣུམ་ཡང་འདུས། སྣུམ་སྒམ་ཁ་ཕྱེ་ན་ལྡེ་མིག་གིས་
གཡས་སུ་གྲངས་ཚད་༩༠ཙམ་གཅུས་ན་ཁ་བྱེ། ཁ་རྒྱག་ན་ཁ་ལེབ་
ངོས་ཀྱི་འདན་དང་སྣུམ་སྒམ་ཁ་ཉག་གཉིས་བཤིབ་རྗེས་མར་
མནན་ནས་ལྡེ་མིག་ཚུར་ལོངས།
 སྦར་སྣུམ་ལ་ཞ་ཉེ་འདུས་ཚད་ཅུང་དམའ་བའི་ཁ་རྟRQ
༩༠ཅན་ནམ་དེ་ཡན་གྱི་རླངས་སྣུམ་བཀོལ་དགོས། གལ་སྲིད་
སྣུམ་དེ་མེད་ན་ཞ་ཉེ་འདུས་ཚད་དམའ་བའི་ཚད་ལྡན་གྱི་རླངས་
སྣུམ་བཀོལ་ན་ཆོག་སྟེ། ཞ་ཉེ་འདུས་ཚད་དམའ་བའི་རླངས་
སྣུམ་བཀོལ་བས་མེ་ལྕགས་གཟེ་དང་སྒུལ་འཕྲུལ་གྱི་ཚེ་རིང་།

གཟབ་རྒྱུ།
   སྣུམ་རྒྱག་པར་སྣུམ་སྒམ་ཁར་བརྒལ་མི་ཉན་པ་དང་ཁ་ལེབ་ཡག་པོར་རྒྱོབ། རླངས་སྣུམ་ནི་ཧ་ཅང་འབར་སླ་བའི་རྫས་ཤིག་ཡིན་པས་སྣུམ་
སྒམ་ཁ་མ་ཕྱེས་གོང་ནས་ཁ་གྲག་མཚམས་ཆོད། རླུང་གཡོ་ས་ནས་སྣུམ་རྒྱག་སྐབས་དུ་བ་འཐེན་པ་སོགས་མེ་སྟག་ཅན་གྱི་དངོས་པོ་དང་
ཐག་ཉེ་མ་འཇུག སྣུམ་རྒྱག་སྐབས་སྣུམ་ཚགས་འཇོག་པའམ་ཚགས་བྱས་པའི་སྣུམ་རྒྱག་དགོས།
 སྣུམ་སྒམ་སྒོ། གནས་གསུམ་ཅན་གྱི་སྣུམ་སྒམ་སྒོ་ནི་སྣུམ་སྒམ་
གཡོན་འོག་ཏུ་ཡོད་ཅིང་། སྣུམ་སྒམ་སྒོའི་འཇུ་ཡུ་
(OFF)
གནས་སུ་གཅུས་ན་སྣུམ་སྒོ་བརྒྱབ་པ་དང་། སྦག་སྦག་མ་ཞོན་
སྐབས་གནས་དེར་གཅུས། ཞོན་སྐབས་འཇུ་ཡུ་

(ON)གནས་སུ་གཅུས་དང་སྣུམ་སྒོ་ཕྱེས་ཡོད། འཇུ་ཡུ་
གནས་སུ་གཅུས་ན་ཟུར་སྣུམ་སྒམ་གྱི་སྒོའང་ཕྱེས་ཡོད།
ཟུར་སྣུམ་སྒམ་དུ་སྣུམ་ལི་ཊར་༡.༦ལས་མེད་པས་སྣུམ་མགྱོགས་
ཀྱིས་རྒྱོབ།
 གཟབ་རྒྱུ། སྣུམ་བརྒྱབ་རྗེས་སྣུམ་སྒོའི་འཇུ་ཡུ་

གནས་སུ་མ་གཅུ། གལ་སྲིད་སྔར་ལྟར་དེར་གཅུས་ནས་བཞག་ན་
སྣུམ་སྒམ་ནང་གི་སྣུམ་ཟད་སྐབས་ཟུར་སྣུམ་ཙམ་ཡང་མེད་པར་
གྱུར་ཡོད། སྣུམ་སྒོ་ཡང་དག་བཀོལ་ན་སྦག་སྦག་ཞོན་སྐབས་སྣུམ་
ཆད་པའི་དཀའ་ཁག་མི་འབྱུང་།
 

འཕྲུལ་སྣུམ། འཕྲུལ་སྣུམ་ནི་སྒུལ་འཕྲུལ་གྱི་བྱེད་ནུས་དང་ཚེ་ཚད་ལ་འབྲེལ་བ་ཟབ་པའི་རྒྱུ་གཙོ་བོ་ཡིན་པས་ངེས་པར་དུ་གཏན་ཁེལ་ལྟར་
བཀོལ་བ་ལས། སྤྱིར་བཏང་གི་འཕྲུལ་སྣུམ་དང་སོ་འཁོར་སྣུམ། རྩི་ཤིང་སྣུམ་སོགས་དེའི་ཚབ་ཏུ་བཀོལ་མི་རུང་། གཞན་ཡང་འཕྲུལ་སྣུམ་ལ་ཚ་
སླ་གྲང་སྐའི་ཁྱད་ཆོས་ལྡན་པས། དུས་དང་གནས་མི་འདྲ་སར་འཕྲུལ་སྣུམ་སྐ་སླ་དེ་ལུགས་བཞིན་བཀོལ་དགོས། སྦག་སྦག་འདི་བཟོ་གྲྭ་ནས་
ཐོན་སྐབས་SF ༡༥W/༤༠ཅན་གྱི་སྣུམ་བླུག་ཡོད་པ་དང་། གལ་སྲིད་སྣུམ་དེ་བརྗེ་དགོས་ན་སྣུམ་རྒྱུ་SEཡི་ཚད་ལ་ཐོན་དགོས་ཤིང་། སྐ་སླ་
ཚད་དུས་དང་གནས་ཀྱི་ཁམས་ལ་བསྟུན་སྟངས་ཟུར་ཡིག་ལྟར་གྱིས། འཕྲུལ་སྣུམ་བརྗེ་སྐབས་འཕྲུལ་སྒམ་ནང་གི་སྣུམ་ཚང་མ་ཕྱིར་ཕོས་ནས་ས་
སྣུམ་གྱིས་གཙང་མ་བྱས་རྗེས། གཏན་ཁེལ་ལྟར་འཕྲུལ་སྣུམ་གསར་པ་ལུགས།

འཁོར་ཀོ འཁོར་དབུགས་ཆེ་ཆུང་འོས་འཚམ་བྱས་ན་སྦག་སྦག་ཞོན་སྐབས་དོ་དན་པ་དང་ཁ་ལོ་བདེ་ཞིང་འཁོར་ཀོའི་སྤྱོད་ཡུན་རིང་།

འཁོར་དབུགས་ཚད།
སྔ་སོའི་འཁོར་ལོ།
༢༢༥
ཕྱི་སོའི་འཁོར་ལོ།
༢༨༠
འཁོར་ཀོའི་ཆ་ཚད།
སྔ་སོའི་འཁོར་ལོ།
༢.༧༥-༡༨
ཕྱི་སོའི་འཁོར་ལོ།
༩༠/༩༠-༡༨ ༣.༠༠-༡༨

  གཟབ་རྒྱུ། སྦག་སྦག་མ་ཞོན་གོང་འཁོར་ཀོ་འཁྱག་པའི་སྐབས་ཞིབ་བཤེར་དགོས་ཏེ། འཁོར་ཀོ་རལ་མིན་དང་འཛེར་མ་སོགས་ཟུག་ཡོད་
མེད། འཁོར་གཞི་ལ་སྐྱོན་སོང་མིན་སོགས་ལྟོས། གལ་སྲིད་སྐྱོན་གང་རུང་ཞིག་བྱུང་ན་སྦག་སྦག་ལས་ས་ནས་བརྗེ་བའམ་ལོས།

རྟ་རྐན་ཟབ་ཚད་ཆེས་དམའ་ཚད།
སྔ་སོའི་འཁོར་ལོ།     ༢.༠mm
ཕྱི་སོའི་འཁོར་ལོ།     ༣.༠mm

  གཟབ་རྒྱུ། འཁོར་དབུགས་ཆུང་དྲགས་ན། འཁོར་ལོ་འཁོར་དཀའ་ཞིང་སྣུམ་ཟད་ཆེ་བ་དང་། ཉེན་ན་འཁོར་ཀོའི་གནས་གང་རུང་ནས་
པགས་ཞུ་བ་དང་ག་སྲིད། འཁོར་དབུགས་ཆེ་དྲགས་ན། འཁོར་ཀོ་ཟད་མགྱོགས་ལ་ལྷུ་ལག་ཀྱང་ཟད་མགྱོགས་པ་དང་། ཞོན་མཁན་ལུས་དེ་
ཙམ་མི་བདེ། འཁོར་དབུགས་ཆེ་ཆུང་འོས་འཚམ་མིན་པ་དེས་འཁོར་ཀོའི་བཀོལ་ཡུན་ཇེ་ཐུང་འགྲོ་སྲིད། རྟ་རྐན་ཟད་ཆེ་བའི་འཁོར་ཀོ་བཀོལ་
ན། འདྲེད་སླ་བ་དང་དོ་མི་དན་པས་ཉེན་ཁ་ཡོད།
  ཕྱི་སོའི་རྡབ་ལེན། སྦག་སྦག་འདིར་སྣུམ་གནོན་དང་རྒྱུ་མ་
མཉམ་སྒྲིག་གི་རྡབ་ལེན་བསྒྲིགས་པས་ཁོད་སྙོམས་མིན་པའི་ལམ་
དུ་ཞོན་སྐབས་རྡབ་གཡུག་ཆེན་པོ་མི་བྱ། རྡབ་ལེན་སྙོམ་སྒྲིག་བྱས་
པ་འོས་འཚམ་ཡིན་མིན་གྱིས་སྦག་སྦག་ཞོན་བདེ་མིན་ལ་ཁྱད་པར་
ཆེ་སྟེ། ཆེས་དམའ་སར་བཞག་ན་རྒྱུ་མའི་ལྡེམ་ཤུགས་ཆེས་དམའ་
བས་ལྗིད་ཆུང་བ་དང་ལམ་བདེ་སར་འོས། དེ་ལས་ལྡོག་ན་རྒྱུ་
མའི་ལྡེམ་ཤུགས་ཆེ་བས་ལྗིད་ཆེ་བ་དང་ལམ་སྡུག་སར་འོས།
གཟབ་དགོས་པ་ཞིག་ནི་སྙོམ་སྒྲིག་སྐབས་རྡབ་ལེན་གཡས་གཡོན་
ཚད་གཞི་གཅིག་ལ་ཞོགས། དེ་མིན་ན་སྦག་སྦག་དོ་མི་དན།

  དཀར་ཆག ལྡེབ་ངོས་༤ཡོད། --  ངོས་པོ།  ༢༽  ༣༽  ༤༽