གློག་འདོན་འཕྲུལ་ཆས་བེད་སྤྱོད།

〓
གཅིག ཉེན་འགོག
༈ དུག་རླངས་འགོག་ཆེད། ཁང་པའི་ནང་དང་རླུང་མི་རྒྱུ་ས་ནས་མཁོ་མ་སྤྱོད།
༈ དུག་རླངས་དང་མེ་གནོད་འགོག་ཆེད། ཁང་པ་དང་ཅ་ལག་ལ་དུད་སྦུག་ཁ་མ་གཏོད།
༈ མེ་གནོད་འགོག་ཆེད། སྣུམ་བླུག་དུས་འཕྲུལ་ཆའི་སྒོ་ངེས་པར་དུ་རྒྱོབ།
༈ མེ་གནོད་འགོག་ཆེད། ཕྱི་ལ་བཞུར་བའི་སྣུམ་གཙང་མར་ཕྱིས།
༈ མེ་གནོད་འགོག་ཆེད། སྣུམ་གྱི་རིགས་དང་བླུགས་ཚད་གཏན་འབེབས་ལྟར་གྱིས།
༈ མེ་གནོད་འགོག་ཆེད། འབར་སླ་བའི་དངོས་རྫས་ཡོད་ས་ནས་མཁོ་མ་སྤྱོད།
༈ གློག་མི་འཁྲི་ཆེད། ཆར་པ་དང་ཁ་བ་འབབ་ས་ནས་བེད་མ་སྤྱོད།
༈ གློག་མི་འཁྲི་ཆེད།
ལག་པ་རློན་པས་གློག་སྐུད་རྩབ་ཁུང་དང་རྩབ་ཕུར་ལ་མ་རེག
༈ མེ་གནོད་འགོག་ཆེད། གྲོང་པས་བེད་སྤྱོད་པའི་གློག་སྐུད་དང་མ་སྦྲེལ།
གཉིས། སྟ་གོན།
༈ གློག་མི་འཁྲི་ཆེད།
འཕྲུལ་ཆ་འདི་བེད་སྤྱོད་སྐབས་གློག་སྐུད་ས་ནང་དུ་དྲོངས། (དཔེ་༡)
〓
༈ རླངས་སྣུམ་ལ་འཕྲུལ་སྣུམ་བསྲེ་དགོས།
དེ་མིན་ན་སྒུལ་བྱེད་འཕྲུལ་འཁོར་དྲོས་ཆེ་ཡོང་།
རླངས་སྣུམ་དང་འཕྲུལ་སྣུམ་བསྲེ་ཚད་ནི་༥༠:༡ཡིན(རླངས་སྣུམ་ཆ་༥༠ལ་འཕྲུལ་སྣུམ་ཆ་༡)།
(དཔེ་༢)
〓༈
སྣུམ་སྒམ་གྱི་ཤོང་ཚད་ནི་ལི་ཊར་༤.༢ཡིན།

〓༈
སྣུམ་བླུག་དུས་སྣུམ་ཚགས་ཡན་རྒལ་མི་ཉན། (དཔེ་༣)
སྣུམ་བསྲེ་ཚད།
༡ སྣུམ་སྒམ་ཁ་ལེབ་
ཀྱིས་འཕྲུལ་སྣུམ་འཇལ་དགོས། (དཔེ་༤)
〓༢
རླངས་སྣུམ་དང་འཕྲུལ་སྣུམ་གཉིས་སྡུར་ཚད་༥༠:༡ དེ་སྣོད་ཅིག་ཏུ་བླུགས།
(༥༠:༡ ལྔ་བཅུ་དང་གཅིག་སྟེ། རླངས་སྣུམ་ཆ་ལྔ་བཅུ་ལ་འཕྲུལ་སྣུམ་ཆ་གཅིག) ༣
སྙོམས་པོར་
བསྲེས་རྗེས་སྣུམ་སྒམ་ནང་དུ་བླུགས།
〓〓གསུམ།
ཁ་གྲག་ཏུ་འཇུག་ཚུལ།
〓
ཁ་མ་གྲག་གོང་གློག་ཆས་ལ་མཐུད་མི་ཉན། (དཔེ་༥)

༡ ཁ་མ་གྲག་གོང་སྣུམ་སྒམ་ཐེངས་འགའ་གཡུགས།
༢ སྣུམ་སྒོ་དེ་ONལ་གཅུས། (དཔེ་༦)

༣ རྩབ་གཟེར་དེ་༼༡༽ལ་གཅུས།(དཔེ་༧)
༤
མཐུད་སྒོ་དེ་ONལ་གཅུས། (དཔེ་༨)
༥
སྡོག་ཐག་ཐོག་མར་དལ་མོ་དང་དེ་
ནས་མྱུར་དུ་འཐེན་དགོས། (དཔེ་༩)

༦ རྩབ་གཟེར་དེ་སྔོན་གནས་(རང་གི་གཡས་ངོས་)སུ་གཅུས། (དཔེ་༡༠)
〓〓བཞི།
ཁ་བཀག་ཚུལ།

〓༡
ཁ་བཀག་ཁར། ངེས་པར་དུ་གློག་ཆས་རྣམས་སྒོ་རྒྱོབ། (དཔེ་༡༡)
༢ མཐུད་སྒོ་STOPལ་ཞོག (དཔེ་༡༢)

༣ སྣུམ་སྒོ་OFFལ་གཅུས།(དཔེ་༡༣)
〓〓ལྔ།
སྐུད་པ་མཐུད་ཚུལ།
༡
གློག་སྐུད་དེ་ལག་འཇུ་ལ་གཅུད་གཉིས་གསུམ་རྒྱོབ། (དཔེ་༡༤)
༢ འཕྲུལ་ཆས་ཁ་གྲག་ཏུ་ཆུགས།

༣ རྩབ་ཕུར་དེ་སྤེལ་རྒྱུག་རྩབ་ཁུང་ACལ་རྩབ།(དཔེ་༡༥)

༤ ཉེན་འགོག་སྒྲིག་ཆས། སྤེལ་རྒྱུག་གློག་ACསྲུང་ཆས་སྒོ་
རྒྱག་ན། གློག་གཏོང་ཚད་ཉུང་དུ་བཅུག་ནས། སྲུང་ཆས་སྒོ་ཕྱེས། (དཔེ་༡༦)
ON དབྱིན་ཡིག་འདི་གློག་སོགས་སྒོ་ཕྱེ་བའམ་རྒྱུན་མཐུད་པའི་དོན།
OFF དབྱིན་ཡིག་འདི་གློག་སོགས་སྒོ་རྒྱག་པའམ་བཀག་པའི་དོན།
དྲུག རྒྱུན་སྲུང་གི་དུས་བཅད།
༈ མེ་ལྕགས། (ཆུ་ཚོད་༥༠རེའམ་ཟླ་རེར་ཐེངས་རེ)
༡ མེ་ལྕགས་གཅུས་ནས་ལེན། (དཔེ་༡༧)
༢ བཙའ་དང་ཐལ་བ་གཙང་མ་གྱིས། (དཔེ་༡༨)
〓༣
མདོག་ཤོར་མིན་ལྟོས། ཚད་ལྡན་ནི་ཁམ་པ་ཡིན།

༤ མེ་ལྕགས་ཀྱི་སྟོང་ཆ་ལྟོས། ཚད་ལྡན་ནི་
0.7mmའམ་0.8mmཡིན། (དཔེ་༡༩)
༈
དབུགས་ཚགས། (ཆུ་ཚོད་༡༥༠འམ་ཟླ་རེར་ཐེངས་རེ)
༡ དབུགས་ཚགས་ཚུར་ལོངས།
༢ འདག་ཁུས་གཙང་མར་ཁྲུས།
༣ འཕྲུལ་སྣུམ་ཅུང་བླུགས། (དཔེ་༢༠)
༤ འཕྲུལ་སྣུམ་བཙིར། (དཔེ་༢༠)
〓
གཟབ་རྒྱུ།
དབུགས་ཚགས་མེད་པར་འཕྲུལ་ཆ་གཏན་ནས་མཁོ་མ་སྤྱོད།
〓
༈ སྣུམ་ཚགས། (ཆུ་ཚོད་༡༥༠
འམ་ཟླ་༣རེར་ཐེངས་རེ)
༡ འཁོར་མཚམས་ཞོག
༢ སྣུམ་སྒོ་OFFལ་གཅུས།
༣ འདག་ཁུས་གཙང་མར་ཁྲུས། (དཔེ་༢༡)
)

༡ འདག་ཁུས་གཙང་མར་ཁྲུས།
༢ གཙང་མར་ཕྱིས།
༣ སྣུམ་སྒམ་དུ་སྒྲིགས། (དཔེ་༢༢)
〓〓བདུན།
སྐྱོན་སེལ་ཚུལ།
〓
འཕྲུལ་ཆས་ཁ་མི་གྲག་སྐབས།
༡ སྣུམ་ལ་ལྟོས།
༢ སྣུམ་སྒོ་ལ་ལྟོས།
༣ མེ་ལྕགས་ལ་ལྟོས།
༤ ད་དུང་ཁ་མ་གྲག་ན་འདི་ལྟར་གྱིས། སྣུམ་སྒོ་འཚངས་ཡོད་མེད་ལྟོས། དབུགས་
ཚགས་འཚངས་ཡོད་མེད་ལྟོས། ཡང་ན་ཚོང་ཁང་དང་བཟོ་གྲྭ་ལ་སྙེན་འདྲི་གྱིས།

〓བརྒྱད།
ཐད་རྒྱུག་གློག་མཁོ་སྤྱོད།
༡
གློག་གསོག་སྐུད་སྣེ་དེ་གློག་འདོན་འཕྲུལ་ཆས་ཀྱི་ཐད་རྒྱུག་རྩབ་ཁུང་དུ་ཆུགས།
༢ འདྲེན་སྐུད་དམར་པོ་དང་གློག་སྣོད་ཀྱི་ཕོ་གློག་མཐུད།(ཕོ་གློག་གི་རྟགས་+)
འདྲེན་སྐུད་ནག་པོ་དང་གློག་སྣོད་ཀྱི་མོ་གློག་མཐུད།(མོ་གློག་གི་རྟགས་-)
མཆན། འདི་TD950Dཁོ་ན་ལ་ནུས་པ་ཐོན།
〓〓མཆན།
ཉེན་འགོག safety保险འབྱུང་སྲིད་པའི་ཉེན་ཁ་མི་ཡོང་བའི་ཐབས།
རྩབ་ཕུར། plug插头གློག་རྒྱུན་མཐུད་པ་དང་གཅོད་པར་རྩབ་ཕུར་དང་རྩབ་ཁུང་གིས་མཐུད་ཁ་སྤྲོད།
དེ་ཡང་ཉེན་ཁ་མི་ཡོང་
ཆེད་རྩབ་ཕུར་ལ་གློག་མེད་པ་དང་རྩབ་ཁུང་ལ་གློག་ཡོད་པ་ཇུས་འགོད་བྱས།
རྩབ་ཕུར་རྐང་གསུམ། three-pin plug三脚插头སྤྱིར་བཏང་རྩབ་ཕུར་ལ་ཕོ་གློག་དང་མོ་གློག་འདྲེན་ས་རྐང་པ་གཉིས་
ངེས་པར་དུ་དགོས་ཤིང་། ཉེན་སེལ་སོགས་ཀྱི་ཆེད་དུ་རྐང་པ་གསུམ་ཅན་ཡང་ཡོད།
རྩབ་ཁུང་། socket插座རྩབ་ཕུར་བཙུད་སའམ་ཤེལ་ཏོག་བཙུད་སའི་འཁོར་མིག
རྩབ་གཟེར། chock
འཕྲུལ་ཆའི་འཁོར་རྟེན་དང་ཕུ་སོགས་འགོག་བྱེད།
ལི་ཊར། (升)
litre རྒྱལ་སྤྱིའི་བཅུ་རྩིས་ལུགས་ཀྱི་ཤོང་ཚད་གྱི་རྩི་གཞི།
དབྱིན་ཡིག་litreཡི་བསྡུས་ཡིག་ནི་མིང་གཞི་l(ཨེལ་)ཡིས་
མཚོན། ལི་ཊར་༡ལ་ལི་ཊའི་བཅུ་ཆ་༡༠ཡོད།
ལི་ཊའི་བཅུ་ཆ།
དབྱིན་ཡིག་གི་centilitreཞེས་པར་བསྡུས་ཡིག་cl(སྲས་ཨེལ་)ཡིས་མཚོན།
ལི་ཊའི་བཅུ་ཆ་༡ལ་ལི་ཊའི་བརྒྱ་
ཆ་༡༠ཡོད།
ལི་ཊའི་བརྒྱ་ཆ།
དབྱིན་ཡིག་གི་decilitreཞེས་པར་བསྡུས་ཡིག་dl(སྦྲས་ཨེལ་)ཡིས་མཚོན།
ལི་ཊའི་བརྒྱ་ཆ་༡ལ་ལི་ཊའི་སྟོང་ཆ་༡༠ཡོད།
ལི་ཊའི་སྟོང་ཆ།
དབྱིན་ཡིག་གི་millilitreཞེས་པར་བསྡུས་ཡིག་ml(ཨེམ་ཨེལ་)ཡིས་མཚོན།
དེས་ན་སྨན་ཁབ་ཀྱི་རྩི་གཞི་ནི་mlསྟེ་
ལི་ཊའི་སྟོང་ཆ་ཡིན་པས་སྨན་ཆུ་ml༡༠༠༠ལ་ལི་ཊར་༡ཡིན།

རླངས་སྣུམ།
gasoline汽油དྭངས་ཤིང་འབར་སླ་བའི་ས་སྣུམ་གྱི་རིགས་ཤིག་ཏེ།
རླངས་འཁོར་སོགས་འཕྲུལ་འཁོར་རིགས་ཀྱི་
སྦར་རྫས་སུ་བཀོལ་ཡོད།
འཕྲུལ་སྣུམ།
机油འཕྲུལ་ཆའི་འཁོར་ལྷུ་འཇམ་འདྲེད་བྱེད་པའི་སྣུམ་ཞིག
སྣུམ་ཚགས། fuel filter滤油器སྣུམ་གྱི་ནང་དུ་འདྲེས་པའི་སྤུ་དང་རྡུལ་སོགས་འབྱེད་བྱེད་ཀྱི་ཚགས།
ཁ་གྲག
སྤྱིར་ཁ་གྲག་ཅེས་པ་སྒྲ་གྲག་པའམ་སྐད་ཆ་བཤད་པའི་དོན་ཡིན།
སྐབས་འདིར་startདང་搂撇ནི་མགོ་འཛུགས་པའམ་
མགོ་རྩོམ་པའི་དོན་ཡིན་མོད།
འཕྲུལ་ཆས་བྱ་བ་བྱེད་མགོ་རྩོམ་སྐབས་ཐོག་མར་འཁོར་ནས་འུར་སྒྲ་སོགས་གྲག་པ་ནི་ཆེས་རྩ་བའི་ཆ་
རྐྱེན་ཡིན་པས་ཐ་སྙད་དེ་བཞིན་ཆགས།
ད་དུང་ཁ་བཀག་ཟེར་བ་མཚམས་འཇོག་པའི་དོན་དུ་གོ་བ་བོད་སྤྱི་མཐུན་ཡིན་པས་འཕྲུལ་
ཆས་ཀྱིས་བྱ་བ་བྱེད་མགོ་རྩོམ་པར་སྒོ་ཕྱེ་དང་ཁ་གྲག
མཚམས་འཇོག་པར་ཁ་བཀག་གམ་སྒོ་རྒྱག་ཟེར་ན་འོས་པར་སེམས། ཡོད་ཚད་
ལ་རིགས་འགྲེ་མི་དགོས་ཏེ།
རྩིས་འཁོར་དང་ལག་བཟུང་ཁ་པར་སོགས་ཀྱི་སྐབས་སུ་སྒོ་ཕྱེ་དང་སྒོ་རྒྱག
ཨར་ལས་སོགས་ཀྱི་སྐབས་སུ་
མགོ་འཛུགས་དང་མཇུག་སྡུད་ཅེས་སྐབས་དང་བསྟུན་ན་བོད་རང་སྐད་དང་མཐུན།
སྡོག་ཐག
recoilནི་ཕྱིར་འཁོར་རམ་ཕྱིར་སྡོག重卷ནི་བསྐྱར་སྡོག་གི་དོན་ཡིན།
འོན་ཀྱང་སྐབས་འདིར་དོན་ལ་བསྟུན་ཏེ་ཐེན་ཟིན་
མ་ཐག་རང་ཤུགས་ཀྱིས་ཕྱིར་སྡོག་པའི་ཐག་པ་ཡིན་པའི་ཆ་ནས་སྡོག་ཐག་ཅེས་བརྗོད་ན་ཚིག་ཉུང་ཞིང་དོན་ལ་འབྱོར།
མཐུད་སྒོ། switch接口གློག་རྒྱུན་མཐུད་པའམ་གཅོད་བྱེད་ཀྱི་སྒོའམ་གཟེར།
སྤེལ་རྒྱུག་གློག (交流)
alternating current(བསྡུས་ཡིག AC)
སྤེལ་རྒྱུག་གློག་ནི་གློག་རྒྱུན་རྒྱུ་དུས་མཐོ་དམའ་རེས་མོས་ཀྱིས་
རྒྱུ། ཆུ་གློག་དང་གློག་འདོན་འཕྲུལ་ཆས་ཀྱི་གློག་ལྟ་བུ་ཡིན།
ཐད་རྒྱུག་གློག (直流)
direct current(བསྡུས་ཡིག DC)
ཐད་རྒྱུག་གློག་ནི་གློག་རྒྱུན་རྒྱུ་དུས་ཐད་ཀར་རྒྱུ། གློག་སྣོད་དུ་
བསགས་པའི་གློག་དང་གློག་རྫས་གློག་ལྟ་བུ་ཡིན།
མེ་ལྕགས། spark plug火花塞ནང་འབར་མེ་ལྕགས།
དབུགས་ཚགས། air filter空气滤清器མཁའ་དབུགས་ནང་གི་ཐལ་རྡུལ་སོགས་བཙོག་པ་འགོག་བྱེད་ཀྱི་ཚགས།
འདྲེན་སྐུད།
电源线སྐབས་འདིར་གློག་འདྲེན་བྱེད་ཀྱི་སྐུད་པ་ལ་གོ།
སྙེན་འདྲི།
རང་གིས་མ་ཤེས་པའི་དོན་ནམ་དོགས་པ་ཡོད་པའི་དོན་དེ་ཤེས་མཁན་སམ་རྒྱུས་ཡོད་ལ་འདྲི་བ།
འདག་ཁུ།
洗洁精འདག་རྫས་སྦངས་པའི་ཁུའམ་འཁྲུད་རྫས་སླ་མོ།
(བསོད་ནམས་ཆོས་མཚོས་བསྒྱུར།)