

ལྷུ་ལག་གི་མིང་།
〓
ཉེན་འགོག་སྐོར།
འཁེང་སྒམ་འདི་ལ་སྤེལ་རྒྱུག་གློག་རྒྱུན་ཝ་༢༢༠V/༥༠Hzཅན་སྤྱོད།
〓
གློག་ཤུགས་འགྱུར་ལྡོག་ཆེ་ཚེ་(༡༨༧-༢༤༢vལས་རྒལ་བ)གློག་སྒོ་མི་བྱེ་བ་དང་།
དྲོད་ཚོད་འཛིན་ཆས་
སམ་བཅུམ་ཆས་ཚིག་པ།
ཡང་ན་བཅུམ་ཆས་ཀྱིས་སྒྲ་མི་འདྲ་བ་རྒྱག་པ་སོགས་ཀྱི་སྐྱོན་ཡོང་།
དེ་དུས་ངེས་
པར་དུ་ཝ་༡༠༠༠Wཡན་གྱི་རང་འགུལ་གློག་རྒྱུན་སྙོམས་ཆས་སྒྲིགས།
〓
ངེས་པར་དུ་ཆེད་སྤྱོད་རྩབ་ཁུང་དགོས་ལ་ཡག་པོ་མཐུད།
འཁེང་སྒམ་འདི་ལ་
རྩབ་ཕུར་རྐང་གསུམ་(ས་སྐུད་)ཡོད་པས་ཚད་ལྡན་གྱི་རྩབ་ཁུང་ཁུང་གསུམ་(ས་སྐུད)དགོས།
རྐང་པ་གསུམ་པ་(ས་
སྐུད)གཏན་ནས་གཅོད་མི་ཉན། འཁེང་སྒམ་སྒྲིག་རྗེས་གློག་སྐུད་མཐུད།
〓གློག་སྐུད་ལ་སྐྱོན་མ་བཟོ།〓
.རྩབ་ཕུར་ཕུད་སྐབས་གློག་སྐུད་མ་འཐེན་པར་རྩབ་ཕུར་ནས་བཟུང་སྟེ་ཕུད།
.གློག་སྐུད་འཁེང་སྒམ་གྱིས་གནོན་མི་ཉན།
.འཁེང་སྒམ་སྤོ་དུས་གློག་སྐུད་སྡོག་ནས་སྡོམས།
མནན་པ་སོགས་ཀྱིས་གློག་སྐུད་ལ་སྐྱོན་མ་བཟོ།
〓གློག་སྐུད་ལ་སྐྱོན་བྱུང་ན།
གློག་སྐུད་ལ་སྐྱོན་བྱུང་བའམ་རྩབ་ཁུང་ཟད་པོ་མཁོ་མ་སྤྱོད།
གློག་སྐུད་
བརྡར་བ་དང་སྐྱོན་བྱུང་ན་ངེས་པར་དུ་བཟོ་གྲྭའི་ཞིག་གསོ་ཁང་དང་ཡང་ན་གློག་ལས་མཁན་གྱིས་རྗེས།

〓སོལ་རླངས་སོགས་འབར་སླ་བའི་རིགས་བོ་ན།
〓.བོ་བའི་སྣོད་ཁ་རྒྱོབས།
.སྒོ་དང་སྐར་ཁུང་ཕྱེས།
.གློག་སྐུད་ཀྱི་རྩབ་ཕུར་འབལ་བའམ་རྩབ་ཁུང་དུ་མ་བཙུད།
〓རྩབ་ཕུར་འབལ་དགོས་པའི་གནས་ཚུལ།
〓
.གཙང་སྦྲའམ་ཞིག་གསོ་བྱེད་ཁར་རྩབ་ཕུར་ཕུད།
〓
.འཁེང་སྒམ་དུས་རྒྱུན་དང་མི་འདྲ་བ་བྱུང་ན་རྩབ་ཕུར་འབོལ།
〓
འཁེང་སྒམ་ནང་དུ་འབར་སླ་བའམ་འགས་སླ་བའི་རྫས་དང་། རུལ་རྫས་ངར་
བའི་རིགས་ཏེ། རུལ་རྫས་སམ་བུལ་ཏོག་སོགས་མ་འཇོག
〓འཁེང་སྒམ་དུ་སྨན་
དང་འགོག མེ་ཏོག
སྲོག་ལྡན། རྫས་སྦྱོར་སོགས་མ་ཉར་ལ། ཚ་གྲང་དམིགས་ཚད་མཐོ་བའི་རིགས་མ་འཇོག
མེ་ཉེན་ཆེ་བས་འཁེང་སྒམ་འགྲམ་དུ་རླངས་སྣུམ་སོགས་འབར་སླ་བའི་རིགས་མ་འཇོག

གློག་སྐུད་རིང་དགོས་ན། གློག་སྐུད་སྦོམ་ཕྲ་
༠.༧༥mm2ལས་ཕྲ་མི་ཉན།
〓
ཆག་སྒོ་མི་འབྱུང་ཕྱིར། ལྡེ་མིག་ཉར་ཚགས་ཡག་པོ་
གྱིས། ཕྲུ་གུས་འཁེང་སྒམ་ལ་རྩེད་མོ་རྩེ་མ་འཇུག

འཁེང་སྒམ་དུ་གློག་མངགས་རྗེས་ལག་པས་ནང་གི་ངོས་ལ་མ་རེག
ལྷག་པར་དུ་ལག་པ་རློན་པས་
རེག་ན་འཁེང་སྒམ་ངོས་ལ་འབྱར་ཉེན་ཡོད།
〓འཁེང་སྒམ་ཕྱི་ནས་ཆུ་གཏོར་བ་དང་མ་བཀྲུ།
རླན་
ཚད་ཆེ་སར་མ་འཇོག དེ་ལྟར་བྱས་ན་གློག་ཆས་ལ་གནོད།
〓འཁེང་སྒམ་སྒྲིག་ཚར་དུས།
རྩབ་ཕུར་ལེན་བདེ་ས་ལ་ཞོག གནས་ཚུལ་འདྲ་བྱུང་ན་དེ་མ་ཐག་རྩབ་ཕུར་འབལ་ཆོག
〓འཁེང་སྒམ་ཆེད་ལས་ལག་རྩལ་པས་མ་གཏོགས་རང་དགར་
བཤིག་པ་དང་ཞིག་གསོ་མ་བྱེད།
〓〓
གྲང་ཉར་མི་བྱེད་སྐབས་དམ་བེ་ནང་གི་ལྦུ་རག་དང་སྐྱེམས་འདྲ་མིན་ཡུན་རིང་མ་འཇོག
བཞག་ན་ག་ཉེན་ཡོད།
གློག་ཆད་པའམ་གཙང་མ་བཟོ་དུས་རྩབ་ཕུར་
འབོལ། མ་ཐ་ཡང་སྐར་མ་ལྔ་ཙམ་འགོར་རྗེས་གློག་
མངགས་པ་མ་གཏོགས་དེ་མ་ཐག་མངགས་ན་
བཅུམ་ཆས་ལ་གནོད།
འཁེང་སྒམ་མཁོ་མི་སྤྱོད་སྐབས་ཁ་ལེབ་ལོངས།
གལ་སྲིད་ཕྲུ་གུས་རྩེད་མོ་རྩེས་ན་ཉེན་ཁ་ཡོད།
〓འཇོག་ས།
འགུལ་བ་དང་འུར་སྒྲ་མེད་ཕྱིར་
འཁེང་སྒམ་འཇོག་ས་འཁོད་སྙོམས་ལ་སྲ་དགོས།
དོ་པོའི་ཞབས་ཀྱང་ཚུར་ལོངས། སྤོ་སྐབས་གསེག་
ཚད་༤༥ ༚ལས་བརྒལ་མི་ཉན།

འཁེང་སྒམ་ལ་ཉི་འོད་ཕོག་པ་དང་དྲོད་ཆེ་སར་མ་འཇོག དྲོད་ཚད་ཨང་༣༨༚ལས་མཐོ་
སར་མ་འཇོག
འཁེང་སྒམ་གྱི་ཕྱོགས་བཞིར་རླུང་རྒྱུ་བ་
དང་དྲོད་ཡལ་སའི་བར་སྟོང་དགོས།
ཧ་ཅང་གྲང་ནས་འཁྱག་ཆགས་སར་འཁེང་སྒམ་མ་འཇོག
〓
〓

རླན་ཆེ་ས་དང་ཆུ་འཐོར་སར་འཁེང་སྒམ་མ་
འཇོག ཆུ་དང་བཙོག་པ་འགོས་ན་འཕྲལ་དུ་
རས་སྐམ་པོས་ཕྱིས།
〓རྟགས་ཀྱི་མཚོན་དོན།
.
གཟབ་རྟགས་ཡོད་སའི་དོན་ནི། ཅ་ལག་དང་མཁོ་སྤྱོད་མཁན་ལ་ཉེན་ཁ་
ཡོད་པས་གཟབ་རྟགས་ཡོད་སའི་གསལ་བཤད་ལྟར་ལག་ལེན་དགོས།
. འགོག་རྟགས་ཡོད་སའི་དོན་ནི། ངེས་པར་དུ་འགོག་དགོས་ཏེ། དེ་ལྟར་
མིན་ན་འཁེང་སྒམ་སྐྱོན་ཤོར་བ་དང་མཁོ་སྤྱོད་མཁན་ལ་ཉེན་ཁ་ཆེ།
〓མཁོ་སྤྱོད་ཁའི་གྲ་སྒྲིག
དོ་ལྕིབས་ཚང་མ་ལོངས།
དོ་པོའི་འགྱིག་སོབ་དང་དོ་ཞབས་ཀྱང་ངེས་པར་དུ་ལོངས།
འཁེང་སྒམ་གྱི་ཆ་ལག་དང་ཡི་གེ་རྩིས་ལོངས།
སྒམ་ནང་ཅ་ལག་རྣམས་དོ་ཡིག་ལྟར་རྩིས་ལོངས།
〓མཁོ་སྤྱོད་ཁར་འཁེང་སྒམ་གཙང་མ་གྱིས།
གཙང་མ་བྱེད་སྟངས་ཚན་པ་ལ་ཞིབ་ཕྲ་ལྟོས།
〓བཞག་རྗེས།
འཁེང་སྒམ་སྤོས་ནས་བཞག་
རྗེས། སྐར་མ་༡༠མཚམས་ནས་གློག་མངགས་ཆོག
〓གློག་མངགས་པ།
གློག་མངགས་ནས་ཚོད་ལྟ་གྱིས།
གློག་མངགས་ནས་ཆུ་ཚོད་ཕྱེད་ཀ་འགོར་རྗེས་གྲང་
བའི་ཚོར་སྣང་ཡོད་ན་འཁེང་སྒམ་མཁོ་སྤྱོད་ཆོག

འཚོལ་བདེ་ཆེད། དོ་པོ་ཕྱེས་རྗེས་འཁེང་སྒམ་
རྒྱབ་ཀྱི་བྱང་བུ་ལས་འཁེང་སྒམ་གྱི་ཚན་གྲངས་
དང་བཟོ་གྲྭའི་རིམ་གྲངས་དེ་འགན་ཡིག་ཏུ་བཤུས།
〓གློག་སྒོ་ཕྱེ་བ་དང་དྲོད་ཚད་སྒྲིག་སྟངས།
མཁོ་སྤྱོད་སྟངས། གློག་མངགས་མ་ཐག་ཟས་མ་འཇོག སྟོང་པ་ལ་ཅུང་བཞག་
(དབྱར་ཆུ་ཚོད་༦ཙམ་དང་དགུན་ཆུ་ཚོད་༤ཙམ) རྗེས་ཟས་རྣམས་ཞོག
〓
དྲོད་ཚད་སྒྲིག་སྟངས། .
དྲོད་ཚད་ཚོད་འཛིན་ངོས་ལེབ་ལ་བརྡ་གློག་དང་དྲོད་ཚད་གཅུས་སྒོ་ཡོད། (དཔེ་
རིས་ལྟར) གློག་མངགས་རྗེས་བརྡ་གློག་ཤར།
.
དྲོད་ཚད་འཛིན་བྱེད་གཅུས་སྒོ་དེ་༠ནས་༥བར་འཁེང་སྒམ་ནང་གི་དྲོད་ཚད་ཇེ་དམའ་ཡིན་པས་དགོས་ཚོད་
ལྟར་ལིང་ཕོབས།
. 0ནི་སྒོ་བརྒྱབ་ཡོད།
.
གྲང་ཉར་བྱེད་ས་(དམར་པོའི་གནས་)གཅུས་སྒོའི་ལིང་༡སྒམ་ནང་དྲོད་ཚད་-༢~༡༠℃ཙམ།
ཟུར་འཁེང་བྱེད་ས་(སྔོན་པོའི་གནས་)གཅུས་སྒོའི་ལིང་༢སྒམ་ནང་དྲོད་ཚད་-༡༢~-༢℃ཙམ།
འཁེང་ས་(ནག་པོའི་གནས་)གཅུས་སྒོའི་ལིང་༣-༥སྒམ་ནང་དྲོད་ཚད་-༢༦~-༡༢℃ཙམ།
.
གློག་སེར་པོ་དེ་མྱུར་དུ་འཁེང་བྱེད་ཡིན་པས་འཁེང་མྱུར་དགོས་ན་སྒོ་འདི་ཕྱེས།
གློག་སེར་པོ་ཤར་ཏེ་བཅུམ་ཆས་མུ་མཐུད་འཁོར་ནས་
ཟས་མྱུར་དུ་གྲང་། འཁེང་རྗེས་གློག་སེར་པོ་གཟིམ་ནས་མཚམས་འཇོག
. གྲང་ཉར་དེ་གཞན་ལ་བསྒྱུར་ན། ཟས་གྲང་མོ་རྣམས་མ་བླངས་ན་འཁེང་འགྲོ།
ཟུར་འཁེང་དང་འཁེང་པ་དེ་གྲང་ཉར་ལ་བསྒྱུར་ན་འདི་
ལྟར་གྱིས། དྲོད་ཚད་དེ་གྲང་ཉར་ལ་ཞོག དེ་ནས་ཟས་འཁེང་པ་རྣམས་ཕྱི་ལ་ལོངས།
འཁེང་སྒམ་ཆུ་ཚོད་༡ཙམ་སྟོང་པར་བཞག་ནས་ངོས་གཙང་
མ་བཟོས་རྗེས་གྲང་ཉར་བྱེད་རྒྱུ་རྣམས་ནང་དུ་ཞོག
. འཁེང་དུ་འཇུག་སྐབས། ཁོར་ཡུག་དྲོད་ཚད་༢༥℃ལས་མཐོ་ན་ལིང་༢-༣ལ་ཞོག
ཁོར་ཡུག་དྲོད་ཚད་༢༥℃ལས་དམའ་ན་ལིང་
༣-༤ལ་ཞོག
. མཁོ་མ་སྤྱད་གོང་ལིང་གང་ལ་འཇོག་པར་ཡག་པོ་ལྟོས།
རྒྱུན་དུ་མཁོ་སྤྱོད་སྐབས་དྲོད་ཚད་བསྒྱུར་དགོས་དོན་མེད།