ཤ་མོང་ལུག་ཤ་འདྲིལ་བུ།〓
རྒྱུ་ཆ། ལུག་ཤ་གྷི་རམ་༣༠༠
ཆུ་རྒྱས་ཤ་མོང་གྷི་རམ་༧༥ ཚི་ཕྱེ་གྷི་རམ་༡༥ སྤོད་ཆང་གྷི་རམ་༡༥ ཚྭ་གྷི་རམ་༥
སྦྲེ་ཚྭ་གྷི་རམ་༢
ཙོང་ལྒའི་གཤེར་ཁུ་གྷི་རམ་༢༠ བྱ་ཤའི་ཁུ་བ་གྷི་རམ་༥༠ མར་ནག་གྷི་རམ་༥༠༠
ཞིམ་སྣུམ་གྷི་རམ་༡༠
བཟོ་ཐབས། ༡
ལུག་ཤ་དང་ཤ་མོང་བཀྲུས་རྗེས་འདྲིལ་བུར་གཏུབ་དགོས། ༢ལུག་ཤ་འདྲིལ་བུ་ལ།
འབྲུ་ཆང་གྷི་རམ་༥དང་།
བཙོང་ལྒའི་གཤེར་ཁུ་གྷི་རམ་༡༠ ཚྭ་གྷི་རམ་༡བཅས་ཀྱིས་སྙོམས་པོར་བསྲེས་ནས།
ཚི་ཕྱེ་གྷི་རམ་༡༠ཡིས་སྒྲེ་དགོས།
༣བྱ་ཤའི་ཁུ་བ་དང་སྦྲེ་ཚྭ། སྤོད་ཆང་དང་ཚྭ།
ཚི་ཕྱེ་ཙོང་ལྒའི་གཤེར་ཁུ་ལྷག་མ་བག་ཚི་ཁུ་བ་བཟོས། ༤ཚལ་སླང་དུ་མར་ནག་
བླུགས་ཏེ་ཕྱེད་བཞི་ལྔ་ཙམ་དྲོས་རྗེས་ལུག་ཤ་བཏབ་ནས་འཚོས་སུ་བཅུག་སྟེ་ཁོལ་ཚགས་སུ་བླངས།
༥ཚལ་སླང་དུ་མར་ནག་
གྷི་རམ་༤༠བསྐྱུར་ཏེ་ཤ་མོང་བརྔོས་ནས་འཚོས་རྗེས།
ལུག་ཤ་འདྲིལ་བུ་དེའི་ཁར་བཏབ་སྟེ། བག་ཚི་ཁུ་བ་ཚ་བླུགས་བྱས་ནས་
མེ་ཤུགས་དྲག་པོས་གཞོག་དཀྲུག་བཏང་ནས་སྣུམ་ཁུ་བཞུར་ཚེ་སྡེར་མ་རུ་བླུགས།
ཁྱད་ཆོས། ཤ་འདྲིལ་སྙི་ཞིང་ཤ་མོང་རོ་ཞིམ།
བྲོ་བ་སྦྲེ་མོ་ཡོད།
ཤ་སྲེག་ཕྲེང་བ།
རྒྱུ་ཆ།
ཚོ་ཞན་འབྲིང་ཙམ་གྱི་ལུག་ཤ་གསར་པ་གྷི་རམ་༥༠༠ སུར་པན་ཕྱེ་མ་གྷི་རམ་༡༠
ཚྭ་གྷི་རམ་༢༠ གཡེར་མའི་ཕྱེ་མ་གྷི་
རམ་༡༠ ཚྭ་འདག་གྷི་རམ་༢༠ ལྒ་སེར་ཕྱེ་མ་གྷི་རམ་༥ གོ་སྙོད་ཕྱེ་མ་གྷི་རམ་༥
བཟོ་ཐབས། ༡ཕོར་པ་ཞིག་ཏུ་ཚྭ་དང་། ཚྭ་འདག
ལྒ་ཕྱེ། སུར་པན་ཕྱེ་མ། གཡེར་མ་ཕྱེ་མ།
གོ་སྙོད་ཕྱེ་མ་བཅས་སྦྱོར་སྡེབ་བྱས་ཏེ་
བཞག ༢ཚོ་ཞན་འབྲིང་ཙམ་གྱི་ལུག་ཤ་གསར་པ་གྲོ་སྟེགས་སྟེང་དུ་བཞག་ནས།
གྲིས་ཤ་སྐྱི་བླངས་ཏེ་ཤ་ལེབ་མཐེ་བོང་ཙམ་
གཏུབ་ནས་སོ་སོར་ལྕགས་ཐུར་ལ་སྦྲེལ།
ཤ་སྦྲེལ་དེ་མེ་ཐབ་སྟེང་དུ་མཚམས་མ་ཆད་པར་ལོག་བརྗེ་ཞོར་སྲེག་སྐབས་སྟེང་དུ་
སྤོད་བྱུག ཤ་ཚིག་སྟེ་མདོག་སེར་ལ་དྲི་ཞིམ་འཐུལ་བ་དང་བླངས་ཏེ་བཟའ་ཆོག
ཁྱད་ཆོས། ཤ་སྙི་ཞིང་དྲི་ཞིམ་པ་དང་།
རོ་བཅུད་ཕུན་སུམ་ཚོགས་ཤིང་ཕོ་བས་འཇུ་བདེ།
(ཀུན་ཁྱབ་ཀྱིས་བཏུས་ཤིང་བསྒྱུར།)