
〓
༡
ཤ་རིགས་འཚོད་སྐབས་སྣོད་ཀྱི་མཐོ་ཚད་ལས་བཞི་ཆ་གསུམ་དང་།
འབྲས་འཚོད་སྐབས་སུམ་ཆ་གཉིས་ཡན་མ་མང་། ཐུག་པ་དང་
ཁུ་བ། ཐང་དང་སྲན་མའི་རིགས། མ་རྨོས་ལོ་ཏོག
མཚོ་ཚལ་སོགས་འཕེལ་ཆེ་བའི་ཟས་རིགས་སྣོད་ཀྱི་སུམ་ཆ་གཅིག་ཡན་མ་མང་།

༢
ཁ་ལེབ་མ་བརྒྱབ་གོང་ཕུ་སྦུག་དང་འཚང་འགོག་ཁ་ལེབ་འཚང་ཡོད་མེད་ལྟོས།
རང་རྒྱག་ཏོག་དང་ཉེན་སྲུང་ཏོག་འཕྲུལ་མིན་ལྟོས།
ཁ་ལེབ་བརྒྱབ་རྗེས་ཁ་ལེབ་ཡུ་བ་དེ་གཡས་ཕྱོགས་སུ་བསྐོར་ནས་མ་རྡིག་ཡུ་བ་དང་ཡོ་གཟུར་མེད་པར་(དཔེ་༡)
གཅིག་ཐོག་གཉིས་རྩེག་གྱིས།
༣
དབུགས་ཐབ་བཀོལ་ཚེ་མེ་ལྕེས་རླངས་སྣོད་ཀྱི་འགྲམ་ངོས་སུ་མ་རེག་པ་བྱས་ཏེ་སྣོད་ཀྱི་ཡུ་བ་འཚིག་དོགས་གྱིས།
གློག་ཐབ་བཀོལ་
ཚེ་གློག་ཐབ་ཀྱི་རྒྱ་ཁྱོན་སྣོད་ཞབས་དང་འཚམས་པ་དགོས།
མེ་སྒྲོན་ཏེ་སྣོད་དྲོས་ནས་དབུགས་སྦུག་དང་རང་རྒྱག་ཁ་མདན་ཁུང་བུ་
ལས་རླངས་པ་འཕྱུར་སྐབས་ཕུ་ཏོག་སྒྲིགས།
ཅུང་འགོར་རྗེས་རང་རྒྱག་ཁ་མདན་ཇེ་མཐོར་ཕྱིན་ཏེ་ཕུ་ལམ་ཁུང་བུའི་ཁ་དམ་པོར་
གཅོད་འགྲོ། (དཔེ་༢)

༤
ཕུ་ཏོག་ལས་རླངས་པ་བར་མེད་དུ་ཕྱིར་རྒྱུགས་ཚེ་ལམ་སང་མེ་ཤུགས་ཆུང་དུ་གཏོང་།
ཕུ་ཏོག་ལས་རླངས་པ་རེས་རྒྱུགས་རེས་ཆད་
དང་སྒྲ་ཆུང་ངུ་འབྱིན་པར་རྒྱུན་བསྲིང་དགོས། (དཔེ་༣)
བཙོ་ལུགས་དང་བཙོ་ཚོད་རེའུ་མིག་ལ་ཟུར་ལྟ་བྱས་ཏེ་ཟ་མ་ཚོས་པ་ན་
མཚམས་ཞོག
༥
ཁ་ལེབ་མ་བླངས་གོང་རླངས་སྣོད་ཐབ་ལས་ཕོག་ཏེ་གཤམ་གྱི་འཁྱག་ཐབས་གཉིས་གང་འོས་ལྟོས།
(༡)ཁང་པའི་དྲོད་ཚད་འོག་
རང་ཤུགས་སུ་དལ་གྱིས་འཁྱག་ཏུ་འཇུག་པ། (༢)ཆུ་འཁྱག་གིས་མྱུར་བར་འཁྱག་ཏུ་འཇུག་པ།
ཐུག་པ་འཁྱག་ཐབས་གང་བཤད་གཉིས་
ཀས་འཐུས་ལ།
གྲོ་ནར་ཐུག་པ་དང་མོག་ཐུག་ནི་ཆུ་འཁྱག་པས་མྱུར་བར་འཁྱག་ཏུ་འཇུག་དགོས།
༦ ཁ་ལེབ་མ་ཕྱེས་གོང་ཕུ་ཏོག་ལོངས།ཕུ་སྦུག་ལས་ཕུ་ཕྱིར་རྒྱུགས་མཚམས་ཆད་པ་དང་རང་རྒྱག་ཁ་མདན་ཇེ་དམའ་རུ་སོང་ནས་
སྣོད་ཀྱི་ཡུ་བ་བསྐོར་ཐུབ་ཚེ་ཁ་ལེབ་ཡུ་བ་གཡོན་དུ་བསྐོར་ནས་ཁ་ཕྱེས། (དཔེ་༤)
བཙོ་ལུགས་དང་བཙོ་ཚོད་རེའུ་མིག
ཟས་རིགས། |
བཙོ་ཚོད།
(སྐར་མ།) |
གསལ་བཤད། |
ནོར་ཤ
ལུག་ཤ
ཕག་ཤ
ཕག་སུག
རྩིབ་ཤ
བྱ་རྒན་ཤ
བྱ་ཕྲུག་ཤ
ཉ་ཤ |
༢༦
༡༥
༡༠
༢༥
༡༥
༡༨
༡༠
༦ |
ཤ་རིགས་ལ་དང་ཐོག་ཤ་སྨན་བཏབ་སྟེ་ཚོས། ཚོས་རྗེས་རང་ཤུགས་ཀྱིས་འཁྱག་ཏུ་
འཇུག་པའམ་མྱུར་བར་འཁྱག་ཏུ་བཅུག་སྟེ་ཁ་ལེབ་ལོངས།
སྙི་སོབ་ཀྱི་ཟས་དང་ཤ་
རིགས་མཉམ་དུ་བཙོ་སྐབས། ཤ་རིགས་ཚོས་ལ་ཉེ་སྐབས་སྣོད་མར་ཕོག་ནས་སྣོད་
ནང་གི་ཕུ་ཤུགས་ཆག་རྗེས་ཁ་ལེབ་བླངས་ཏེ་ནང་དུ་བླུགས་ནས་ཚོས། |
|
ཐུག་པ། |
|
ཕུ་ཏོག་ལས་ཕུ་ཕྱིར་ཐོན་མ་ཐག་མེ་ཤུགས་འཇམ་པོ་ཐོངས། ཚོས་རྗེས་རང་
ཤུགས་སམ་མྱུར་བར་འཁྱག་ཏུ་བཅུག་ནས་སྣོད་ནང་གི་དབུགས་ཕྱིར་ཐོངས། |
|
|
ཆུ་ཁོལ་རྗེས། གྲོ་ནར་དང་མོག་མོག་སྣོད་དུ་བླུགས།
རླངས་པ་བར་མེད་དུ་ཕུ་སྦུག་
ལས་ཕྱིར་ཐོན་ཚེ། ཕུ་ཏོག་བསྐོན་ཏེ་སྐར་མ་གང་ཙམ་ལ་བཙོས་རྗེས་ས་ལ་ཕོག་
ནས་ཆུ་འཁྱག་པས་མྱུར་བར་འཁྱག་ཏུ་ཆུགས། |
སྤྲིས་མོག |
༡༥ |
ཕུ་ཏོག་མི་རྒྱག |
འབྲས། |
༣ |
|
མཆན།〓
ཉེན་སྲུང་ཏོག safe valve
安全阀ཉེན་ཁ་འགོག་བྱེད་ཀྱི་ཏོག
ཉེན་བརྡའི་ཏོག alarm-valve
报警阀ཉེན་ཁ་འབྱུང་ཁར་བརྡ་གཏོང་བྱེད།
ཁ་ལེབ། cover
锅盖མ་རྡིག་སྟེང་དུ་འགེབ་རྒྱུ།
དབུགས་དབྱུང་ཁུང་། pressure-relief hole
泄压口ནང་དུ་དབུགས་མང་དྲགས་པ་ཕྱིར་འགྲོ་ས།
སྐྱོར་ལུང་། auxiliary bar
辅手柄མ་རྡིག་གི་ལུང་ཆུང་བ།
འཚང་འགོག་ཁ་ལེབ། avoid-block cover
防暑罩ཁ་ལེབ་ནང་ངོས་སུ་ཕུ་སྦུག་དང་སྦྲེལ་ཡོད་པའི་
གཅུས་འཛེར་མིག་མང་པོ་ཅན་ཞིག
རྡིག་ཁོག cooker body
锅身ཟས་གཡོ་སྐོལ་བྱེད་སའི་མ་རྡིག
བར་ཚགས། tootth plate
箅子ཟས་རླངས་འཚོད་བྱེད་སའི་བར་ཆོད་དེ།
ཁུང་བུ་ཆུང་ངུ་མང་པོ་དེ་དག་ལས་
རླངས་པ་ཡར་འགྲོ་ཞིང་ཟས་ཚུར་མི་ལྷུང་བའི་ཚགས།
ཕུ་ཏོག relief-valve
限压阀ཕུ་སྦུག་སྟེང་དུ་བསྒྲིགས་ཡོད་པའི་ལྕགས་ཀྱི་ཏོག་ལ་ཟེར།
དབུགས་སྦུག ejection-pipe
排气管དབུགས་གནོན་རླངས་སྣོད་ཁ་ལེབ་སྟེང་དུ་བསྒྲིགས་པའི་སྣོད་ནང་གི་
རླངས་པ་ཕྱིར་རྒྱུགས་སའི་ལྕགས་ཀྱི་སྦུ་གུ།
རང་རྒྱག་ཏོག self-lock valve
自锁阀ཁ་ལེབ་དང་ཡུ་བ་སྦྲེལ་མཚམས་སུ་ཡོད་པའི་ཁ་ལེབ་ཆུང་ཆུང་
ཞིག་སྟེ།
སྣོད་ནང་དུ་དབུགས་ཀྱིས་གང་ཚེ་ཁ་ལེབ་ཡར་འཕར་ཏེ་དབུགས་ལམ་འགོག་པ་དང་།
སྣོད་ནང་གི་དབུགས་ཇེ་ཉུང་དུ་སོང་
བ་དང་བསྟུན་ནས་ཁ་ལེབ་ཀྱང་རིམ་བཞིན་མར་སྐོན་འགྲོ་བ་ཞིག
ཁ་ལེབ་ཡུ་བ། top handlebar
上手柄ཁ་ལེབ་ལེན་བདེ་བ་དང་ལག་པ་མི་འཚིག་པར་འཇུ་སའི་ཡུ་བ།
མ་རྡིག་ཡུ་བ། bottom handlebar
下手柄མ་རྡིག་ཕོག་འཛུགས་བྱེད་བདེ་བ་དང་ལག་པ་མི་འཚིག་
པར་འཇུ་སའི་ཡུ་བ།
ཁ་ལྕིབས། air-proof ring
密封胶圈མ་རྡིག་དང་ཁ་ལེབ་བར་ནས་ཕུའམ་དབུགས་ཕྱིར་མི་གཏོང་
བར་འགོག་བྱེད་ཀྱི་ཀོ་ལྕིབས་གོར་གོར་ཁ་ལེབ་ཀྱི་ནང་དུ་ཡོད།
མཚོ་ཚལ། kelp
海带མཚོ་ནས་ཐོན་པའི་སྔོ་ཚལ་ཞིག
(ཚེ་བས་བསྒྱུར།)