༄༅། །ཉེར་མཁོ་དེབ་དང་པོ།
དབུགས་ཐབ་བེད་སྤྱོད།

 དཀར་ཆག 〓〓〓〓〓ལྡེབ་ངོས་༡ཡོད།

〓〓བཀོལ་སྟངས་ཞིབ་ཕྲ།

ཚན་པ།

JZ①·1Y-988རིགས།
JZ①·2Y-988རིགས།
JZ①·1T-988རིགས།
JZ①·2T-988རིགས།
JZ①·1R-988རིགས།
JZ①·2R-988རིགས།

སོལ་རླངས་སྣ་ཁ།

གཤེར་སྒྱུར་སོལ་རླངས།
རང་བྱུང་སོལ་རླངས།
མིས་བཟོས་སོལ་རླངས།
མེ་ཤེད།(Pa)
༢༨༠༠
༢༠༠༠
༡༠༠༠
ཚད་ལྡན་གྱི་དྲོད།
ཞིབ་ཕྲ་ཐབ་ངོས་ཀྱི་ཁ་བྱང་ལ་ལྟོས།
དབུགས་སྦུག་ཕྲ་སྦོམ།
ཚངས་ཐིག་༩.༥mmཅན་གྱི་གཤའ་སྦུག་སྙི་མོ།(དབུགས་ཐབ་ལ་བསྟུན་ནས་སྦུ་གུའི་མཐུད་ཁ་འདེམས།)
ལག་བསྟར་ཚད་གཞི།
GB༡༦༤༡༠-༡༩༩༦ཁྱིམ་སྤྱོད་རླངས་ཐབ་རྒྱལ་ཁབ་ཀྱི་ཚད་གཞི།

ཚན་པའི་༼༡༽གིས་༡༩དང་༢༠ ༢༢མཚོན།
ཚན་པའི་
༼༢༽ཀྱིས་༤དང་༦ ༡༠ ༡༢ ༡༣མཚོན།
ཚན་པའི་
༼༣༽གྱིས་༥དང་༦ ༧མཚོན།

གློག་གི་མེ་ཆ་འགྲོ་སྟངས།

〓〓བེད་སྤྱོད་དང་ཁྱད་ཆོས།
དབུགས་ཐབ་འདི་རིགས་སྔོན་ཐོན་གྱི་གློག་གམ་གློག་རྒྱུན་གྱིས་འབར། ཐབ་མེ་སྦར་མ་ཐག་ཏུ་འབར་བས་ཐེངས་མང་སྦར་བའི་དཀའ་ལས་
མེད་ཕྱིར། མཁོ་སྤྱོད་མཁན་ཁྱིམ་ཚང་མང་པོས་ཡི་རང་བྱེད།
ངེད་བཟོ་གྲྭས་བཟོས་པའི་ཐབ་མིག་རྐྱང་པ་དང་གཉིས་ཅན་གྱི་དབུགས་ཐབ་ནི་རྒྱལ་ཕྱི་ནང་གི་སྔོན་ཐོན་དབུགས་ཐབ་ཀྱི་བཟང་ཆ་གཞི་
བྱས་ནས་ལེགས་བཅོས་བྱས།
  དབུགས་ཐབ་ཀྱི་རྒྱུ་ནི་ཕྱི་རྒྱལ་གྱི་ལྕགས་གཡའ་མེད་ཀྱི་ཐབ་ངོས་དང་རག་སྤུས་ལེགས་ཀྱི་ཁ་ལེབ་ཡིན་པས་མེ་ཐུབ། ཚུགས་ཀ་གསར་པ་
ཡིན་པས་དབྱིབས་མཛེས། མེ་ཤུགས་ཆེ་ལ་མེ་ངར། སོལ་རླངས་འཕྲོ་རླག་འགྲོ་བ་ཉུང་ལ་དངོས་གཙང་ཞིང་སྟབས་བདེ་བ། ཉེན་ཁ་མེད་པ་
སོགས་ཀྱི་དགེ་མཚན་ཡོད།
  ཐབ་མིག་གཉིས་ཅན་ལ་མེ་ཤུགས་སྣ་ལྔ་སྤར་རྒྱུ་ཡོད་པས་དུད་ཚང་གི་གཡོ་བསྐོལ་ཅི་ལ་ཡང་མཁོ་ཆོད།
  དབུགས་ཐབ་འདིའི་ལག་རྩལ་གྱི་ཚད་ནི། གྲོང་ཁྱེར་གྲོང་རྡལ་བཟོ་སྐྲུན་ཁོར་ཡུག་སྲུང་སྐྱོང་ཁང་དང་། ཡང་བའི་བཟོ་ལས་ཁང་གི་
ཁྱིམ་བཀོལ་ཐབ་ཀཡི་གཏན་ཚད་ཁག་དང་མཐུན།
   བེད་སྤྱོད་སྟངས།
  དབུགས་ཐབ་སྒྲིག་ཁར་མཁོ་སྤྱོད་རྒྱུའི་སོལ་རླངས་དང་དབུགས་ཐབ་གཉིས་འགྲིག་མིན་ལྟོས།(ཐབ་ངོས་ཀྱི་གཡས་སུ་ཡོད།)
  ཐབ་སྒྲོམ་གྱི་གཟེར་ལྷོད་མིན་དང་འགྲིག་ཡོད་མེད་སོགས་ཡར་མར་སྤོ་སྐབས་སྐྱོན་ཤོར་མིན་ལྟོས།  འདྲེན་སྦུག་སྒྲིག་སྟངས། དང་པོ་སྦུ་གུ་
གཙང་མ་གྱིས། དེ་ནས་འགྱིག་སྦུག་དེ་མཐུད་ཆས་ལ་མཐུད་ནས་དམ་པོ་སྡོམས།  རླངས་དུག་དང་མེ་གནོད་འགོག་ཆེད། མཐུད་ཆས་དང་
འདྲེན་སྦུག་གས་ཆག་ཅན་གོ་མ་སྤྱོད།
  དབུགས་ཐབ་འགྲམ་དུ་འབར་སླ་བའི་དངོས་པོ་མ་སྤུངས་ལ། གྱང་ངོས་སུ་བཀལ་བའི་དངོས་པོ་དང་ཐག་མ་ཉེ།

ཐབ་ཀ་དབུགས་འགྲོ་སར་ཞོག མཁོ་སྤྱོད་དུས་ཁང་པའི་ནང་གི་མཁའ་དབུགས་འདྲེན་བྱེད་རླུང་
གཡབ་སྒྲིགས།


〓〓
ཚོང་རྒྱབ་ཞབས་ཞུ།
  གོང་གི་ཐབས་ལྟར་བྱས་པས་མ་འཇོན་ན། ཉོ་ས་དང་བཟོ་གྲྭས་བཅོལ་བའི་ཉམས་གསོ་ཁང་ངམ་ངེད་བཟོ་གྲྭར་འབྲེལ་བ་གྱིས།
  ཞབས་ཞུའི་རེ་བ་འདོན་སྐབས། དངོས་ཆས་ཀྱི་མིང་དང་། ཚན་པ། སྐྱོན་ཅི་བྱུང་སོགས་ཤོད་དང་། བཟོ་གྲྭས་ཁྱེད་ལ་ཞབས་ཞུ་ལེགས་པོ་
ཞུ་བ་དགོངས་འཇགས་འཚལ།
  མཁོ་སྤྱོད་སྟངས།
  མེ་སྦར་བ།

  མེ་ཆའི་གཅུས་སྒོ་OFFལ་ཞོག དེ་ནས་སོལ་རླངས་སྒོ་ཕྱེས། (གློག་རྒྱུན་སྐྱེད་ཆས་ཀྱི་དབུགས་ཐབ་ཡིན་ན་མེ་མ་སྦར་གོང་གློག་རྫས་སྒམ་
དུ་གློག་རྫས་ཞོག སྒམ་དེ་སྤྱིར་བཏང་ཐབ་ཞབས་དང་ཐབ་ངོས་སུ་ཡོད།)
  མེ་ཆའི་གཅུས་སྒོ་ནང་དུ་མནན་བཞིན་ONཕྱོགས་སུ་ཕྱིར་སྐོར་བྱས་ན་ཕག་སྒྲ་(མེ་ཆས་ཐག་སྒྲ་གྲག)དང་བཅས་མེ་འབར་རྗེས་ལག་
པས་གཏོང་ཆོག ཐོག་མར་སྒྲོན་སྐབས་འདྲེན་སྦུག་ཏུ་དབུགས་ཡོད་པས་མེ་ཆ་ཐེངས་འགའ་རྡོབས། དབུགས་ཕྱིར་བཏང་རྗེས་འབར་སླ།
 (གློག་རྒྱུན་སྐྱེད་ཆས་ཀྱི་དབུགས་ཐབ་ཡིན་ན་མེ་སྦར་སྐབས་གནོན་ཡུན་རིང་ཙམ་དགོས།)

མཁའ་དབུགས་སྒྲིག་ཚུལ།
    དབུགས་ཐབ་སྒྲོན་དུས་མེ་ཡག་པོ་འབར་ཆེད། མེ་འབར་ཚད་ཡག་ཤོས་ནི་མེ་འོད་སྔོ་ལྷེམ་ལྷེམ་མ་འབར་བར་དུ་མཁའ་དབུགས་སྒྲིག་
ཆས་གཡས་གཅུ་གཡོན་གཅུ་གྱིས།

མེ་ཤུགས་སྒྲིག་ཚུལ།
 
གཅུས་སྒོ་རྣམས་མེ་ཤུགས་ཚད་གཞི་བཞིན་བསྐོར་ན་གང་དགོས་ལྟར་ཡོང་། མེ་ཚད་སྒྲིག་པར། གཅུས་སྒོ་སྐོར་དུས་མགྱོགས་མི་ཉན།
 མིན་ན་སྐབས་འགའ་མེ་འདའ་འགྲོ། མེ་ཚད་ནི་རེའུ་མིག་ལ་གཟིགས།

མེ་གཟིམ་ཚུལ།
 མེ་གཟིམ་སྐབས། གཅུས་སྒོ་དེ་གཡས་སྐོར་གྱིས་
OFF”ལ་ཞོག དེ་ནས་སོལ་རླངས་སྒོ་རྒྱོབ།
  གཟབ་རྒྱུ། འདིར་མ་བསྟན་པའི་སོལ་རླངས་རིགས་མཁོ་མ་སྤྱོད།(དབུགས་ཐབ་ངོས་ལ་མཁོ་སྤྱོད་ཆོག་པའི་སོལ་རླངས་གི་ཚད་རྣམས་ཡོད།)
  དབུགས་ཐབ་ལ་སྒྲིག་རྒྱུའི་འདྲེན་སྦུག་ངེས་པར་དུ་སོལ་རླངས་ལ་ཆེད་དུ་སྤྱོད་རྒྱུ་མ་གཏོགས་གཞན་དག་མི་ལོ། སྦུ་གུ་རྙིང་པའང་མི་ལོ།
 སྦུ་གུ་དེ་དབུགས་ཐབ་ཞབས་ནས་མ་འཐེན། ཡུན་རིང་ན་ཞུ་བའི་ཉེན་ཁ་ཆེ།
  ཁང་པའི་ནང་རླུང་རྒྱུ་མིན་གཟོབས། རླུང་མི་རྒྱུ་སར་མཁོ་སྤྱོད་ཡུན་རིང་ན་ཁ་དབུགས་ནང་གི་གསོ་རླུང་ཉུང་ནས་འབར་མ་ཐུབ་པར་སོལ་
དུག་ཕོག་ཉེན་ཡོད།
  གལ་སྲིད་དབུགས་ཤོར་ན། དེ་མ་ཐག་སྒོ་བརྒྱབ་ནས་སོལ་རླངས་སྒོ་ཡང་རྒྱོབ། སྒོ་དང་སྒེའུ་ཁུང་ཕྱེས་ནས་རླུང་ནང་དུ་རྒྱུ་རུ་ཆུགས། དེ་ནས་
དབུགས་ཤོར་དོན་ལྟོས་ལ་སྐྱོན་བསལ་རྗེས་ད་གཟོད་མཁོ་ཆོད། མེ་སྦར་བའམ་གློག་ཆས་ཀྱིས་མཁོ་མ་སྤྱོད་མ་གཏོགས་སོལ་རླངས་ཀྱིས་
འབར་གས་ཡོང་སྲིད།
  དབུགས་ཐབ་འདི་ཟས་བཟོ་ས་མ་གཏོགས་གཞན་དུ་མཁོ་མ་སྤྱོད།(རྡོ་སོལ་དང་ཤིང་སྦར་བ་ལྟ་བུ།)  མེ་ཆའི་མེ་སྟག་ཆུང་དུ་སོང་ན་གློག་
རྫས་རྗེས།(སྤྱིར་བཏང་ལོ་ཕྱེད་ཀའམ་ལོ་གཅིག་ལ་གློག་རྫས་ཐེངས་རེ་བརྗེ།)
  བདག་ཉར་བྱེད་ཚུལ།
 དབུགས་ཐབ་ཡུན་རིང་དུ་མཁོ་སྤྱོད་ན་དུས་རྒྱུན་སྲུང་སྐྱོང་དགོས་ཏེ། མཁོ་སྤྱད་རྗེས་རས་ཀྱིས་ཕྱིས། ཕྱི་དཀའ་བ་ལ་འདག་ཁུ་ཤུགས་
འབྲིང་པོས་ཕྱིས་རྗེས་རས་སྐམ་པོས་ཕྱིས།(འདག་ཁུ་ཤུགས་ཆེ་བས་ཕྱིས་ན་དེས་གནོད་པ་བཟོ་སྲིད།)
 མེ་ཡག་པོ་འབར་ཆེད། རས་སྐམ་པོས་རྒྱུན་པར་གློག་རྒྱུན་སྐྱེད་ཆས་ཕྱིས།
 མེ་སྐྱོར་བཙོག་པ་ཆགས་ན་འབར་ཚད་ཆེ་ཆུང་མི་འདྲ་བས་དེ་སྐབས་མེ་སྐྱོར་ཁ་ལེབ་བླངས་ནས་ཕག་ཟེས་གཙང་མ་གྱིས།

 
སྐྱོན་སེལ།

རྣམ་པ།
རྒྱུ།
སེལ་ཐབས།

གློག་གི་མེ་ཆ་ཡག་
པོ་མི་འབར་བ།

 
སོལ་རླངས་སྒོ་མ་ཕྱེས་པ།
སོལ་རླངས་སྒོ་ཕྱེས།
གློག་རྫས་མི་འདང་བ།
གློག་རྫས་རྗེས།
སྦུ་གུ་གཅུས་པ། མནན་པ། འཚངས་པ།
གུག་བསྲང་བའམ་སྦུ་གུ་རྗེས།
སོལ་རླངས་ཟད་པ།
དབུགས་རྫ་བརྗེ་བའམ་སོལ་རླངས་བརྗེ་ཐབས་གཞན་དྲིས།
མེ་ཆའི་མེ་འབར་མཚམས་ཆད་པ།
གློག་སྒམ་དང་གློག་སྐུད་ཡག་པོ་སྒྲིགས།
གློག་ཁབ་རིང་ཐུང་མི་འཚམས་པ།
གློག་ཁབ་དང་གདན་བར་ལ་༣-༤mmཞོག
གློག་ཁབ་ཀྱི་གློག་ཤུགས་ཆུང་བ།
གློག་ཁབ་གཙང་མ་གྱིས།
མེ་མཆུ་འཚངས་པ།
སྦོམ་ཕྲ་༠.༤mmཅན་གྱི་ཁབ་ཀྱིས་ཤོངས།
དབུགས་ཤོར་(སོལ་རླངས་ཀྱི་
དྲི་ངན་བྲོ་)བ།
སྦུ་གུ་རལ་བའམ་ཡག་པོ་མ་མཐུད་པ།
བརྗེ་བའམ་སྦུ་གུ་ཡག་པོ་མཐུད།
མེ་སྦར་མ་ཐུབ་པ།
སོལ་རླངས་ཀྱི་དྲི་ཡལ་རྗེས་མེ་སྦོར།
དབུགས་སྒོ་དང་ཁ་ལྕུག་མ་དམ་པ།

དབུགས་སྒོའམ་ཁ་ལྕུག་རྗེས།

ཁ་ལྕུག་ཀོ་ལྕིབས་ཟད་པ།

གསར་དུ་རྗེས།

མེ་ལྕེ་མི་ལེགས་པ།
མེ་ལྕེ་མི་སྙོམས་པ།
ཁ་ལེབ་མ་འགྲིགས་པ།
ཁ་ལེབ་ཡག་པོ་རྒྱོབ།
མེ་ལྕེ་ཆུང་ལ་
ཤུགས་མེད་པ།
སོལ་རླངས་ཕུ་
ཤེད་ཆུང་བ།
དབུགས་སྦུག་དང་། མཆུ། སྒོ་འཚངས་མིན་དང་
སོལ་རླངས་ཡོད་མེད་བཅས་ལྟོས།
མེ་ལྕེ་ཆུང་ལ་ཆད་སླ་བ།
མངགས་ཐེངས་གཅིག་ལ་
མཁའ་དབུགས་མང་དྲགས་པ།
མཁའ་དབུགས་ཀྱི་སྒོ་ཆུང་དུ་ཐོང་།
མེ་ལྕེ་ཆེ་ཞིང་ཤུགས་
མེད་ལ་མདོག་སེར་བ།
མངགས་ཐེངས་གཅིག་ལ་
མཁའ་དབུགས་མི་འདང་བ།
མཁའ་དབུགས་ཀྱི་སྒོ་ཆེ་རུ་ཐོང་།

ཐབ་མགོ་མ་འགྲིགས་པ།

ཐབ་མགོ་ཡག་པོ་སྒྲིགས།

མེ་མི་སྙོམས་པ།

ཁ་ལེབ་ཀྱི་མེ་ཁུང་འཚང་བ།

མེ་ཁུང་གཙང་མ་གྱིས།

〓〓དོ་ཡིག

ཁྱིམ་སྤྱོད་དབུགས་ཐབ།

ཆུ་སྐྱོར།
རྐང་གསུམ།
བེད་སྤྱོད་ཡི་གེ

འགན་ཡིག

མཆན།
 
གཅུས་སྒོ། knob
旋钮 སྐོར་བའམ་གཅུས་ནས་བྱ་བ་བྱེད་པའི་གཟེར་རམ་སྒོ་མགོ་རྡོག
 ཚན་པ། type
型号 འཕྲུལ་ཆ་སོགས་ཀྱི་རིགས་འདྲ་མིན་གྱི་ནང་ཚན་ལས། དབྱིབས་དང་ནུས་པ་སོགས་མི་འདྲ་བའི་ཚན་པ།
 རིགས། series
系列བསྟར་ཆགས་ཀྱི་ཤོག་གམ་མཚུངས་པའི་རིགས།
 སོལ་རླངས། gas
燃气རྡོ་སྣུམ་གྱི་འབར་རྫས།
 རང་བྱུང་སོལ་རླངས། natural gas
天然气མིས་ལས་སྣོན་མ་བྱས་པར་གཏེར་ནས་བླངས་པའི་སོལ་རླངས།
 གློག་སྟག གློག་གི་ཟེར་མདའ།
 འདྲེན་སྦུག སོལ་རླངས་འདྲེན་སའི་སྦུ་གུ་གཤའ་དང་འགྱིག་སོགས་ཀྱིས་བཟོས་པ།
 མཐུད་ཆས། དངོས་པོ་གཉིས་མཐུད་པའམ་སྦྲེལ་བྱེད་གྱི་སྦུ་གུའམ་གཟེ།
 ཚོང་རྒྱབ་ཞབས་ཞུ། after-sales service
售后服务བཟོ་གྲྭའམ་ཐུན་གཉེར་རང་གི་དངོས་རྫས་བཙོངས་
རྗེས་ཉོ་མཁན་ལ་བེད་སྤྱོད་སྟངས་དང་བདག་བྱེད་སྟངས་སོགས་བསླབས་རྒྱུ། སྒྲིག་རོགས་བྱེད་རྒྱུ། གླ་མེད་དམ་གླ་ཆུང་ངུས་ཉམས་གསོ་
བྱེད་རྒྱུ། སྙེན་འདྲིའི་ལན་ཡག་པོ་འདེབས་རྒྱུ་སོགས་གང་འོས་ཀྱི་ཞབས་ཞུ།
 མེ་སྐྱོར། burner མེ་མི་ཐོར་བའི་སྐྱོར་རའམ་མེ་ལྕེ་གནད་དུ་གཏོང་བྱེད་ཀྱི་སྐྱོར་ར།
 ཆུ་སྐྱོར། ཆུ་གཞན་དུ་མི་བཞུར་བར་སྐྱོར་བྱེད།
 འགན་ཡིག
保修卡ཅ་ལག་ལ་མིས་སྐྱོན་མ་བཏང་བར་སྤུས་ཀ་ལས་བྱུང་བའི་སྐྱོན་ཆ་དེ་བཟོ་གྲྭའམ་ཚོང་མཁན་གྱིས་རིན་མེད་
ཉམས་གསོ་བྱེད་པའམ་རིན་ཆུང་ངུ་ལས་མི་ལེན་པ། ཡང་ན་ཅ་ལག་བརྗེ་བ་སོགས་ཀྱི་འགན་ཡོད་པས་ཅ་ལག་དེ་ཁྲིམས་མཐུན་ཡིན་པའི་
དཔང་ཡིག
 ཐུན་གཉེར་ཁང་། corparation
公司རྒྱལ་ཁབ་ཀྱིས་ཐོབ་འགོད་ཆོག་མཆན་གནང་བའི་མི་ཤུགས་དང་དངོས་རྫས་ཐོན་
ཁུངས་ལྷན་དུ་ཐུན་མོང་གིས་གཉེར་བའི་ཁྲིམས་མཐུན་རྩ་འཛུགས་ཤིག་སྟེ། དེས་ཐོན་རྫས་དང་། ཚོང་ལས། བཟོ་སྐྲུན་སོགས་ཀྱི་བྱ་བ་གཉེར།

པདྨ་ཆོས་སྒྲོན་གྱིས་བསྒྱུར།
 

 དཀར་ཆག 〓〓〓〓〓ལྡེབ་ངོས་༡ཡོད།