༄༅། །ཉེར་མཁོ་དེབ་དང་པོ།
གྲངས་ནུས་འཁོར་སྐར་བརྡ་སྡུད་བེད་སྤྱོད་སྟངས།

 དཀར་ཆག〓〓〓〓བསྡོམས་ལྡེབ་ངོས་ཡོད། --〓〓〓༡༽   ངོས་པའོ།།〓〓〓〓

༤ སྔོག་པ།

༤.༡ བཀོལ་སྟངས།

 ༡ [MENU]རྩ་ཐོ་གཟེ། རིམ་པ་གོང་མའི་ངོས་སུ་ལོག

 ༢ [OK]ཡིན་གཟེ། སྔོག་གཟེ་ལ་ནུས་པ་ཐོན་ནས་ལྟད་ཚན་སྔོག

 ༣ [/]གོང་འོག་གཟེ། རྩ་ཐོའི་ཚན་པ་རྣམས་གོང་འོག་རེས་འཁོར་གྱིས་བརྗེས་ནས་བདམས་པ་དེ་གསལ་པོར་ཤར་བ་དང་། སྒྱུར་གཏོང་ཆ་བྱད་གསར་དུ་སྣོན་ན་ [/]གཟེའམ་ [OK]གཟེ་མནན་ནས་སྒྱུར་གཏོང་ཆ་བྱད་NEWXXབདམ།

 ༤ [<0>-<9>]ཨང་གཟེ། སྒྲུབ་རྟགས་གཏག

 ༥ [/]གཡས་གཡོན་གཟེ། གཡས་གཡོན་བདམ།

 ༦  [MENU]རྩ་ཐོ་གཟེ། སྔོག་མཚམས་གཅོད།

 དྲན་སྐུལ། རྩ་ཐོ་སྔོག་པ་ལས་ཡན་ལག་གི་རྩ་ཐོ་སྔོག་སྐབས།  [/]གཡས་གཡོན་ནམ་ [OK]གཟེ་མནན་ན། འཁོར་སྐར་དང་། སྒྱུར་གཏོང་ཆ་བྱད། ཤུགས་ཚད། མཚོན་རྟགས་ཚད། ནུས་སྐྱེད་རྣམ་པ། SKEW རང་འགུལ་ཚད། 22Kདང་། DisEqc1.0དང་།
0/12Vབཅས་ཀྱི་བདམ་བྱ་བལྟས་ནས་གང་དགོས་དེ་ཐད་ཀར་འདེམ་པའམ་བཅོས་ཆོག

༥ རྐྱང་སྐར་རང་ཤུགས་ཀྱིས་སྔོག་པ།

༥.༡ བཀོལ་སྟངས།

[菜单]རྩ་ཐོ་གཟེ། རིམ་པ་གོང་མའི་ངོས་སུ་ལོག

 ༢  [OK]ཡིན་གཟེ། རྐྱང་སྐར་རང་ཤུགས་ཀྱིས་སྔོག་པའི་ཐད་ནས་ནུས་པ་ཐོན་ཏེ། རྐྱང་སྐར་གྱི་ཚན་པ་རང་ཤུགས་ཀྱིས་སྔོག

 ༣  [菜单]རྩ་ཐོ་གཟེ། སྔོག་མཚམས་གཅོད།

 ༤  [退出]བུད་གཟེ། ངོས་སུ་ཤར་བ་ཐམས་ཅད་འཕྲལ་དུ་སྒོ་རྒྱག

༦ རང་འགུལ་སྒྲུབ་རྟགས་སྒྲིག་པ།

༦.༡ བཀོལ་སྟངས།

 ༡  [MENU]རྩ་ཐོ་གཟེ། རིམ་པ་གོང་མའི་ངོས་སུ་ལོག

 ༢  [OK]ཡིན་གཟེ། རང་འགུལ་སྒྲུབ་རྟགས་ཚན་པའི་རང་འགུལ་བཅོས།

 ༣  [<0>-<9>]ཨང་གཟེ། སྒྲུབ་རྟགས་གཏག

 ༤  [MENU]རྩ་ཐོ་གཟེ། ཉར་བ་བཅོས།

 དྲན་སྐུལ། བཀོལ་མཁན་གྱི་LNBརང་འགུལ་སྒྲུབ་རྟགས་ལྟར། འཁྲབ་ཚན་གྱི་རང་འགུལ་ཡོད་ཚད་ཐེངས་གཅིག་གིས་བཅོས།

༧ PIDའཚོལ་བ།

༧.༡ བཀོལ་སྟངས།

 ༡  [MENU]རྩ་ཐོ་གཟེ། རིམ་པ་གོང་མའི་ངོས་སུ་ལོག

 ༢  [OK]ཡིན་གཟེ། PIDསྔོག་པར་ནུས་པ་ཐོན་ནས་PIDཡིས་འཁྲབ་ཚན་སྔོག

 ༣  [/]གོང་འོག་གཟེ། རྩ་ཐོའི་ཚན་པ་ལྟར་གོང་འོག་འཁོར་ནས་བརྗེ། བདམས་གྲུབ་པ་གསལ་པོ་ཤར་བས། གཟུགས་ལམ་PIDདང་། སྒྲ་ལམ་PID ཆུ་ཚོད་PIDཡི་སྒྲུབ་རྟགས་དག་པོ་ཆུགས།

 ༤  [<0>-<9>]ཨང་གཟེ། སྒྲུབ་རྟགས་གཏག

 ༥  [MENU]རྩ་ཐོ་གཟེ། སྔོག་མཚམས་གཅོད།

 དྲན་སྐུལ། ཚན་པ་ཆེས་ཉུང་ཤས་ཤིག་ཚན་པ་ཁ་སྣོན་གྱིས་སྣོན་མི་ཐུབ་པས་ངེས་པར་དུ་དམིགས་གཏད་ཀྱི་PIDགཏག དེ་སྐབས་རྩ་ཐོ་ལས་
PIDསྒྲུབ་བྱེད་བརྗེ་ཆོག་ཅིང་ཚན་པ་སྡུད་ཐུབ།

༨ འཁྲབ་ཚན་སྒྲིག་པ།

༨.༡ བཀོལ་སྟངས།

 ༡  [MENU]རྩ་ཐོ་གཟེ། རིམ་པ་གོང་མའི་ངོས་སུ་ལོག

 ༢  [OK]ཡིན་གཟེ། འཁྲབ་ཚན་སྒྲིག་པ་ལས་མིང་དང་། དགའ་ཤོས། སྤོ་བ། བསུབ་པ། འཁྲབ་ཚན་གཟེར་འདེབས་བཅས་བཅོས།

 ༣  [RENAME]བསྐྱར་མིང་གཟེ། བདམས་གྲུབ་ན་(གཟེ་)མཐོང་། གོང་འོག་འཁོར་ནས་འགྲོ།  [OK]གཟེ་མནན་པས་བདམས་གྲུབ་པའི་
ཡི་གེ་གཏན་འཁེལ། འོད་གསལ་དེ་(Edit string)སྤོས་ནས་
 [OK]མནན་པས་གཏན་འཁེལ།

 ༤  [1]ཨང་གཟེ། འཁྲབ་ཚན་སྤོ་བའི་རྟགས་(འོད་གསལ་)ཤར། ཡང་ [1]མནན་པས་འཁྲབ་ཚན་སྤོ་འདེམ་དེ་བཤོལ།

 ༥  [2]ཨང་གཟེ། དགའ་ཤོས་ཀྱི་འཁྲབ་ཚན་རྟགས་()ཤར། ཡང་ [2]མནན་པས་དགའ་ཤོས་བདམས་པ་དེ་བཤོལ།

 ༦  [3]ཨང་གཟེ། འཁྲབ་ཚན་གསུབ་རྟགས་(×)ཤར། ཡང་ [3]མནན་པས་འཁྲབ་ཚན་གསུབ་རྒྱུ་བདམས་པ་དེ་བཤོལ།

 ༧  [/-/]གོང་འོག་དང་གཡས་གཡོན་གཟེ། གོང་འོག་ཏུ་སྤོ་བ་དང་ལྡེབ་གཡས་གཡོན་སྒྱུར།

 ༨  [退出]བུད་གཟེ། ཉར་བ་དང་། ཡང་ [退出]མནན་ངོས་སུ་ཤར་བ་ཐམས་ཅད་འཕྲལ་དུ་སྒོ་རྒྱག

 དྲན་སྐུལ། ༡ སྟངས་འཛིན་ [FAV]གཟེ་མནན་པས་རང་གིས་བདམས་པའི་འཁྲབ་ཚན་དགའ་ཤོས་རྣམས་ཤར།

༢ འཁྲབ་ཚན་མ་གསུབ་གོང་གསུབ་རྒྱུ་དེ་ཡིན་མིན་ཡག་པོ་ལྟོས། གསུབ་ཟིན་ན་ངེས་པར་དུ་འཁྲབ་ཚན་ཁ་སྣོན་གྱི་ཚན་པ་ལས་བསྐྱར་དུ་གསབ་པ་
མ་གཏོགས་སླར་གསོ་བྱེད་ཐབས་མེད།

༩ རྩ་སྒྲུབ་སྒྲིག་པ།

༩.༡ བཀོལ་སྟངས།

 ༡  [MENU]རྩ་ཐོ་གཟེ། རིམ་པ་གོང་མའི་ངོས་སུ་ལོག

 ༢  [OK]ཡིན་གཟེ། ཆ་བྱད་ཀྱི་སྐད་དང་། ཡི་གེ། ཡིག་ཚུགས། ཉམས། རྩ་ཐོའི་མདོག བརྙན་འཕྲིན་གྱི་རིགས། RFརིགས། སྐར་སྒྲིག་སྣེ་འདྲེན། བཅའ་འདྲི་ཚོད་འཛིན། ཚན་པ་ཡོངས་རྫོགས་གསུབ་པ། བཟོ་གྲྭའི་གོ་སྒྲིག་སླར་གསོ་བཅས་བྱེད།

 ༣  [/]གོང་འོག་གཟེ། དགོས་མཁོར་བསྟུན་ནས་རྩ་ཐོའི་ཚན་པ་ལྟར་གོང་འོག་འཁོར་ནས་འདེམས་པ་ [OK]ཡིན་གཟེ་མནན་པས་
གཏན་ཁེལ།

 ༤  [退出]བུད་གཟེ། མནན་པས་ངོས་སུ་ཤར་བ་ཐམས་ཅད་འཕྲལ་དུ་སྒོ་རྒྱག

 དྲན་སྐུལ།

 ༡ ལས་ཚན་ཡོངས་རྫོགས་གསུབ་ན། སྔར་ཡོད་ལས་ཚན་དང་ཁ་བསྣན་པའི་ལས་ཚན་ཚང་མ་གསུབ་འགྲོ་བས་གཟོབས།

 ༢ བཟོ་གྲྭའི་གོ་སྒྲིག་སླར་གསོ་ན། རང་གིས་བསྒྲིགས་པ་རྣམས་གསུབ་འགྲོ་བས་གཟོབས།

༡༠ སྐར་སྒྲིག་སྣེ་འདྲེན།

༡༠.༡ བཀོལ་སྟངས།

 ༡  [MENU]རྩ་ཐོ་གཟེ། རིམ་པ་གོང་མའི་ངོས་སུ་ལོག

 ༢  [OK]ཡིན་གཟེ། སྐར་སྒྲིག་སྣེ་འདྲེན་ཚན་པ་ལས་ཟུར་ཚད་བརྩི།

 ༣  [<0>-<9>]ཨང་གཟེ། སྒྲུབ་རྟགས་གཏག

 ༤  [退出]བུད་གཟེ། མནན་ངོས་སུ་ཤར་བ་ཐམས་ཅད་འཕྲལ་དུ་སྒོ་རྒྱག

 དྲན་སྐུལ། གནམ་སྐུད་སྒྲིག་སྐབས། འདིས་སྐར་མ་ལ་སྒྲིག་པའི་ནུས་པ་ཐོན། ས་དེའི་གྱེན་ཐིག་དང་ས་དེའི་འཕྲེད་ཐིག འཁོར་སྐར་གྱེན་ཐིག་
གི་ཚད་བཅས་རན་ཚོད་གཏག་ནས་གནམ་སྐུད་ཀྱི་ཁ་ཕྱོགས་དང་འདེགས་ཚོད་རྩིས།

 དམིགས་བསལ་གྱི་ལག་རྩལ།

བརྙན་ལམ་གྱི་ཁྱོན་ཚད་གཏག་རྒྱུ། ༩༥༠༢༡༥༠MHz(lF)

གློག་བརྡའི་ཚད་གཏག་རྒྱུ། -༦༥༢༥dBm

ས་དོང་གནོད་སེལ་གཏག་རྒྱུ། ༧༥Ω (Fརིགས།)

མཚོན་རྟགས་ཁྱོན་ཚད། ༢༤༥Mbits MCPC&SCPCམཐུན།

LNBགློག་གནོན། ༡༤༡༨Vརང་ཤུགས་ཀྱིས་འཁོར་བརྗེ་བྱེད། ༣༠༠mA Max

བར་ལམ་ཞེང་ཆེན། ༣༦MHz

བར་ལམ་ཁྱོན་ཚད། ༤༧༩.༥MHz

སྒྲིག་ཟློག་བྱེད་ཐབས། QPSK(སྤེལ་མའི་སྤོ་གཟེ་ཚོད་འཛིན།)

EB/NOསྒོའི་ཆ་ཚད། ༣.༨dB (FEC=༣/༤ མཚོན་རྟགས་ཁྱོན་ཚད=༤.༤༢M)

བརྙན་ལམ་གསང་འབྱེད། ISO/IEC ༡༣༨༡༨-༢MP@MLདང་མཐུན། ཚད་ལྡན་NTSC PALདང་འགྲིག

སྒྲ་ལམ། ISO/IEC༡༣༨༡༨-༣Layer ༡&༢དང་མཐུན།

A/Vཕྱིར་གཏོང་། གཟུགས་ལམ་RCA སྒྲ་ལམ་RCAཡི་སྒྲ་ལམ་གཡས་གཡོན།

གློག་ཁུངས་གློག་གནོན། AC༩༠V༢༦༠V ༥༠Hz

འཕྲུལ་ཆ་ཧྲིལ་པོའི་རྩོལ་གྲོན། ༢༥Wམན།

སྐྱོན་སེལ། སྐྱོན་འགའ་རེ་འཕྲུལ་ཆ་བསྣད་པར་མ་ངེས་པས་ཞིག་གསོ་བྱེད་རྒྱུ་མ་ཁྱེར་གོང་གཤམ་གྱི་རེའུ་མིག་ལྟར་དཔྱོད།
 

སྐྱོན་ཆ།

ཡིན་སྲིད་རྒྱུ།

སྐྱོན་སེལ་ཐབས།

གློག་སྒོ་ཕྱེས་རྗེས་ཅི་ཡང་ཤར་
རྒྱུ་མེད་པ།

གློག་ཁུངས་རྩབ་ཕུར་རྩབ་ཁུང་དུ་མ་རྩབ་
པའམ་རྩབ་མ་ཐུབ་པ།

གློག་འདྲེན་རྩབ་ཕུར་རྩབ་ཁུང་དུ་དམ་པོར་རྩོབས།

འཕྲིན་ཚིགས་འདེམ་སྐབས།无信号 (བརྡ་འཕྲིན་མེད།)ཤར་བ།

གནམ་སྐུད་སྒྲིག་ལུགས་ནོར་བ།

གནམ་སྐུད་ལེགས་པར་སྒྲིགས།

LNB འདྲེན་བྱེད་ཐོད་མ་ཐུག་པ།

LNBའདྲེན་བྱེད་ཡག་པོ་མཐུད།

འཕྲིན་གཏོང་བྱེད་སྒོ་བརྒྱབ་པ།

བརྡ་འཕྲིན་ཡོད་དུས་ལྟོས།

མཁའ་རླབས་གེགས་བྱུང་བ།

ཅུང་སྒུག་ནས་ལྟོས།

ཚན་པའི་སྒྲུབ་རྟགས་ནོར་བ།

ཆ་བྱད་སྒྲིག་པའི་རྩ་ཐོ་ལས་ཚན་པ་དེའི་སྒྲུབ་རྟགས་
དག་པར་གྱིས།

བརྙན་འཕྲིན་ལ་གཟུགས་མེད་པ།

བརྙན་འཕྲིན་འདྲེན་སྐུད་མཐུད་མ་ཐུབ་
པའམ་ནོར་བ།

སྦྲེལ་བའི་པར་ལ་བལྟས་ནས་བསྐྱར་དུ་མཐུད།

སྒྲ་ཁྱད་མཚར་རམ། བརྙན་འཕྲིན་གྱི་
སྒྲ་དང་རླུང་འཕྲིན་གི་སྒྲ་འདྲེས་པ།

རྒྱལ་ནང་འཁོར་སྐར་གྱིས་སྤྱིར་བཏང་སྒྲ་
ལམ་རྐྱང་པར་སྐྱེལ་བ་དང་། སྒྲ་ལམ་གཞན་
དེ་བཞག་པའམ་རླུང་འཕྲིན་ལ་བཀོལ་བ།
སྒྲ་ལམ་གཉིས་ཀ་མཉམ་དུ་དྲངས་ན་དེ་
འདྲ་འབྱུང་སྲིད།

རྒྱལ་ནང་འཕྲིན་རླབས་ཁོ་ན་སྡུད་པའི་འཕྲུལ་ཆ་ཡིན་
ན་སྒྲ་ལམ་གཡོན་མ་ཁོ་ནས་དྲོངས། སྒྲ་ལམ་གཡས་
མ་རླུང་འཕྲིན་གི་སྐད་སྡུད་པར་བཀོལ་བས་སྟངས་
འཛིན་གྱི་སྒྲ་ལམ་(
声道)གཟེ་ཡིས་འཕྲུལ་ཆ་
འདིའི་སྒྲ་ལམ་གཡོན་མའི་སྒྲ་འདེམས།

མཆན། སྐྱོན་སེལ་རེའུ་མིག་བལྟས་རྗེས་ད་དུང་སྐྱོན་སེལ་མ་ཐུབ་ན། འཕྲུལ་ཆ་རང་དགར་ཁ་མ་ཕྱེ་བར་ཚོང་ཁང་དང་ལག་རྩལ་
རོགས་སྐྱོར་པ་ལ་སྙེན་འདྲི་གྱིས།

 

འགན་ཡིག

བཀོལ་མཁན་གྱི་རུས་མིང་།

 

སྡོད་གནས་ཞིབ་ཕྲ།

 

ཅ་ལག་གི་ཚན་པ།

 

ཅག་ལག་གི་སྒྲིག་ཨང་།

 

ཉོ་བའི་དུས་ཚོད།

 

ཉོ་ས།

 

སྐྱོན་ཅི་བྱུང་།

 

ཡང་ལས་ཅི་བྱས།

རྗེས་པ།□ འགན་ལས།□ ཡང་ལས།□

བཀོལ་མཁན་གྱི་བསམ་འཆར།

 

༡ ཅ་ལག་འདི་ཉོས་ཏེ་ཟླ་གསུམ་ནང་ནས་བརྗེ་ཆོག་ཅིང་། ལོ་གཅིག་ལ་གླ་མེད་འགན་ལས་དང་། མ་ཟད་བར་ཞབས་ཞུ་བྱེད།

༢ འདི་ཉོ་ཉིན་ནས་ཟླ་གསུམ་ནང་དུ། འཕྲུལ་ཆའི་སྤུས་ཚད་ཀྱི་སྐྱོན་ཡིན་ལ། ཕྱི་ངོས་སྐྱོན་མེད་པ་དང་། དམ་རྒྱ་མ་ཞིག་པ། ཆ་ལག་ཚང་བ། འགན་ཡིག་འདིའམ་ཉོས་འཛིན་གྱིས་བདེན་དཔང་བྱས་ཏེ་ས་གནས་དེའི་ཚོང་ཁང་ལས་འཕྲུལ་ཆས་བརྗེ་ཆོག ཉོས་ནས་ལོ་གཅིག་ནང་དམ་རྒྱ་མ་བཤིག་མ་གཏོགས་འགན་ལས་མི་བྱེད། འོན་ཀྱང་ཡང་ལས་ཀྱི་འགན་ཁུར་བས་མ་གནས་ཀྱི་གླ་ལེན།

༣ ངེད་ཐུན་གཉེར་ཁང་གི་ཆོག་མཆན་མེད་པར། རང་དགར་ཁ་ཕྱེས་ནས་ལས་ན་ངེད་ཐུན་གཉེར་ཁང་གིས་བརྗེ་བའམ་འགན་ལས་མི་བྱེད།

༤ འགན་ཡིག་འདིས་དཔང་བྱས་ཏེ་བརྗེ་བའམ་འགན་ལས་བྱེད་པས་འབྲི་སར་ཚུལ་བཞིན་བྲིས་ཏེ་ཉར་ཚགས་གྱིས།

༥ ངེད་ཐུན་གཉེར་ཁང་གིས་ཚོང་ཤག་མགུ་བར་དམིགས་པས། ཁྱེད་ཀྱིས་ངེད་ཚོའི་ཅ་ལག་གམ་ཞབས་ཞུ་ལ་དགོངས་འཆར་གནང་རོགས་ཞུ།

 

 མཆན།

 འཁོར་སྐར། satellite卫星མི་ཡིས་བཟོས་པའི་འཕྲུལ་འཁོར་གྱི་སྐར་མ་སྟེ་འཕྲུལ་སྐར་དང་སྲུང་སྐར་ཡང་ཟེར།

 འཁོར་སྐར་བརྡ་སྡུད། satellite receiver卫星接收器མིས་བཟོས་སྐར་མ་བརྒྱུད་ནས་འཕྲིན་བརྡ་སྡུད་བྱེད་འཕྲུལ་ཆས།

 གྲངས་ནུས་འཁོར་སྐར་བརྡ་སྡུད། digital satellite receiver数码卫星接收器 གྲངས་ནུས་ཀྱིས་བཟོས་སྐར་བརྒྱུད་ནས་
འཕྲིན་བརྡ་སྡུད་བྱེད་འཕྲུལ་ཆས།

 བེད་སྤྱོད་ལག་དེབ། user manual手册གློག་ཆས་སོགས་མཁོ་སྤྱོད་སྟངས་ཀྱི་རྒྱུན་སྤྱོད་ཡིག་གེ།

 གྲངས་ནུས་བརྙན་འཕྲིན། digital video broadcasting数码电视机གྲངས་ཀྱི་ནུས་པ་ལ་བརྟེན་ནས་འཆར་བའི་བརྙན་འཕྲིན།

 བརྙན་ལམ། frequency channel频道སྐུད་མེད་གློག་རླབས་རྒྱུ་ལམ། གློག་གི་སྒྲ་བརྙན་དང་གཟུགས་བརྙན་འཕྲོ་གནས་སམ་རྒྱུ་ལམ།

 སྣེ། terminal端子མཐའ་མའམ་སྣེ་མོ།

 སྟངས་འཛིན། remote control遥控器རྒྱང་རིང་ནས་བསྐུལ་ཏེ་ཚོད་འཛིན་བྱེད་པའམ་ཁ་ལོ་སྒྱུར་ཆས།

 སྤྱི་སྤྱོད། common通用བརྒྱ་གོ་གཅིག་ཆོད་དམ་སྤྱི་མཚུངས་ཏེ་ཀུན་ལ་སྤྱི་མཐུན་དུ་སྤྱོད་རུང་བ།

 སྒྲུབ་རྟགས། parameter参数རྩ་སྒྲུབ་དང་ཚན་པ་སྒྲུབ་བྱེད་ཀྱི་རྟགས་ཏེ་ཨང་ཀི་དང་ཡི་གེ་རྟགས་བཅས།

 རྩ་ཐོ། menu菜单ཚན་པ་སོ་སོའི་རྩ་བའི་ཐོ་སྟེ་དཀར་ཆག་དང་མཚུངས།

 འཆར་ངོས། screen屏幕གློག་བརྙན་འཆར་སའི་ཡོལ་བའམ་ཤེལ།

 འཁོར་ཤུགས། frequency频率དབྱིན་བོད་ཚིག་མཛོད་གསར་མ་ལས། དུས་ཡུན་ངེས་ཅན་གཅིག་གི་རིང་ཐེངས་ཇི་ཙམ་གཡོ་བའམ་འཁོར་བའི་
ཤུགས་ཚད། ཅེས་ཟེར།

 ནུས་སྐྱེད། polarization极化གློག་དང་ཁབ་ལེན་གྱི་ནུས་པ་ཕྱོགས་གཅིག་ཏུ་འདུ་ཐབས་ཀྱིས་ནུས་པ་སྐྱེད་པ།

 གྱེན་ཐིག longitude经度སྣང་བ་གསར་པ་ལས། རིང་ཚད། འཛམ་གླིང་ས་ཁྲའི་ཤར་ནས་ནུབ་བར་གྱི་གཞལ་ཐིག གྱེན་ཐིག ཅེས་གསུངས།

 འཕྲེད་ཐིག latitude纬度སྣང་བ་གསར་པ་ལས། ཞེང་ཁ། རྒྱ་ཞེང་། འཛམ་གླིང་ས་ཁྲའི་ལྷོ་ནས་བྱང་བར་གྱི་གཞལ་ཐིག འཕྲེད་ཐིག ཅེས་གསུངས།

 འཕྲིན་ཚིགས། stationབརྙན་འཕྲིན་དང་རྒྱང་སྒྲོག་རླུང་འཕྲིན་སོགས་གཏོང་མཁན་ནམ་ལེན་མཁན་གྱི་ས་ཚིགས།

 (བསམ་འགྲུབ་གཡང་མཚོས་བསྒྱུར།   

 

                                   དཀར་ཆག〓〓〓〓བསྡོམས་ལྡེབ་ངོས་ཡོད། --〓〓〓༡༽   ངོས་པའོ།།