|
〓
བརྙན་སྡེར་གྱི་ངོས་བཤུས་པ་དང་བཙོག་པ་ཆགས་ན་གློག་བརྙན་མི་གསལ་བའམ་སྟོན་མི་ཐུབ་པ་དང་།
རྩིས་འཁོར་གྱི་མཚོན་
གྲངས་ཀློག་མི་ནུས་པའམ་འཁྲུལ་འགྲོ།
དེ་བས་ཤེས་དགོས་པ་འགའ་ཡོད་དེ།
༡
ཕྱི་ངོས་དང་ནང་ངོས་སུ་རྩུབ་མོ་དང་འགོས་རྒྱུ་ཡོད་པའི་རིགས་ཀྱིས་མ་ཐུག
ལག་པས་ཀྱང་ཐད་
ཀར་ཐུག་མི་ཉན་པས་དཀྱིལ་མིག་དང་སྒང་ནས་ཟུངས།
༢
བརྙན་སྡེར་གྱི་ཕྱི་ངོས་ལ་ཆེད་དུ་བཟོས་པའི་སྦྱར་ཤོག་མ་གཏོགས་ཤོག་ཚར་གཞན་སྦྱར་མི་ཉན།
ཁ་
བྱང་འགོད་ན་ཞ་སྙུག་དང་སྤུ་སྙུག་སོགས་སྙི་མོའི་རིགས་ཀྱིས་མ་གཏོགས།
ལྕགས་སྙུག་དང་རིལ་སྙུག་
སོགས་སྲ་མོས་མ་འབྲད།
〓
༣
བརྙན་སྡེར་གྱི་ནང་ངོས་སུ་ཐལ་རྡུལ་དང་སྣུམ་འགོས་པའམ་མཛུབ་རྗེས་ཡོད་ན།
རས་འཇམ་
སྐམ་པོས་དཀྱིལ་ནས་མཐའ་ལ་ལྷོད་མོས་ཕྱིས།
བཙོག་པ་ཚབས་ཆེན་འགོས་ན་བརྙན་སྡེར་གཙང་མ་བཟོ་བྱེད་དམིགས་བསལ་གྱི་གཤེར་
ཁུའམ་ཆུ་
གཙང་མས་ཅུང་སྦངས་ཏེ་བཤལ་ནས་སྐམ་རྗེས་རས་འཇམ་སྐམ་པོས་ཕྱིས།
འོན་ཀྱང་རས་རློན་པས་
ཕྱི་བ་དང་། ཁ་རླངས་བརྒྱབ་ནས་ཕྱི་བ།
འཆང་ཤ་དང་དཔུང་ཤ་ལ་ཕྱི་བ་བཅས་མི་ཉན་ཏེ། སྐམ་པོས་
ཕྱི་བ་ལས་རློན་པས་ཕྱིས་ན་གཤུ་སླ།
༤
ས་ལ་ལྷུང་བ་དང་རྡབ་པ། བཀུག་པ་དང་གས་མདའ་ཤོར་མི་ཉན།
རླན་ཕོག་ས་དང་དྲོད་ཆེ་སར་
འཇོག་མི་ཉན། སྣུམ་དང་ཐལ་རྡུལ་སོགས་འགོས་མི་ཉན།
མདོར་ན་བརྙན་སྡེར་ནི་ཤེལ་གྱི་མེ་ལོང་དང་
འདྲ་བས་ནང་ངོས་བཤུས་པའམ་བཙོག་པ་ཆགས་ན་གཟུགས་མི་མཐོང་བ་དང་།
ཕྱི་ངོས་སུ་དམིགས་
བསལ་གྱི་རྫས་བཀུས་ཡོད་པས་ཕྱི་ངོས་བཤུས་ན་མཁོ་མི་ཆོད་པར་འགྱུར།
དེ་ཕྱིར་གཤུ་ན་ཕྱི་ནང་
གཉིས་ཀ་ལ་སྡུག་ཅིང་བཙོག་པ་ཆགས་ན་ནང་ངོས་སྡུག
མཆན།
བརྙན་སྡེར།
(光盘)
compact disc
(བསྡུས་ཡིག་ལ་ CD)ཡི་དོན་ནི།
compactཚགས་དམ་པོའམ་སྲ་མོ།
discསྡེར་མ་སྟེ་ཞུན་སྡེར་ཞེས་གོ་མོད།
བརྙན་སྡེར་ཞེས་བརྗོད་ན་བོད་སྐད་ཀྱི་དོན་དང་མཐུན་ཏེ།
རྩིས་འཁོར་གྱི་མཚོན་གྲངས་དང་།
གཟུགས་བརྙན་ཏེ་པར་དང་གློག་བརྙན།
སྒྲ་བརྙན་ཏེ་གླུ་དབྱངས་དང་སྐད་ཆ་སོགས་སྒྲ་བཀུག་པ་བཅས་བཤུ་བླུགས་བྱེད་ས་དབྱིབས་
སྡེར་མ་ལྟ་བུ།
མཚོན་གྲངས།
data
数据
རྩིས་འཁོར་རྩ་སྒྲུབ་ཀྱི་གཞི་འཛིན་ས། ཨང་ཀིའམ། ཡི་གེའམ།
རྟགས་བཅས་ལས་གྲུབ།
བརྙན་སྡེར་ཕྱི་ངོས།
ཁ་ཤོག་སྦྱར་སའམ་ཁ་བྱང་དང་བཟོ་གྲྭ། ནུས་ཚད་སོགས་བྲིས་ཡོད་ས།
བརྙན་སྡེར་ནང་ངོས།
བརྙན་སྡེར་དུ་མཚོན་གྲངས་འབྲི་ས་སྟེ་ངོས་འཇམ་ས་མེ་ལོང་ལྟ་བུ།
རིལ་སྙུག
ball pen
圆珠笔
སྙུ་གུའི་རྩེ་རིལ་རིལ་ཅན་གྱི་ལྕགས་སྙུག་རིགས་ཤིག
(ཀུན་དགའ་ཚེ་རིང་གིས་བཏུས་ཤིང་བསྒྱུར།)
|