༄༅། །ཉེར་མཁོ་དེབ་དང་པོ།

བརྙན་འཕྲིན་བེད་སྤྱོད་དང་བདག་སྐྱོང་བྱེད་སྟངས།

དཀར་ཆག ¡þ¡þ¡þ¡þབསྡོམས་ལྡེབ་ངོས་༡ཡོད།

 
     བརྙན་འཕྲིན་ལེ་ཚན་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་སྤྲོ་བྱེད་ཅིག་རེད། དེར་ཡུན་རིང་ལོངས་སྤྱོད་པར་འདོད་ན། བརྙན་འཕྲིན་
ལ་བདག་སྐྱོང་ཡག་པོ་བྱ་བར་གལ་ཤིན་ཏུ་ཆེ་བས་བེད་སྤྱོད་དང་བདག་སྐྱོང་ཇི་ལྟར་དགོས་ཞེ་ན།

 དང་པོ། བརྙན་འཕྲིན་ནི་£¢གཅེས་ལད་སྲས་མོ་£¢ཞིག་དང་འདྲ་བར་སྣད་སླ་སྟེ། ཁོའི་ནང་ཁོག་གི་བརྙན་སྦུག་ནི་སྲ་མེད་པའི་མ་ལག་ཅིག་
རེད། དེ་ཕྱིར་སྤོ་འཇོག་སྐབས་དལ་མོ་དགོས་པ་ལས་དྲག་འགུལ་གཏན་ནས་བྱ་མི་ཉན། བརྙན་སྦུག་ནི་ཁ་བསུམ་པའི་ཤེལ་ལྦུ་ཡིས་གྲུབ་ཅིང་ཁོག་
སྟོང་གི་ཚད་ཧ་ཅང་མཐོ་བས། སྤོ་འཇོག་སྐབས་དྲག་འགུལ་བྱས་ན་ཤེལ་ལྦུ་གས་ནས་འཐོར་སྲིད། དེ་ཕྱིར་བརྙན་འཕྲིན་གཏན་འཇགས་ཀྱི་གནས་
སུ་ཞོག བཞག་པའི་བརྙན་འཕྲིན་སྤོ་གྲངས་མང་མི་ཉན་ལ་ལྷག་པར་དུ་གློག་མངགས་པའི་བརྙན་འཕྲིན་སྤོ་མི་ཉན་ཏེ། གློག་གིས་དྲོས་པའི་བརྙན་
སྦུག་གི་མོ་གློག་སྣེ་མོ་ཧ་ཅང་སྙི་ཞིང་ཅུང་ཞིག་འགུལ་ན་ཆད་སྲིད། ད་དུང་བརྙན་སྦུག་ཉིད་ཚ་ཙམ་གྲང་ཙམ་བྱས་ན་སྣད་སླ་སྟེ། ཚ་རྒྱས་གྲང་
འཁུམ་སྙོམས་པོ་མིན་པ་དེས་ཁ་གས་སྲིད། སྟོན་བཞིན་པའི་བརྙན་འཕྲིན་གྱི་དྲོད་ཅུང་མཐོ་བས་གློག་སྒོ་ཕྱེ་རྒྱག་གང་རུང་བྱས་རྗེས། གློ་བུར་དུ་
འཆར་ངོས་ཕྱི་བྱེད་རློན་པས་ཕྱི་མི་ཉན་ཅིང་དེར་གྲང་རིགས་ཅི་ཡང་མ་གཏུག དགུན་ཁར་བརྙན་འཕྲིན་སྟོན་ཚར་རྗེས་བརྙན་འཕྲིན་གློ་བུར་དུ་
གྲང་ངར་ཆེ་བའི་ཁང་པར་སྤོས་ན་གས་སྲིད་པས་དེར་ཡིད་འཇོག་བྱོས། གློག་རྒྱུན་ཤུགས་ཆེ་ན་འཆར་ངོས་དུས་ཚད་ཡར་སྔོན་ནས་ཉམས་རྒུད་
འགྲོ་བས་དེ་འགོག་ཕྱིར་ཤེལ་ལེབ་ངོས་ལ་ཉི་འོད་ཕོག་མ་འཇུག རྒྱུན་ལྡན་བརྙན་འཕྲིན་ལྟ་སྐབས་གསལ་ཚད་མཐོ་ཤོས་ལ་གཏོང་མི་ཉན་ཅིང་གློག་
སྒོ་རྒྱག་དུས་ཀྱང་གསལ་ཚད་ཆུང་དུ་ཐོངས། དེ་བས་བརྙན་འཕྲིན་ལྟ་སྐབས་སྐད་མགོ་འོས་འཚམ་ཡིན་དགོས་ཏེ། སྐད་མགོ་མཐོ་ཆེ་ན་སྒྲ་ཆས་ཚེ་
ཚད་ཡར་སྔོན་ནས་ཉམས་འགྲོ། བརྙན་འཕྲིན་ལྟ་སྐབས་གློག་སྒོ་ཕྱེ་རྒྱག་གྲངས་མང་བའམ་གློག་སྒོ་ཕྱེས་མ་ཐག་ནས་བརྒྱབ་ན་བརྙན་སྦུག་སྣད་སྲིད་
པས་ཧ་ཅང་གཟོབས།

 གཉིས་པ། བརྙན་འཕྲིན་ལ་རློན་དང་དྲོད་ཀྱིས་གནོད་པ་ཆེན་པོ་ཡོད་དེ་བརྙན་འཕྲིན་རློན་ཚད་ཆུང་སར་འཇོག་པ་དང་། བརྙན་འཕྲིན་ལ་མ་
བལྟས་ནའང་ཉིན་རེ་བཞིན་གློག་སྒོ་ཕྱེ་ཞིང་བརྙན་འཕྲིན་ལ་གློག་འགྲོ་རུ་འཇུག་སྟེ། འཕྲུལ་ཆས་ཀྱིས་བྱ་བ་བྱེད་པའི་དྲོད་ཀྱིས་རློན་ཚད་སེལ་དགོས།
བརྙན་འཕྲིན་གྱི་དྲོད་ཚད་མཐོ་ཆེ་ན་ནང་ཁོག་གི་མ་ལག་སྣད་སྲིད། དེ་ཕྱིར་དབྱར་ཀར་བརྙན་འཕྲིན་བལྟ་ཡུན་ཧ་ཅང་རིང་མི་ཉན། བརྙན་འཕྲིན་
དེ་རླུང་འགྲོ་ས་དང་བསིལ་སར་ཞོག བརྙན་འཕྲིན་རྒྱབ་སྐོགས་ལ་ཁུང་མང་པོ་ཡོད་པ་ནི་མཛེས་ཆོས་སྤྲས་པ་མིན་པར་རླུང་འགྲོ་སའམ་དྲོད་ཕྱི་རུ་
གཏོང་ས་ཡིན་པས་དེ་རས་ཁེབས་སོགས་ཀྱིས་འགོག་མི་ཉན་པ་དང་དྲོད་ཕྱི་ལ་གཏོང་ཆེད་བརྙན་འཕྲིན་ལ་བསྐོན་པའི་རས་ཤུབས་སོགས་བརྙན་
འཕྲིན་ལྟ་སྐབས་བཤུ་ཡག་བྱེད་དགོས་ཤིང་བརྙན་འཕྲིན་རྒྱབ་ངོས་དང་གྱོང་སོགས་དངོས་པོའི་བར་ལ་བར་སྟོང་ཅུང་ཙམ་ཞོག

 གསུམ་པ། བརྙན་འཕྲིན་ལ་ཐལ་རྡུལ་གྱིས་གནོད་པ་ཆེ་བས། དེ་ཐལ་རྡུལ་མང་སར་མ་འཇོག་ལ་བརྙན་འཕྲིན་མི་ལྟ་སྐབས་རས་ཤུབས་བསྐོན་
པའམ་སྒམ་དུ་ཞོག གལ་སྲིད་ཐལ་རྡུལ་མཐུག་པོ་ཆགས་ཡོད་ན་གློག་སྒོ་བརྒྱབ་རྗེས་རྒྱབ་སྐོགས་ཕྱེས་ནས་ཐལ་རྡུལ་འཇིབ་ཆས་ཀྱིས་ཐལ་རྡུལ་
འཇིབ་དགོས། སྐབས་དེར་བརྙན་འཕྲིན་ནང་ཁོག་གི་ཡོ་ཆས་འགུལ་མ་ཤོར་བ་དང་སྣད་མ་འཇུག

 བཞི་པ། བརྙན་འཕྲིན་ལ་ཁབ་ལེན་གྱིས་གནོད་པ་ཆེ་བས། སྐད་སྒམ་སོགས་ཁབ་ལེན་ཅན་གྱི་དངོས་པོ་བརྙན་འཕྲིན་དང་ལྷན་དུ་མ་འཇོག དེ་
ནི་མཚོན་ཁྲའི་བརྙན་འཕྲིན་གྱི་མཚོན་ཁྲའི་བརྙན་སྦུག་ནང་ལྕགས་དམིགས་གསལ་ཅན་གྱི་དྲ་བས་གྲུབ་ཅིང་། སྤྱིར་དྲ་བ་དེ་ཁབ་ལེན་རང་བཞིན་
ལ་འགྱུར་དཀའ་ནའང་ཁབ་ལེན་ཅན་གྱི་དངོས་པོ་བརྙན་འཕྲིན་དང་མཉམ་དུ་བཞག་ན་བརྙན་སྦུག་ནང་གི་དྲ་བ་དེ་ཁབ་ལེན་རང་བཞིན་ལ་
འགྱུར་སྲིད་པ་དང་། དེས་ན་བརྙན་སྦུག་ནང་གི་གློག་རྡུལ་བོའུ་ཡིས་བཏང་བའི་གློག་རྡུལ་ཆུན་པོ་ཉོབ་ཅིང་དེར་བསྟུན་གློག་གི་བརྡ་འཕྲིན་ཡང་
འགྱུར་སྲིད་པས། གཟུགས་བརྙན་བརྡ་འཕྲིན་རྙོག་ཟིང་ལ་འགྲོ་བ་དང་མཚོན་མདངས་ཀྱང་འགྱུར་འགྲོ་བ་མ་ཟད་བརྙན་འཕྲིན་གཟུགས་རིས་ཀྱི་
རྒྱབ་ངོས་ལ་གསུབ་ཏུ་མེད་པའི་ཐིག་རིས་དོད་སྲིད།

 ལྔ་པ། བརྙན་འཕྲིན་ལ་འབྲུག་གློག་ཐོག་གསུམ་གྱིས་གནོད་དེ། སྒོ་ཕྱིའི་གནམ་སྐུད་ལ་བརྟེན་ནས་སྟོན་པའི་བརྙན་འཕྲིན་དེ་འབྲུག་གྲགས་པ་
དང་གློག་འཁྱུག་སྐབས་སྒོ་རྒྱོབ། འབྲུག་གྲགས་གློག་འཁྱུག་སྐབས་བརྙན་འཕྲིན་བསྟན་ན་གནམ་སྐུད་བརྒྱུད་དེ་གློག་རྒྱག་སྲིད་ཅིང་མི་དང་བརྙན་
འཕྲིན་གཉིས་ཀར་ཉེན་ཁ་ཆེ་བས་དེར་ཡིད་འཇོག་བྱོས།

 དྲུག་པ། གློག་གནོན་རྒྱུན་ལྡན་མིན་པས་བརྙན་འཕྲིན་ལ་གནོད་དེ། གློག་གནོན་རྒྱུན་ལྡན་མིན་པ་དེས་བརྙན་སྦུག་ནང་གི་གློག་སྣེ་ཚ་ཙམ་གྲང་
ཙམ་བྱས་པ་དེས་བརྙན་སྦུག་ཁོག་གི་ཕྲ་སྐུད་འཚིག་པའམ་ཉམས་སྲིད་པ་དང་། གློག་གནོན་མཐོ་ཆེ་བའམ་དམའ་དྲགས་པ་དེས་བརྙན་འཕྲིན་གྱི་
ཚེ་ཇེ་ཐུང་འགྲོ་སྲིད། དེ་ཕྱིར་བརྙན་འཕྲིན་ལ་གློག་ཤུགས་སྙོམས་ཆས་བཀོལ་རྒྱུ་གལ་ཆེ། གལ་སྲིད་ཡུན་རིང་ལ་བརྙན་འཕྲིན་སྟོན་མ་དགོས་ན།
བརྙན་འཕྲིན་གྱི་གློག་ཡོང་སའི་རྩབ་ཕུར་རྩབ་ཁུང་ལས་ཕུད་དགོས།

 བདུན་པ། བརྙན་འཕྲིན་གྱི་ནུས་པ་ཇེ་ཡག་ལ་གཏོང་ཆེད། བརྙན་འཕྲིན་གྱི་འཆར་ངོས་ལྷོ་བྱང་གང་རུང་ལ་ཕྱོགས་ནས་ཞོག དེ་ནི་ས་གོ་ལའི་
ཁབ་ལེན་ར་བའི་ཁ་ཕྱོགས་དང་གློག་རྡུལ་ཆུན་པོའི་འཁོར་སྐྱོད་ཁ་ཕྱོགས་གཉིས་གཅིག་མཐུན་ཡིན་པས་གློག་རྡུལ་ཆུན་པོའི་འཆར་ངོས་ཀྱི་གནས་
གཞི་ལ་གནོད་པ་འབྱུང་མི་སྲིད། དེ་ཕྱིར་བརྙན་འཕྲིན་སྟོན་པའི་ནུས་པ་ཆེས་ཆེ་བ་རེད།

 

 མཆན།

 བརྙན་འཕྲིན།  television µçÊÓ»ú བརྙན་འཕྲིན་སྟོན་བྱེད་ཀྱི་འཕྲུལ་ཆས།

 བརྙན་སྦུག ÏÔÏñ¹Ü ཤེལ་ལ་བཟོས་པའི་ཁོག་སྦུག་ཅན་གྱི་བརྙན་འཕྲིན་ནང་ཁོག་གི་མ་ལག

 འཆར་ངོས། Ó«¹âÆÁ བརྙན་འཕྲིན་གྱི་གཟུགས་རིས་འཆར་སའི་ཤེལ་ལེབ།

 གློག་ཤུགས་སྙོམས་ཆས། voltage regullator ÎÈѹÆ÷ གློག་ཤུགས་ཚོད་འཛིན་ནམ་སྙོམས་པོ་བྱེད་པའི་ཡོ་ཆས།

 གཅེས་ལད། ཕ་མ་སོགས་ཀྱིས་བྱིས་པར་གཅེས་ཆེ་བས་ཚོད་འཛིན་གྱི་སློབ་གསོ་མེད་པར་རང་མོས་གང་འདོད་བྱེད་དུ་བཅུག་པས། བྱིས་པའི་རང་རྒྱུད་ལ་དཀའ་ངལ་གྱི་དྲི་ཙམ་ཡང་མྱོང་མི་ཐུབ་པའི་གཤིས་ངན་པར་གྱུར་པའམ་ལད་དུ་སོང་བ།

 ཚ་རྒྱས་གྲང་འཁུམ། ÈÈÕÍÀäËõ དངོས་ལུགས་ཀྱི་འགྱུར་བ་ཞིག་སྟེ། ཚ་བའམ་དྲོ་ན་ཇེ་ཆེར་འགྲོ་བ་དང་གྲང་བས་ཇེ་ཆུང་འགྱུར་འགྲོ།

 གློག་རྡུལ་བོའུ། electronic gun µç×Óǹ མདའ་འཕེན་བྱེད་ཀྱི་བོའུ་ལྟར་གློག་རྡུལ་གཏོང་བྱེད་ཅིག

¡¡

¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ¡þ£¨ཉི་མ་ཚེ་རིང་གིས་བཏུས་ཤིང་བསྒྱུར།£©
¡¡

དཀར་ཆག ¡þ¡þ¡þ¡þབསྡོམས་ལྡེབ་ངོས་༡ཡོད།