![]() ཀུན་ཁྱབ། ༡༩༦༦ལོའི་ཟླ་༡༠པར། ཡུལ་ཤུལ་རྫོང་རག་སྨད་ཡུལ་ཚོའི་སྐུ་ཁྱིམ་འབྲོག་སྡེར་སྐྱེས། ཆུང་ འུར་ཀའི་སྣེ་ལུང་མཛུབ་མོར་གོན་ཐུབ་པ་ནས་ལོ་བཅུ་གསུམ་གྱི་བར་དུ་ཕ་མར་ཞབས་ཞུའི་ཚུལ་དུ་ནོར་ ལུག་འཚོས། དེ་ནས་ལྔ་རིག་གི་པད་ཚལ་འགྲིམ་པའི་སྐལ་བ་ཞིག་རྙེད་དེ། བགྲང་བྱ་བརྒྱད་ཙམ་གྱི་ཡུན་ དུ་སློབ་གྲྭ་ཆུང་འབྲིང་དང་། མཐོ་འབྲིང་དགེ་ཐོན་སློབ་གྲྭ་བཅས་སུ་སློབ་སྦྱོང་བྱས་ཏེ། ༡༩༨༧ལོའི་ཟླ་ ༧པར་ཡུལ་ཤུལ་རྫོང་རག་སྨད་སློབ་ཆུང་དུ་དགེ་རྒན་གྱི་བྱ་བ་ལོ་གཅིག་བསྒྲུབས་རྗེས། མཚོ་སྔོན་མི་ རིགས་སློབ་གླིང་ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭར་ལོ་གསུམ་རིང་རྒན་བསམ་གཏན་རྣམ་རྒྱལ་ དང་བསོད་ནམས་བཟང་པོ་གཙོས་མཁས་པ་མང་པོའི་ཞབས་ལ་གཏུགས་ཏེ། སྦྱང་བྱའི་གནས་ཁག་ལ་ རྟག་གུས་ཀྱི་བརྩོན་འགྲུས་བརྩམས། སློབ་མཐར་ཕྱིན་རྗེས་ཡུལ་ཤུལ་རྫོང་སློབ་འབྲིང་དུ་ལས་དོན་ བསྒྲུབས་ནས་མི་རིང་བར་མཚོ་སྔོན་མི་རིགས་སློབ་གླིང་ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭའི་ དགེ་རྒན་བྱས་ནས་ད་བར་སློབ་མར་རྩོམ་འབྲི་ཤེས་བྱའི་སྐོར་གྱི་སློབ་གཞི་གཙོར་བྱས་ཏེ་ཁྲིད་པ་དང་། རྒྱུན་མ་ཆད་པར་འཛིན་གྲྭའི་ གཙོ་འགན་གྱི་བྱ་བ་སྒྲུབ་པ། ¡¶གཙང་གསུམ་¡·དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་བཅས་ཁུར་ཡོད། དེའི་ཡུན་དུ་དགེ་རྒན་གྱི་ཐོབ་ ཆ་ཚང་མ་ཐོབ་ཡོད་པར་མ་ཚད། ལས་ཞོར་དུ་ཆེད་ལས་ཤེས་བྱ་ཁག་ལ་འབད་འབུངས་ལྷོད་མེད་བྱས་པས་ཞིབ་འཇུག་པའི་ལག་ཁྱེར་ བླངས་ཤིང་། སྔ་ཕྱིར་རང་ཡུལ་གྱི་ལས་གནས་སོ་སོར་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་ནས་མཐར་ཕྱིན་པ་གཙོ་བྱས་པའི་སློབ་བུ་བརྒྱ་ ཕྲག་དུ་མ་གསོ་སྐྱོང་བྱས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་ཁག་ཏུ་¡¶རང་མོས་སྙན་རྩོམ་གྱི་སྐོར་ལ་རགས་ཙམ་ དཔྱད་པ་¡·དང་¡¶ཇི་ལྟར་བྱས་ཏེ་སློབ་མའི་རྩོམ་འབྲིའི་ནུས་པ་མཐོ་རུ་གཏོང་དགོས་པ་¡·སོགས་ཆེད་རྩོམ་གྱི་སྐོར་དང་། ¡¶ཨ་མའི་གཏམ་རྒྱུད་¡·སོགས་རྩོམ་སྒྲུང་གི་སྐོར། གཞན་སྙན་རྩོམ་དང་ལྷུག་རྩོམ་གྱི་སྐོར་བཅས་སྣ་ཁ་བཅུ་ཕྲག་འགའ་འགྲེམ་སྤེལ་ བྱས་ཤིང་། ད་ལྟ་མཚོ་སྔོན་མི་རིགས་སློབ་གླིང་ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭའི་དགེ་རྒན་གྱི་ལས་ཀ་སྒྲུབ་བཞིན་ཡོད། ¡¡ |