|
༈ བོད་ཡིག་ལྡེ་གཞོང་སྡོམ་ཚིག་ནི། །གཡས་མཛུབ་འོག་ལ་ཚེག་ཞབས་ཀྱུ།
།གཏེར་ཤད་མ་དང་རྣམ་བཅད་ཤད།
།ཉིས་ཤད་
ཟ་ན་ཎ་བཅས་ཡོད།
།གུང་མོར་ག་དང་གི་གུ་ཅ།
།སྲིན་ལག་ལ་དང་ཀླད་ཀོར་ཏེ།
།ན་རོ་ཆ་དང་ཟླུམ་རྟགས་ཡོད།
།མཐེའུ་
ཆུང་ར་དང་ཟླ་ཚེས་རྟགས།
།ཕ་དང་ཁྲོམ་རིས་ཇ་མཚན་རྟགས།
།ཡ་ཚ་ཙ་ཧ་ཨ་དང་ཝ།
།སྒོ་ཁྱིམ་དབུ་ཁྱུད་འབྲུ་རྐྱང་ངོ་།
།
གཡས་མཛུབ་བ་དང་ཏ་ཊ་ཞ།
།ང་ཐ་ཋ་པ་སྣ་ལྡན་ཡོད།
།
གུང་མོར་ད་ཌ་འབྲེང་བུ་དང་།
།ཧ་ལཱན་ཏ་དང་ཀ་ལྕེ་རྩ།
།སྲིན་
ལག་ས་དང་སོགས་རྟགས་ཉ།
།པླུ་ཏ་ཁ་རྟགས་ཀྱི་རིགས།
།མཐེའུ་ཆུང་འ་ཤ་ཥ་དང་ཛ།
།ཨོཾ་དང་སྔགས་ནི་སྤྱན་ཁྱེར་ལ།
།
འབྲུ་རྐྱང་རྩེག་དགོས་ཞ་ཡིས་འཕུལ། །མཐེ་བོང་གང་བདེས་སྟོང་ཆ་གཏག
།
ནུས་པ་དང་བེད་སྤྱོད།
བོད་ཡིག་གཏག་སྐབས་ལྡེ་མིག་སྔུན་མ་ཁོ་ན་བེད་སྤྱོད་བཟོས་ཡོད་པས་ལྡེ་མིག་རེ་ལ་ལག་མཉམ་རུབ་ཀྱི་ངལ་བ་
མི་དགོས།
ཡི་གེ་རྒྱུག་ཆེ་ཆུང་རྩལ་དུ་བཏོན་པར་མ་ཟད།
ལས་དང་པོ་པ་རྣམས་ཀྱིས་ལྡེ་གནས་བློ་ལ་ངེས་བདེ་བའི་ཕྱིར་
དབྱིན་ཡིག་གི་གདངས་ལའང་བསྟུན་ཅི་ཐུབ་བྱས་ཀྱང་བ་དང་ར་ཡ་ལྟ་བུ་ནི་རྒྱུག་ཆེ་བའི་དབང་གིས་རྩ་བའི་
ལྡེ་མིག་ཏུ་བསྒྲིགས་ཡོད།
ལྡེ་རིས་བརྙན་ཡོལ་གྱི་ངོས་གང་བདེར་བཀོད་ནས་བལྟས་ཏེ་གཏག་ཀྱང་ཆོག
མགོ་ཅན་དང་འདོགས་ཅན་སྔགས་བཅས་རྩེག་བྱེད་ནི་vཡིན་མོད་དེ་ཉིད་ཞ་དང་ཟློས་པའི་སྐྱོན་ཅི་ཡང་
མེད། དཔེར་ན། སག་དང་སྒ་ལྟ་བུ་ནི་གཉིས་ཀར་skམནན་དགོས་པས་སག་ནི་ཐད་ཀར་གཏག་ཅིང་སྒ་ལ་v
མནན་ནས་རྩེག འོན་ཀྱང་སྒོ་དང་སྒམ་སོགས་ལ་vམནན་ནས་རྩེག་པའི་ངལ་བ་མི་དགོས།
དེ་བཞིན་སྔགས་
རྣམས་ཀྱང་གང་དགོས་བཀོད་རྗེས་vམནན་པས་རྩེག
དཔེར་ན། དྨ་ལ་dmvམནན།
གྱི་དང་གཡི་གཉིས་ཀར་
k'iམནན་པ་ལས་གྱི་ནི་དཀྱུས་བཞིན་གཏག་ཅིང་གཡི་ལ་'ལྷག་མ་མནན།
ཡི་གེ་གཏག་མགྱོགས་པ་དང་ཡིག་ནོར་ཉུང་ཕྱིར་ཚེག་ཁྱིམ་དང་མིང་ཚིག་རྩལ་བཏོན་ནས་ཇུས་འགོད་བྱས་
པས་ཡི་གེ་གཏག་བྱེད་ལྡེ་མིག་དང་དག་ཡིག་གཅིག་ལྕོགས་ཡིན།
མིང་དང་ཚིག་གཏག་སྐབས་མིང་གི་ཐོག་མ་
དེ་དཀྱུས་བཞིན་མནན་རྗེས་དེ་འཕྲོ་རྣམས་རིམ་བཞིན་མིང་གཞི་དང་དབྱངས་བཅས་མནན།
དབྱངས་མེད་
ན་མིང་གཞི་རྐྱང་པ་མནན་ཏེ། དཔེར་ན།
ཀུན་གཞིའི་རྣམ་ཤེས་cunvinqeལྟ་བུ།
སྤྱིར་སྟ་གོན་འཆར་ངོས་ཀྱི་བོད་ཡིག་གི་རྗེས་སུ་མནན་རྒྱུ་དེ་འཆར་ཡོང་བས་ཤེས་སླ།
ཤད་རྐྱང་པ་མནན་ན་hཁོ་ན་དང་།
སྟ་གོན་གྱི་འཕྲོར་hམནན་ན་བརྡ་སྤྲོད་བཞིན་འོང་སྟེ།
ghམནན་པས།
ང་།
khམནན་པས།
ག Hནི་ཚིགས་བཅད་སོགས་ཉིས་ཤད་ལ་མཁོ་སྟེ།
gHམནན་པས།
ང་། །
kHམནན་
པས། ག །བཅས་འོང་།
ཨོཾ་དང་སྔགས་རྣམས་ཨང་ཀི་དང་པོའི་སྔུན་གྱི་ལྡེ་མིག་`ལ་ཡོད་པ།
ཨོཾ་མ་ཎི་པདྨེ་ཧཱུྃ།``mnbm-ལྟ་བུ།
Xལ་རྡེའུ་དཀར་ནག་སོགས་རྟགས་ཀྱི་རིགས་རྣམས་དང་།
{ལ་དབྱངས་དང་ྐསོགས་བརྩེག་བྱའི་ཡི་གེ་
རྣམས་ཡོད་པས་སྔགས་སོགས་ཐད་ཀར་གཏག་མི་ནུས་པ་རྣམས་རྩེག་པར་མཁོ།
Ctrlནི་དབྱིན་ཡིག་དང་བོད་ཡིག་རྗེ་བྱེད་ཀྱི་ལྡེ་མིག་ཡིན།
ལྡེ་གཞོང་རི་མོའི་ཐད་དུ་ཙི་ཙིའི་རྣ་བ་གཡས་པ་མནན་ནས་རྟགས་འདྲ་མིན་དང་ཡི་གེ་རྣམས་ཙི་ཙིས་
གཏག་ཆོག
གཞན་ཡང་།
མདུན་གནས་ཀྱི་ལྡེ་མིག་ཁོ་ན་བཀོལ་ཡོད་པས་མཛུབ་མོ་སྐྱོན་ཅན་དག་ལ་སྟབས་བདེ་ཡོང་
བའི་བསམ་གཞིག་ཞུས་ཡོད།
ཁྱེད་ལ་ཐུགས་མཁོ་ཡོད་ན་ལྡེ་མིག་BY_Setupའདི་ལས་ལེན་རོགས་ཞུ།
བོད་ཡིག་ལྡེ་མིག་གི་གསལ་བཤད།
|