༄༅། །ཁྲ་ཆུང་དགེ་དགོན།
དགོན་འདིའི་ཆགས་གནས་ནི་མདོ་ཁམས་སྟོད་ཀྱི་ཆར་གཏོགས་པའི་ཟུར་མང་སྟེ།
དེང་ཡུལ་ཤུལ་རྫོང་ཟུར་མང་ཡུལ་ཚོ། གདན་ས་ཆེན་པོ་ཟུར་མང་
བདུད་རྩི་དིལ་གྱི་ཉེ་སྐོར་དུ་བཞུགས་ཤིང་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པ་ཞིག་ཡིན།
ཕྱི་ལོའི་དུས་རབས་འདིའི་ལོ་རབས་བཞི་བཅུ་དང་ལྔ་
བཅུ་པའི་སྐབས་སུ་ཇོ་མོ་བཅོ་ལྔ་བཞུགས་པ་ཡིག་ཚགས་སུ་གསལ།
ཕྱག་བཏབ་པའི་དུས་ཚོད་དང་། ཕྱག་འདེབས་པ་པོའི་མཚན་དང་ལོ་རྒྱུས་སོགས་
གསལ་བའི་དཔྱད་ཡིག་དང་རྒྱུས་ཡོད་ལ་བཀའ་འདྲི་ཞུ་བའི་ཆ་རྐྱེན་མ་བྱུང་བས་ད་ཐེངས་མཚན་ཐོ་ཙམ་སྨོས་པའོ།
།