กก

༄༅། །མཇུང་བྱང་།

གོང་རིམ་ཆོས་ལུགས་སྲིད་ཇུས་རིམ་བཞིན་དོན་འབབ་བྱུང་ནས་དགོན་ཁག་རྣམས་སྔ་ཕྱིར་ཆོས་སྒོ་ཕྱེས་པར་དགའ་བའི་ཡི་རང་དང་། ལོ་རྒྱུས་འདི་
སྒྲིག་པའི་ཐོག་མཐའ་བར་གསུམ་དུ་རྫོང་རྒྱུན་ཚོགས་ཁང་དང་རྫོང་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་འགྲོ་གྲོན་སོགས་གང་ཐད་ནས་རྒྱབ་
སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་། དགོན་ཁག་རྣམས་ཀྱིས་ཀྱང་མཐུན་རྐྱེན་གང་ལེགས་མཛད་པའི་བཀའ་དྲིན་ལྕི་ཞིང་།
ཆབས་ཅིག་མཛའ་སེམས་ཀྱི་རྒྱུན་ཐག་བསྲིངས་པའི་འབྲེལ་ཡོད་སྡེ་ཁག་རྣམས་ལའང་གུས་འདུད་དང་བཅས་ཏེ།
རབ་རྒྱན་མེ་གླང་མགོ་ཟླའི་དམར་ཕྱོགས་བཟང་བ་དང་པོར།
སྒྲིག་པ་པོས་ཕུལ་བ་སརྦ་མངྒ་ལཾ། །
སྨྲས་པ།འདི་བྲིས་བསོད་ནམས་ཇི་སྙེད་ཐོབ་པའི་དགེས། །
ཆོས་སྲིད་གཡུ་རལ་འཕྱོ་བའི་གདོང་ལྔ་པ། །
ཁ་བའི་བ་གམ་བརྩེགས་པའི་གཞལ་ཡས་སུ། །
མི་འཇིགས་གད་རྒྱངས་སྒྲོག་པའི་རྒྱུར་གྱུར་ཅིག །