༄༅།
།ཨི་སི་ལཱམ་དགོན།
|
༄༅། །ཨི་སི་ལཱམ་དགོན།
ཕྱི་ལོ་༡༩༣༥ལོར་སྐྱེ་རྒུ་གྲོང་རྡལ་དུ་ཁ་ཆེ་ཆོས་ལུགས་ཀྱི་དགོན་པ་ཞིག་བཏབ་པར་གྲགས་ཀྱང་སུས་བཏབ་མི་གསལ།
དགོན་པ་དེའི་འཛུགས་སྐྲུན་ལ་
སྔོན་རྒྱབ་ཀྱི་ར་བ་གཉིས་ཡོད་པར་རྒྱ་ཁྱོན་ཞིང་ཞལ་གཉིས་ལྷག
ལྷ་ཁང་གསུམ་དང་ཤར་ལྷོ་བྱང་གསུམ་དུ་ཁང་མིག་ཉི་ཤུ་ལྷག་དང་སྣོད་ཐབ་ཆས་ཆ་
ཚང་བཅས་ཡོད།
ཕྱི་ལོ་༡༩༥༦ལོའི་སྔོན་གྱི་ཨ་ཧང་(
བླ་མ་)ནི་རྨ་ཨ་ཧང་དང་༡༩༥༦ལོའི་རྗེས་ཀྱི་ཨ་ཧང་བླ་མ་ནི་ཀྲང་དབྱང་ཆཱན་ཡིན།
ཕྱི་ལོ་༡༩༨༡ལོར་སྟག་སྡེར་ཟམ་ཆེན་གྱི་འགྲམ་དུ་ད་ལྟའི་ཁ་ཆེའི་དགོན་འདི་བསྐྲུན་པར་རྒྱ་ཁྱོན་ཞིང་ཞལ་གཉིས།
ཤིང་ལས་གྲུབ་པའི་ལྷ་ཁང་གསུམ་
དང་གཞན་ཁང་མིག་ཉེར་ལྔ་ཡོད། ད་ལྟའི་ཨ་ཧང་( བླ་མ་)ནི་ཧཱན་ཧེ་ནེ་ཧྲ།
དོ་དམ་འགན་འཛིན་རྨ་ཧྲིན་ཀྲོའུ་དང་རྨ་ཝེས་ཡིན།
|
|