༄༅། །ཨར་མེ་དགོན།
|
༄༅། །དཔལ་ཁྱིམ་ཨར་མེ་དགོན།
ཨར་མེ་དགོན་གྱི་ཆོས་ཀྱི་བརྒྱུད་ཁུངས་ནི།
བོད་ཡུལ་དུ་དམ་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྦར་མཁན་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་རབ་བྱུང་ངུར་
སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཡིན་ལ།
སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལས་རྙིང་མའི་གྲུབ་མཐའ་འཛིན་པའི་སྡེའོ།
།སྒྲ་བཤད་ནི།
དཔལ་ཕུན་སུམ་ཚོགས་པའི་ཁྱིམ་ལ་དཔལ་ཁྱིམ་དང་། ལྷ་འདྲེ་ཨར་ལ་གཏད་པར་ཨར་དང་།
དྲག་སྔགས་མེ་ལྟར་འབར་བས་མེ་ཞེས་པར་གྲགས།
ཁམས་སྒ་སྟོད་འབྲི་ཆུ་གསེར་ལྡན་འབབ་པའི་གཡས་ངོས་ཀྱི་དཔལ་ཁྱིམ་གྲོང་དུ་ཡོད།
སྔོན་ཀཿཐོག་བག་ཆུང་དུ་འཁྲུངས་པའི་དམ་པ་བདེ་གཤེགས་ཀྱི་
སྲས་གསང་བ་སྔགས་ཀྱི་རིག་འཛིན་ཀརྨ་མཐུ་སྟོབས་ལ།
ཁམས་སྟོད་འབྲི་ཆུ་གསེར་ལྡན་གྱི་ངོགས། རི་བོ་བྱ་ཁྱུང་འདྲ་བའི་མདུན།
དུག་སྦྲུལ་ཐུར་དུ་
རྒྱུག་འདྲའི་མགོ ས་འོག་ཏུ་གཤིན་རྗེའི་བཀའ་སྡོད་གནས་པ།
ཆུ་ཀླུང་གི་སྐད་ནི་དུས་དང་དུས་སུ་འབྱིན་པ། བྲག་གས་ནས་རླུང་ཤུགས་ལྡང་བའི་བར་
དེ་ན།
ལུང་སྡེ་དཔལ་ཁྱིམ་ཞེས་པ་གཤིན་རྗེའི་གྲེ་ཁུང་སྟེང་དེར་ཡོད་པའི་གནས་སུ་གོས་དཀར་ལྕང་ལོ་ཅན་གྱི་སྔགས་སྡེ་ཞིག་ཐོབས་དང་ཕྱིས་སུ་ཤུད་
བུ་དཔལ་སེང་གི་རྣམ་འཕྲུལ་ཞིག་འོང་བས་གདུལ་བྱའི་འགྲོ་དོན་འབྱུང་ཞེས་ལུང་བསྟན་པ་ལྟར་ཀརྨ་མཐུ་སྟོབས་མཆོག་གིས་དགོན་ས་བཏབ།
དེ་
ནས་མི་རབས་མང་ཙམ་སོང་བ་ན་ཀཿཐོག་ནས་གཏེར་ཆེན་བདུད་འདུལ་རྡོ་རྗེ་གདུལ་བྱར་ཕེབས་སྐབས།
འཇའ་ཚོན་ཆོས་སྐོར་དང་འཇམ་དཔལ་
གཤིན་རྗེ་གཤེད་ཀྱི་དབང་ལུང་གནང་ནས་ཨར་མེ་དབང་ལྡན་ཞེས་པ་དེ་ཤུད་བུ་དཔལ་སེང་གི་རྣམ་འཕྲུལ་ཡིན་པ་བཀའ་བསྩལ་པ་ལྟར་རབ་བྱུང་
བཅུ་པའི་ཤིང་ཡོས་( ༡༦༡༥)ལ་ཁྲིར་བཀོད།
དེའི་སྤྲུལ་སྐུ་ཨར་མེ་བཀྲ་ལི་ཞེས་པས་གདན་ས་བསྐྱངས།
དེའི་སྤྲུལ་སྐུ་ཡོངས་འཛིན་ཨར་མེ་བཀྲ་ཤིས་
དགེ་ལེགས་ཞེས་པ་དང་།
དེའི་སྤྲུལ་སྐུ་པདྨ་ཀུན་དགའ་ཞེས་རྒྱལ་དབང་ཀརྨ་པ་དང་མཁྱེན་བརྩེ་རིན་པོ་ཆེའི་བཀའ་ཤོག་ལྟར་སྐུ་ཕྲེང་བཞི་པ་ཡིན་ནོ།
།
དེ་ལྟར་ས་ཁྱི་ལོའི་བསྟན་པ་ཉམ་དམས་ཀྱི་མགོ་མ་ཚུགས་གོང་དུ་བླ་གྲྭ་༣༣(
ཡིག་ཚགས་ལྟར) འདུ་ཁང་ཀ་བ་༤དང་ཇ་ཁང་ཀ་བ་༡བཅས་ལ་
འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༠༠ སྐུ་འདྲ་༨ གསུང་རབ་པོད་༡༠༠
ཞལ་ཐང་༡༥ གཞན་དག་མཆོད་ཆས་སྣ་གྲངས་༢༤༠ ཐབ་ཆས་ཆ་ཚང་།
སྒྲུབ་མཆོད་ཀྱི་རྟེན་རྩར་ཞིང་ཁལ་༡༥
ལོ་རེར་དགུ་ཆེན་སོགས་རྒྱུན་ཚོགས་ཉིན་༦༤བཅས་ཡོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ནས་མགོ་ཚུགས་ཏེ་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་རིམ་བཞིན་དོན་འབབ་
བྱུང་བས་༡༩༨༡ལོའི་ཟླ་༨ཚེས་༢༤ཉིན་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་པ་ལ་གཏན་ཚད་ཨར་མེ་༢༠ཡིན།
དོན་གྲུབ་རྡོ་རྗེ་སོགས་ཐུན་མོང་གིས་
ཉམས་གསོ་ཞུས་པ་ལ། འདུ་ཁང་ཀ་བ་༡༦ བླ་བྲང་ཁང་པར་ཀ་བ་༤
ཇ་ཁང་ཀ་བ་༦བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༥༢༠ སྐུ་འདྲ་༡༣༨
གསུང་རབ་པོད་༡༢༠ ཞལ་ཐང་༡༥ མཆོད་ཆས་སྣ་གྲངས་༢༢༠ ནོར་༣༣
ལོ་རེར་དགུ་ཆེན་སོགས་རྒྱུན་ཚོགས་ཉིན་༣༠བཅས་ཡོད།
|
|