กก

༄༅། །ཧ་ཤུལ་དགོན།

༄༅། །ཧ་ཤུལ་དགོན་བཤད་སྒྲུབ་ཐར་པ་གླིང་།
དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི། རྗེ་བཙུན་འཇམ་དཔལ་གཞོན་ནུ་མིའི་རྣམ་པར་རོལ་པ་ཆོས་རྗེ་བྱམས་པ་ཐུབ་བསྟན་དགེ་ལེགས་རྒྱ་
མཚོའམ་མཚན་གཞན་སྐུ་གཞོག་བཀའ་འགྱུར་བ་ཞེས་མཚན་སྙན་གྱི་བ་དན་སྲིད་ཞིའི་ཁོངས་ན་རྣམ་པར་གཡོ་བ་དེ་ཉིད་ཀྱིས་ཕྱག་བཏབ་ཅིང་། དེ་
ཡང་ཐོག་མར་དགོན་འདི་དང་འབུམ་དགོན་གཞི་གཅིག་ཡིན་ལ། འོན་ཀྱང་ཧ་ཤུལ་ཡུལ་ཚོའི་སེར་སྐྱ་ཡོངས་ཀྱིས་འབུམ་དགོན་དང་ས་ཐག་རིང་
དྲགས་པའི་ངལ་བ་མ་བཟོད་པར་དགོན་སྡེ་ཟུར་པ་ཞིག་ཉེ་སྐོར་དུ་གསར་རྒྱག་བྱེད་རྒྱུའི་གྲོས་མགོ་འདོན་གནང་མཛད་པར་སྐྱ་སེར་ཚང་མའི་མོས་
འདུན་ལྟར་གྲོས་འཆམས་བྱུང་། དེ་ནས་རབ་བྱུང་བཅུ་དྲུག་པའི་ཤིང་གླང་( ༡༩༨༥)ལོར་རྡོ་རྗེ་འཆང་བླ་སློབ་ཕུན་ཚོགས་གཡུ་རྩེར་ཕེབས་ཏེ་ས་འདུལ་
སོགས་དགོས་པའི་སྟ་གོན་སྔོན་དུ་འགྲོ་བའི་སྒོ་ནས་གནས་མལ་གྱི་གཞི་གཙུག་ལག་ཁང་གི་རྨང་བཏིང་སྟེ་བཤད་སྒྲུབ་ཐར་པ་གླིང་ཞེས་པའི་མཚན་
གསོལ། དེ་ནས་དགོན་རྙིང་གི་བླ་གྲྭ་བགྲེས་གཞོན་སྡེ་འབངས་བཅས་ཀྱིས་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་དོན་དུ་ལྷག་བསམ་རྣམ་པར་
དཀར་བས་བརྩོན་པའི་གོ་ཆ་བགོས་ཏེ་བཞེངས་པས། གཙུག་ལག་ཁང་ཀ་བ་༤༢ས་ཁྱོན་དང་། འདུས་པ་སྤྱིའི་རུང་ཁང་། མགོན་ཁང་ཀ་བ་༤ཅན།
མཛོད་ཁང་དང་སློབ་ཁང་ཀ་བ་༤རེ་ཡོད་པས་༨ དགེ་འདུན་པ་སོ་སོས་བརྒྱབ་པའི་གཟིམ་ཤག་༧༢བཅས་ལེགས་པར་གྲུབ་པའི་འཛུགས་སྐྲུན་རྒྱ་ཁྱོན་
སྤྱི་ཁྲུ་གྲུ་བཞི་མ་༣༦༢༠ དེའི་མུར་གཙུག་ལག་ཁང་གི་ཕུགས་སུ་བཟོ་བཀོད་ཤིན་ཏུ་ལེགས་པ་སྨན་འདག་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་ཐོག་ཚད་
གཉིས་ཅན་དང་། དེའི་གཡས་སུ་འཇམ་དབྱངས་ཀྱི་སྐུ་ཐོག་ཚད་གཉིས་ཅན། ཐུབ་པ་གཙོ་འཁོར་གསུམ་གྱི་སྐུ་ཐོག་ཚད་རེ་རེ། གཡོན་དུ་རྗེ་ཚེ་འཛིན་
དང་སྐྱབས་རྗེ་བདེ་ཆེན་སྙིང་པོའི་སྐུ་ཐོག་ཚད་རེ་བཞེངས། གཡས་གཡོན་གྱི་དྲ་མིག་ཏུ་ཞལ་ཕྱག་ཡོངས་དང་བྲང་གསེར་གསོལ་བའི་རྗེའི་སྟོང་སྐུ་
གཙོས་སྐུ་བརྙན་༡༣༠༠ ད་དུང་སྒྱུ་རྩལ་གྱི་རང་བཞིན་བླ་ན་འཕགས་པའི་ཙོང་ཁ་བརྒྱད་ཅུ་དང་རྗེའི་གསེར་ཐང་རྙིང་པ་གཙོས་ཞལ་ཐང་གསར་རྙིང་
གྲངས་མང་། གསུང་རྟེན་གྱི་སྐོར་ལ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་། སྐྱབས་རྗེ་རིན་པོ་ཆེའི་གསུང་འབུམ། བྱང་ཆུབ་ལམ་རིམ་ཆེན་མོ་ཚར་༦
སྔགས་རིམ་ཆེན་མོ་ཚར་༣ མདོ་བརྒྱད་སྟོང་ཚར་༥ མདོ་བསྐལ་བཟང་ཚར་༤ འབུམ་སོགས་གསུང་རྟེན་པོད་༡༥༦ གཞན་སིལ་སྙན་བཀྲ་ཤིས་ཡར་
འགྲོ་གཙོས་མཆོད་ཆས་སྣེ་གྲངས་༦༥༠ རྟ་དྲེལ་༢ ནོར་༡༥༠ ལུག་༦༠བཅས་ཡོད།