กก

༄༅། །རྫོགས་ཆེན་དགེ་དགོན།

༄༅། །རྫོགས་ཆེན་དགེ་དགོན།
སྒ་གཞུང་ཨ་ཁྲོ་གྲོང་སྡེའི་ཁོངས་གཏོགས་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་རྫོགས་ཆེན་ཇོ་དགོན་ནི། དེ་ཡང་དགོན་འདི་ཐོག་མར་ཕྱག་
འདེབས་པ་པོ་རྫོགས་ཆེན་དགོན་པའི་དགེ་སློང་ཀུན་བཟང་དགེ་འཕེལ་ལམ་ཀུན་བཟང་མགོན་པོ་བྱ་བ་གནས་འདིར་ཕེབས་ནས་རབ་རྒྱལ་ས་སྦྲུལ་ཕྱི་
ལོ་༡༩༢༩ལོར་ཕྱག་བཏབ་པར་གྲགས། སྐབས་དེ་ནས་བཟུང་ཁོང་གིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་ཅིང་མི་རབས་དུ་མར་བསོད་
ནམས་ཀྱི་ཞིང་སར་དམིགས་ཏེ་བསྐྲུན་པའི་འདུ་ཁང་གཅིག ཇ་ཁང་ཀ་བ་༡ སྒེར་སོ་སོའི་དགེ་ཤག་༣༠ དེའི་སྐབས་འདུས་པ་ཡང་དགོན་བདག་ཀུན་
བཟང་མགོན་པོ། དགེ་མ་༤༠སྐོར། དགོན་གཞུང་གི་རྟེན་རྩར་ནོར་༣༠ལྷག ར་ལུག་༡༠༠ལྷག ལོ་རེར་སྨྱུང་གནས་སོགས་རྒྱུན་ཚོགས་ཉིན་༥༦བཅས་
མཆིས་པ་ལ། དེ་ནས་མི་རིང་བར་སེམས་ཅན་སྤྱི་མཐུན་གྱི་ལས་དབང་གིས་དུས་ངན་མངོན་སུམ་བརྡོལ་ཏེ་རྟེན་གཞི་རྟེན་དང་བཅས་པ་ཐོར་བརླགས་
སུ་སོང་ནས་ད་བར་དུ་ཉམས་གསོ་གང་ཡང་གྲུབ་མེད།