กก

༄༅། །མཛེས་ཁང་དགེ་དགོན།

༄༅། །མཛེས་ཁང་དགེ་དགོན།
རབ་སྟོད་གཉན་རྒྱས་མཚོའམ་སྒྲོལ་མའི་གཡུ་མཚོའི་ལྷོ་ངོས་སུ་སྤྱི་ལེ་བཅུ་གཅིག་བགྲོད་པའི་ལྕི་ཆུའི་འགྲམ་དུ་ཡོད། སྔར་རབ་ཤིས་དཔོན་ཤོག་ཏུ་
གཏོགས་ཤིང་། འབྲུག་པ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པས་མ་དགོན་འབྲུག་པ་དགོན་ཡིན། འབྲུག་པ་སྟོབས་བཅུ་སྐུ་ཕྲེང་གཉིས་པས་རབ་བྱུང་
བཅུ་བཞི་པའི་ས་སྤྲེལ་( ༡༨༤༨)ལ་ཕྱག་བཏབ་པ་ཐོག་མར་སྦྲ་དགོན་དང་ཕྱིས་གནས་གཞི་གཙུག་ལག་ཁང་དང་བཅས་པ་བཞེངས།
༡༩༥༨ལོའི་ཡར་སྔོན་དུ་འདུ་ཁང་ཀ་བ་གཉིས་ཅན་དང་། བཙུན་ཤག་༦༠ བཙུན་མ་༢༧༠ཙམ། སྤྲུལ་སྐུ་གཅིག( སྟོབས་བཅུ་ཞུ) འཚེ་བ་ཐེངས་
འགའ་བྱུང་བས་གསུང་རབ་དང་མཆོད་ཆ་རྣམས་བརླགས། ལྔ་བཅུ་ང་བརྒྱད་ལོར་དགོན་པ་ཆོས་སྒོ་བརྒྱབ། རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ལོར་རང་
འགུལ་གྱིས་ཆོས་སྒོ་ཕྱེས་པས་བཙུན་མ་བདུན་ཙམ་ཡོད། རིག་གསར་སྐབས་བཙུན་མ་རྣམས་ཐོར་ནས་ངལ་རྩོལ་ལ་ཞུགས། རབ་བྱུང་བཅུ་བདུན་པ་ས་
འབྲུག་ལོའི་( ༡༩༨༨)ཟླ་གསུམ་པའི་ཚེས་བརྒྱད་ཉིན་དངོས་སུ་གོང་རིམ་ནས་ཆོག་མཆན་གནང་སྟེ་འདིར་བཞུགས་ཇོ་རྒན་གཙོས་ཆོས་དད་མང་
ཚོགས་ཀྱི་སྐུ་དྲིན་ལ་བརྟེན་ད་ལྟ་འདུ་ཁང་ཆེ་ཆུང་གཉིས་དང་། དགེ་ཤག་གྱན་༦༢བཅས་གསར་བཞེངས་གྲུབ། དགོན་འདིའི་ཡི་དམ་དཔལ་ལྡན་ལྷ་མོ་
ཡིན། ལོ་རེའི་ཆོས་ཚོགས་ལ་བུམ་སྒྲུབ་དང་སྨོན་ལམ་སོགས་ཡོད། དགོན་པ་རང་ཁ་རང་གསོ་བྱེད་པར་ནོར་༤༠དང་རྟ་༢ཡོད། སློབ་ཆུང་ཞིག་གསར་
འཛུགས་བྱས་ཡོད་ལ། བཙུན་མ་ཤེས་ཡོན་ཅན་ཞིག་དགེ་རྒན་མཛད་ནས་ཡིག་རྨོངས་སེལ་བའི་ངལ་བ་ལ་བརྩོན་བཞིན་ཡོད། འདི་ནི་མཛེས་ཁང་དགེ་
དགོན་གྱི་ལོ་རྒྱུས་ཤིན་ཏུ་མདོར་བསྡུས་སུ་བཀོད་པ་ལགས་སོ། །