༄༅།
།སྤུ་རོང་ལྷ་ཁང་དགོན།
|
༄༅། །སྒ་ལྷ་ཁང་བཀྲ་ཤིས་འོད་གསལ་གླིང་།
སྒ་ལྷ་ཁང་བཀྲ་ཤིས་འོད་གསལ་གླིང་ནི།
ཡུལ་ཤུལ་རྫོང་ཨ་ཁྲོ་ཡུལ་ཚོ་སྤུ་རོང་གྲོང་སྡེ་རུ་མངོན་པར་ཆགས་ཡོད།
དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི་དཔལ་མཉམ་མེད་འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་བཟང་འཛིན་པ་ལ་འགྲན་ཟླ་དང་བྲལ་བ།
ལྷར་
བཅས་སྐྱེ་རྒུའི་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དཔལ་འབྲུག་པ་བརྩོན་འགྲུས་རྒྱ་མཚོ་ཞེས་མཁྱེན་རབ་ཀྱི་དབང་ཕྱུག་ཅིང་།
ཉམས་
རྟོགས་ཀྱི་ཀློང་བརྡོལ་ཞིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་དེ་ཉིད་ཀྱིས་ཕྱག་བཏབ་པར་གྲགས་ཤིང་།
འོན་ཀྱང་སྔ་མོའི་ལོ་རྒྱུས་ཡིག་ཆ་
རྣམས་རིག་གསར་སྐབས་མེ་དང་ཆུ་ལྷའི་ཞལ་དུ་སོང་བས་ད་ལྟ་རྒྱུ་མཚན་གསལ་པོ་གཞན་མ་ངེས་པས་ད་དུང་བློ་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་
བྱ་བའི་གནས་སོ། །
དགོན་འདིའི་སྤྲུལ་སྐུ་རྣམ་གཉིས་ཀྱི་མཛད་རྣམ་རྒྱས་པ་མ་རྙེད་ཀྱང་སྐུ་ཕྲེང་སོ་སོའི་སྐབས་ཀྱི་མཚན་ཟུར་ཙམ་སྨོས་ན།
སྐུ་ཕྲེང་དང་པོ་འབྲུག་པ་
བརྩོན་འགྲུས་རྒྱ་མཚོ། སྐུ་ཕྲེང་གཉིས་པ་ངག་དབང་རིག་འཛིན།
སྐུ་ཕྲེང་གསུམ་པ་མི་ཕམ་ཆོས་ཀྱི་བཤེས་གཉེན། སྐུ་ཕྲེང་བཞི་པ་ཆོས་ཀྱི་ཉི་མ།
སྐུ་ཕྲེང་
ལྔ་པ་ཕྲིན་ལས་ལྷུན་གྲུབ། སྐུ་ཕྲེང་དྲུག་པ་ཡིད་བཞིན་དབང་རྒྱལ།
སྐུ་ཕྲེང་བདུན་པ་ཕྲིན་ལས་རྒྱ་མཚོ། སྐུ་ཕྲེང་བརྒྱད་པ་ཆོས་རྒྱལ་དཔལ་བཟང་།
སྐུ་
ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ། སྐུ་ཕྲེང་བཅུ་པ་རིག་འཛིན་ཆོས་གྲགས།
སྐུ་ཕྲེང་བཅུ་གཅིག་པ་ཆོས་གྲགས་རྒྱ་མཚོ། སྐུ་ཕྲེང་བཅུ་གཉིས་པ་ཕྲིན་ལས་
མངའ་བདག སྐུ་ཕྲེང་བཅུ་གསུམ་པ་ཕྲིན་ལས་རྣམ་རྒྱལ།
སྐུ་ཕྲེང་བཅུ་བཞི་པ་ངག་དབང་ཡོན་ཏན་རྒྱ་མཚོ་བཅས་སྐུ་ཡི་ཕྲེང་བ་རིམ་པར་བརྒྱུད་པར་
གྲགས།
མཆོག་སྤྲུལ་འཇིགས་མེད་བཤད་སྒྲུབ་འོད་ཟེར་ནི་སྐུ་ཡི་སྐྱེ་ཕྲེང་དང་པོ་ཡིན་ལ།
སྐུ་ཕྲེང་གཉིས་པ་ཕྲིན་ལས་འགྲོ་འདུལ། སྐུ་ཕྲེང་གསུམ་པ་བཤད་
སྒྲུབ་ཡིད་བཞིན་དབང་རྒྱལ། སྐུ་ཕྲེང་བཞི་པ་ལུང་རྟོགས་བཤད་སྒྲུབ་རྒྱ་མཚོ།
སྐུ་ཕྲེང་ལྔ་པ་བཤད་སྒྲུབ་ཆོས་ཀྱི་ཉི་མ་བཅས་སྐུ་ཡི་ཕྲེང་བ་རེ་རེ་ཡང་
བསྟན་དོན་རླབས་ཆེ་བ་ཤ་སྟག་བཞུགས་སོ། །
དེ་སྐབས་དགོན་འདིའི་ནང་རྟེན་གཙོ་བོ་གུ་རུ་མཚོ་སྐྱེས་རྡོ་རྗེ་ཞེས་ལྷ་མི་ཀུན་གྱི་མཆོད་གནས་ཆེན་པོ་དང་།
ཤི་གསོན་གཉིས་ཀྱི་ཐར་པའི་ལམ་སྟོན།
དངོས་གྲུབ་རྣམ་གཉིས་ཐོགས་མེད་དུ་སྩོལ་བའི་བྱིན་རླབས་མྱུར་བ།
ཐུགས་རྗེ་སྤྲུལ་པའི་རིང་བསྲེལ་དཔག་ཏུ་མེད་པ། གཞན་ཡང་ཨོ་རྒྱན་མཆོད་རྟེན་
ཞེས་བཅོས་དཀའི་ནད་ལས་སྒྲོལ་བ།
གུ་རུ་རིན་པོ་ཆེའི་སྐུ་ཟངས་གསེར་ལས་གྲུབ་པ་ཁང་རྩེག་གཅིག་ཅན་དང་།
ཚེ་དཔག་མེད་ཀྱི་སྐུ་ཁང་རྩེག་གཅིག
ད་དུང་གནས་བརྟན་བཅུ་དྲུག་དང་གུ་རུ་མཚན་བརྒྱད་བཅས་ཀྱི་སྐུ་བྱིན་ཅན་གྱིས་ཐོག་དྲངས་པའི་སྐུ་རྟེན་༢༥༠ལྷག་ཡོད།
གསུང་རྟེན་ལ་རྒྱལ་བའི་
བཀའ་འགྱུར་དང་བསྟན་འགྱུར་གཙོས་པོད་༢༠༠ལྷག་དང་།
སྐུ་གདུང་ཆ་བརྒྱད་དང་གསེར་སྡོང་༡༥དང་དངུལ་སྡོང་༢བཅས་ཐུགས་རྟེན་གྱི་སྐོར་
ཡང་མི་ཉུང་བ་བཞུགས།
གཞན་ཡང་སྒ་ཨ་གཉན་དམ་པའི་ཞབས་རྗེས་སོགས་གནའ་རྫས་འབོར་ཆེན་ཡོད།
མགོན་ཁང་ཀ་བ་༤ཅན་དུ་ཆོས་སྐྱོང་བཅུ་གསུམ་གྱི་སྐུ་བརྙན་དང་།
འབྲུག་པ་བརྩོན་འགྲུས་རྒྱ་མཚོའི་སྐུ་དམར་གདུང་བཅས་བཞུགས། མདོར་ན་དེ་
སྐབས་ཞལ་ཐང་༢༥༠དང་། མཆོད་ཆ་༣༨༠ འདུ་ཁང་གཉིས་ལ་ཀ་བ་༥༥ ལྷ་ཁང་གཉིས་ལ་ཀ་བ་༢༤
གྲྭ་ཤག་༡༣ བླ་མ་གཉིས་དང་གྲྭ་པ་༣༤ ཉིན་
ཚོགས་དགུ་ཆེན་གཙོས་ཉིན་༧༦ ཞིང་ཁལ་༡༢༠ རྟ་དྲེལ་༢༥
ནོར་༨༥དང་ར་ལུག་༡༦༤བཅས་ཡོད།
རབ་བྱུང་བཅུ་དྲུག་པ་ས་ཁྱི་(
༡༩༥༨)ལོར་དྲག་པོའི་ཟིང་འཁྲུག་སྐབས་རྟེན་དང་བརྟེན་པ་མིང་གི་ལྷག་མ་ཙམ་དུ་གྱུར་ན་ཡང་།
རབ་བྱུང་བཅུ་
བདུན་པ་ས་འབྲུག་ལོར་སླར་ཡང་དགོན་པ་སླར་གསོའི་ཆོག་མཆན་ཐོབ་པར་བརྟེན།
ད་ལྟ་འདུ་ཁང་ཀ་བ་༢༥ཅན་ཞིག་དང་། ལྷ་ཁང་ཀ་བ་༣༠ཅན།
གཞན་སྤྱི་ཁང་གསུམ་ལ་ཀ་བ་༨
གྲྭ་ཤག་༨བཅས་ཡོངས་སུ་ལེགས་པར་གྲུབ་ཟིན་པའི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༨༠༠
གྲྭ་པ་ཆོག་མཆན་
ཐོབ་པ་༧
སྤྱན་རས་གཟིགས་ཀྱི་སྐུ་ཤིན་ཏུ་འགངས་ཆེ་བ་གཅིག་གིས་གཙོས་སྐུ་རྟེན་༤༤དང་།
ཞལ་ཐང་༥༠ གསུང་རབ་པོད་༣༡༤ མཆོད་ཆས་
གཞན་དག་སྣ་གྲངས་༣༤ ལོ་རེར་ཉིན་ཚོགས་དགུ་ཆེན་གཙོས་ཉིན་༢༡
ནོར་༡༠དང་ར་ལུག་༤བཅས་ཡོད།
|
|