༄༅།
།གནས་ཆེན་དགེ་དགོན།
|
༄༅། །གནས་ཆེན་དགེ་དགོན།
དགེ་དགོན་འདི་ནི་རི་དམར་ཡུལ་ཚོའི་ཁོངས་གཏོགས་སྒྲོལ་མའི་གཡུ་མཚོའི་འགྲམ་དུ་ཡོད་ཅིང་།
དེ་ཡང་ཐོག་མར་འདེབས་པ་པོ་ནི་ཨ་གཡང་གྲུབ་
སྤྲུལ་སྐུ་ཕྲེང་ལྔ་པ་སྟེ། རབ་བྱུང་བཅུ་གསུམ་པ་ཆུ་ཡོས་(
༡༧༨༢)ལོར་ཡབ་རིན་ཆེན་ཚེ་རིང་དང་ཡུམ་བདེ་ཆེན་སྒྲོལ་མའི་སྲས་སུ་བལྟམས།
འབྲི་གུང་
སྐྱབས་མགོན་གྱིས་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད།
མཚན་དཀོན་མཆོག་བསྟན་པའི་སྒྲོན་མེ་གསོལ། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་
པ་དེ་ཉིད་ཀྱིས་ལྕགས་བྱ་( ༡༨༠༡)ལོར་དགོན་པ་འདི་བཏབ།
གནས་འདིར་རྫོགས་ཆེན་དྲི་མེད་འོད་ཟེར་གཙོས་སྐྱེས་ཆེན་དམ་པ་དུ་མས་ཞབས་ཀྱིས་
བཅགས་ཤིང་བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་ཀུན་ཐོར།
དེ་སྐབས་དགོན་འདིར་འདུ་ཁང་ཀ་བ་༢༠དང་ལྡན་པ། ལྷ་ཁང་ཀ་བ་༦ཅན། ཇ་ཁང་༡
དགེ་ཤག་༡༠བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་
༡༤༩༠
དགེ་མ་༡༠༠ཙམ་བཞུགས་པ་ལ་སྐབས་ཤིག་རྨཱ་བུའུ་ཧྥང་གི་དམག་མི་འགས་བཙུན་མ་གྲངས་མང་ཞིག་བཙན་སྦྱོར་གྱིས་སྐྱ་སར་ཕབ་པའི་ལོ་
རྒྱུས་ཡིག་ཆ་འགའ་རེར་འཁོད་ཡོད།
རྟེན་གསུམ་གྱི་སྐོར་ལ་པད་འབྱུང་ལི་སྐུ་གཙོས་སྐུ་འདྲ་༣༠ལྷག་དང་། ཞལ་ཐང་༡༢༠
པོད་༣༣༠ མཆོད་ཏིང་
༡༢༠ཙམ་བཞུགས། ཆོ་ག་སྒྲུབ་མཆོད་ལ་མ་ཎི་བུམ་སྒྲུབ་གཙོས་ཉིན་༤༠ཡས་མས།
ནོར་༡༠༠ལྷག ལུག་༢༠༠ལྷག་ཙམ་མཆིས་སོ། །
རིག་གསར་སྐབས་དགོན་འདི་མིང་ཙམ་དུ་གྱུར་ན་ཡང་རབ་བྱུང་བཅུ་བདུན་པ་ས་འབྲུག་ལོའི་ནག་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཉིན་གོང་
རིམ་ནས་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་ལག་བསྟར་ཡང་དག་འོག་ཆོག་མཆན་ཐོབ།
ད་ལྟ་སྔར་གྱི་འདུ་ཁང་དང་ལྷ་ཁང་སོགས་ཡོངས་སུ་ཉམས་
གསོ་གྲུབ། དགེ་ཤག་༣༣ འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༣༡༠
ནང་རྟེན་ཡང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གཙོས་སྐུ་འདྲ་༡༧དང་།
ཞལ་ཐང་༥༠ གསུང་རྟེན་པོད་༡༥༠ མཆོད་ཆས་༥༥ ཉིན་ཚོགས་ཉིན་༢༠ཙམ།
དགེ་མ་ཆོག་མཆན་ཐོབ་པ་༧ ནོར་༢༥ ར་ལུག་༡༢ཡོད་པ་བཅས་
གནས་ཆེན་དགེ་དགོན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་རེ་ཞིག་རྫོགས་སོ། །
|
|