༄༅། །རྡོ་དགོན།
|
༄༅། །རྡོ་ངེས་དོན་གཞན་སྟོང་ཆོས་འཁོར་གླིང་།
ཆོས་སྡེ་འདི་ཆགས་པའི་གནས་ནི་མདོ་ཁམས་སྟོད་ཀྱི་བྱེ་བྲག་ཟུར་མང་རྡོ་ནང་དུ་བཞུགས་པ་ཟུར་མང་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན།
ཕྱག་
འདེབས་མཁན་དང་བཏབ་པའི་དུས་ནི།
གྲུབ་ཆེན་རིན་པོ་ཆེ་རྨ་སེ་རྟོགས་ལྡན་ནམ་ཀརྨ་རྨ་སེ་བློ་གྲོས་རིན་ཆེན་ཞེས།
རབ་བྱུང་དྲུག་པའི་མེ་སྟག་
( ༡༣༨༥)ལོར་ཀརྨའི་ས་ཆ་གྱམ་ཤེལ་དུ། གདུང་རིགས་མི་ཉག་གི་རྒྱལ་པོ།
ཐའི་ཧཱུ་ལ་སོགས་པའི་ནང་ཚན་རྨ་སེ། ཡབ་རྨ་སེ་རྒྱ་གར་དང་། ཡུམ་གླིང་
བཟའ་བསོད་ནམས་སྒྲོལ་མའི་སྲས་སུ་འཁྲུངས། མཚན་ལ་མི་ཉག་རྟོགས་ལྡན་ཡང་ཞུ།
ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པས་ཐུགས་ལ་བཏགས་ནས་སྐུ་
མདུན་དུ་ནམ་ཡིན་དུ་བྱོན་ཆོག་པ་བྱུང་།
གདམས་པའང་གཞན་ལ་མ་གནང་བ་མང་པོ་སྙན་བརྒྱུད་དུ་གནང་ནས་ཆོས་ཀྱི་བདག་པོར་ལུང་བསྟན་པས།
ཁམས་སྟོད་ཀྱི་ཟུར་མང་རྣམ་རྒྱལ་རྩེའི་གདན་ས་སོགས་བཏབ་ཅིང་སློབ་མ་མང་དུ་བསྐྱངས་པ་ལས།
རྟོགས་ལྡན་ཡ་བརྒྱད་དང་འཇའ་མོ་མི་གསུམ་དུ་
གྲགས་པའི་ཡ་གྱལ་རྟོགས་ལྡན་རྩྭ་སྤྱིལ་བསོད་ནམས་དཔལ་གྲུབ་ནི།
འབྲི་མཚམས་གྱི་ཕྱོགས་སུ་རུས་ཆེན་གདོང་ལ་ནང་ཚན་རག་ཤའི་རིགས་སུ་
འཁྲུངས།
ཆུང་ངུ་ནས་བྱམས་ཆོས་པ་སོགས་ལས་གསན་སྦྱོང་དང་རབ་བྱུང་བསྙེན་རྫོགས་རིམ་བཞིན་མཛད།
སོ་གསའ་གཉིས་སོགས་བླ་མ་གཞན་
འགའ་དང་མཆེད་གྲོགས་རྣམས་ལས་ཀྱང་གསན་པ་མང་དུ་མཛད།
ཁྱད་པར་གྲུབ་ཆེན་རིན་པོ་ཆེ་རྨ་སེ་རྟོགས་ལྡན་ལས་སྙན་བརྒྱུད་ཀྱི་དབང་ལུང་
མན་ངག་དང་བཅས་པ་མཐའ་དག་གསན་ཅིང་།
ཕྱིས་ཉམས་སྣང་དང་རྨི་ལམ་ནས་ཀྱང་དོགས་སེལ་ཞུ་ནུས་པ་བྱུང་།
གཏུམ་མོ་བདེ་དྲོད་ལ་རང་
དབང་ཐོབ་པས་དཔོན་སློབ་རྣམས་རས་གོས་རྐྱང་པ་དང་ཚེ་རས་ཀྱི་དམ་བཅའ་མཛད་པ་རྣམས་བྱུང་།
ཟུར་མང་དུ་ཁོང་དཔོན་སློབ་རྣམས་རྐྱང་པ་
ཕེབས་ནས་གཡུལ་ཁང་དུ་རས་བུད་མཛད་ཅིང་ཆུ་རས་སྐམ་པ་སོགས་ལག་ལེན་དང་བཅས་མཛད།
ཕྱིས་སུ་རྟོགས་ལྡན་གཞན་རྣམས་ཀྱིས་ཀྱང་དེ་ལ་
ལེགས་སོ་མཛད་ནས་ལོ་རེར་བཞིན་གཏུམ་མོའི་ཁྲིད་རེ་གནང་ནས་ནུས་པ་འདོན་པའི་ཆེད་དུ་རས་བུད་མཛད་པའི་སྲོལ་དང་།
བླ་མ་རྣམས་ཀྱིས་ནང་
རེ་ཚོགས་འཁོར་རེ་དང་ལྷ་ཡག་པས་ཐོད་ཆང་གནང་བའི་སྲོལ་མཛད།
ཀརྨའི་གདན་ས་བར་དུ་ཡུན་རིང་པོར་བཞུགས་ནས་སློབ་མ་མང་པོ་ལ་ཁྲིད་
དང་མན་ངག་གི་ཟབ་ཆོས་མང་པོ་གནང་ཞིང་བསྟན་པའི་ཞབས་ཏོག་ཀྱང་མཛད།
ཕྱག་རྩོམ་ཕལ་ཆེའང་དེར་མཛད་པར་སྣང་ཞིང་དགོན་དེར་རས་
བུད་ཀྱི་སྲོལ་སོགས་ཀྱང་འདི་པས་མཛད་པར་གྲགས།
འདན་སྟོད་སྨད་དང་ལྷག་པར་རི་ཁ་བཅོ་བརྒྱད་ཀྱི་ཕྱོགས་སུ་སྤྱན་དྲངས་པས་བླ་མ་རྣམས་ལ་
ཁྲིད་དང་དབང་གདམས་ངག་ལན་མང་དུ་གནང་།
ཕྱིས་རྗེ་དྭགས་པོའི་དངོས་སློབ་དྭགས་པོ་རྩྭ་སྤྱིལ་པའམ་རྐེ་རོང་རས་ཆུང་པའང་ཟེར་ལ་གྲུབ་ཐོབ་
སྨོན་ལམ་བར་པའང་ཟེར་བས་གྲུབ་རྟགས་ཀྱིས་བཙལ་བའི་གནས་རྩྭ་སྤྱིལ་བྱ་བ་ན་བཞུགས་པས་ཐུགས་ལ་བོགས་ཐོན།
རྗེ་བཙུན་རས་ཆུང་རྡོ་རྗེ་
གྲགས་ཀྱི་རྣམ་འཕྲུལ་དུ་རྒྱལ་དབང་ཀརྨ་པ་ཞྭ་དམར་ནག་ཟུང་དང་གྲུབ་ཆེན་རྨ་སེས་ལུང་བསྟན།
སངས་རྒྱས་གླིང་པའི་གཏེར་ལུང་ལས། རྡོ་ཡི་རྭ་ལ་
ཟུར་གྱི་དགོན་པ་འབྱུང་༔ དྭགས་རྒྱུད་མི་ཉམས་བསྟན་པའི་སྒྲོན་མེ་སྦར༔
ཅེས་པ་ལྟར། དྲུང་རྨ་སེ་རིན་པོ་ཆེས། རྡོ་ལ་ཕུག་འདྲ་བའི་མཆོད་རྟེན་ཞིག་
གནང་སྟེ།
རྒྱམ་རྡོ་ཏིའི་རྭ་གཡས་པའི་ས་མིག་ཏུ་དགོན་པ་ཐོབ་དང་བསྟན་པ་མཐའ་རྒྱས་འོང་ཞེས་ལུང་བསྟན་པ་བཞིན་དགོན་གནས་འདིར་རྨ་སེ་
རིན་པོ་ཆེས་ཀྱང་ཞབས་ཀྱིས་བཅགས་ཤིང་།
ད་ལྟའི་མགོན་ཁང་གི་མལ་དུ་ས་འདུལ་གནང་སྟེ་རྩྭ་སྤྱིལ་རས་ཆུང་པ་བསོད་ནམས་དཔལ་གྲུབ་ཉིད་རི་
ཁྲོད་ཀྱི་ཚུལ་དུ་རབ་བྱུང་བདུན་པའི་ཤིང་འབྲུག་( ༡༤༢༤)ལོར་ཐོག་མར་བཞུགས་པས།
དེ་སྐབས་དགོན་གནས་ཆུང་བ་ཞིག་མཛད་ཀྱང་ཕྱིས་སུ་རིམ་
བཞིན་ལྷ་ལུང་རི་ཁྲོད་པདྨའི་སྒྲུབ་གནས་ཆོས་འཁོར་རྩེར་ལྷ་ལུང་སྐུ་ཕྲེང་རིམ་བྱོན་གྱི་བླ་བྲང་དང་།
སྙན་བརྒྱུད་ཀྱི་སྒྲུབ་སྡེ་བཅས། ལོ་ཆེན་བཻ་རོའི་སྒྲུབ་
གནས་ལོ་ཆེན་མཁའ་འགྲོའི་གསང་ཕུག་ཡིད་འོང་བསམ་གཏན་ཡར་འཕེལ་གླིང་དུ་ནཱ་རོ་ཆོས་དྲུག་དང་མཁའ་འགྲོའི་སྙན་བརྒྱུད་ཀྱི་སྡེ་བཅས།
ཤིང་
ཉག་རྫིང་རྒྱལ་ཁྲོ་ཞལ་ཕུག་ཏུ་ཟབ་མོ་ཟུར་ལུགས་གཅོད་ཀྱི་སྒྲུབ་སྡེ་སོགས་རི་ཁྲོད་རྣམས་གོང་འཕེལ་དུ་སོང་།
ཨ་གྲོའི་གྲྭ་སློབ་རྣམས་ཀྱིས་མགོ་ཇོ་དང་།
རྫོང་མགོ་སོགས་གནས་རྣམས་ཕུལ། རྗེ་ཉིད་ཀྱི་གསུང་རྩོམ་གྱི་སྐོར་ལ།
ལྟུང་བ་སྡེ་ལྔའི་གླེང་གཞི་དང་། སོ་ཐར་སྡོམ་པའི་སྐོར། བྱང་སེམས་དང་གསང་
སྔགས་ཀྱི་བསྟན་བཅོས། གསུང་མགུར་སོགས་མང་དུ་མཛད་ཀྱང་ད་ལྟ་ཁ་ཤས་ལས་མི་བཞུགས།
དགུང་ལོ་བརྒྱད་ཅུ་སྐོར་བཞུགས་ཞེས་གྲགས།
སྐུ་ཕྲེང་གཉིས་པ། རས་ཆུང་ཀརྨ་དཔལ་གྲུབ་ཅེས་པ་ཞིག་བཞུགས།
ལོ་རྒྱུས་ཞིབ་ཕྲ་མ་རྙེད།
སྐུ་ཕྲེང་གསུམ་པ་རས་ཆུང་ཚོགས་གཉིས་དཔལ་འབྱོར་ནི། སྐྱོ་བྲག་སོག་པོ་ཚང་དུ།
རབ་བྱུང་བཅུ་པའི་ཤིང་བྱི་( ༡༦༢༤)ལོར་བལྟམས། ཆུང་ངུ་ནས་
ཞབས་རྗེས་རྡོ་ལ་འཇོག་པ་དང་།
ན་བཟའ་ཉི་ཟེར་ལ་འགེལ་བ་སོགས་གྲུབ་རྟགས་མང་དུ་བསྟན།
ཟུར་མང་སྒེ་རུ་ལྷ་འབངས་སུ་༧གོང་ས་ལྔ་པ་ཆེན་
པོ་དང་།
སོག་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་མཆོད་ཡོན་ནས་བཀའ་ཤོག་དང་ཆོ་ལོ་སོགས་གནང་།
ཟུར་མང་བླ་མ་རྫོང་བཞེངས། བྱ་བཏང་དཀོན་
མཆོག་བསྟན་འཛིན་གྱི་ཡང་སྤྲུལ་བྱ་བཏང་དཀོན་མཆོག་བསྟན་གསལ་ཞེས་སྤྲུལ་སྐུ་གཅིག་བདག་བཟུང་མཛད་མཐར་དགུང་ལོ་དོན་གསུམ་ཐོག་ཞི་
བར་གཤེགས།
སྐུ་ཕྲེང་བཞི་པ་རས་ཆུང་དོན་ཡོད་མི་འགྱུར་ལྷུན་གྲུབ་ནི།
རྒྱམ་སྨད་དབུ་པ་ཚང་དུ། རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་( ༡༧༠༠)ལོར་
འཁྲུངས། འབེ་ལོ་ཚེ་དབང་ཀུན་ཁྱབ་དང་། ཁྲ་ལེགས་ཕྲིན་ལས་ཉི་མ་བཅས་དུས་མཉམ་ཡིན།
རྩོད་མེད་ཀྱི་རྣལ་འབྱོར་པ་ཞིག་བཞུགས་ལ་རྡོ་དགོན་དུ་
འདུ་ཁང་བཞེངས་པ་དང་། བུམ་སྒྲུབ་བཙུགས་པ་སོགས་མཛད་ཕྲིན་རྒྱ་ཆེན་པོ་འདུག
མཐར་དགུང་ལོ་ཞེ་གཉིས་པའི་ལྕགས་བྱ་( ༡༧༤༡)ལོར་
དགོངས་པ་རྫོགས།
སྐུ་ཕྲེང་ལྔ་པ་རས་ཆུང་ཀརྨ་བསྟན་འཛིན་དོན་གྲུབ་ནི།
རབ་ཤིས་པདྨ་དབང་ཚང་དུ་ཆུ་ཕག་( ༡༧༤༣)ལ་འཁྲུངས། སི་ཏུ་ཆོས་འབྱུང་གི་ཞལ་སློབ་
ཡིན། མཁས་བཙུན་བཟང་གྲུབ་ཀྱི་ཡོན་ཏན་འགྲན་ཟླ་དང་བྲལ་བར་བཞུགས།
ཟུར་མང་དུ་བཀའ་བརྒྱུད་གསེར་ཕྲེང་བཞེངས། རྡོ་དགོན་དུ་སྔགས་ཁང་
དང་། བླ་བྲང་བཞེངས། མཐར་ལྕགས་སྦྲུལ་( ༡༧༦༡)ལ་གཤེགས།
སྐུ་ཕྲེང་དྲུག་པ་རས་ཆུང་ཤེས་རབ་རྒྱ་མཚོའམ་འགྱུར་མེད་ཕྲིན་ལས་རྒྱ་མཚོ་ནི།
ཟུར་མང་ཉག་གི་( སྤས)ཚང་དུ་ཆུ་ལུག་( ༡༧༦༣)ལོར་འཁྲུངས།
རྒྱལ་དབང་བདུད་འདུལ་རྡོ་རྗེའི་ཞབས་པད་ཡུན་རིང་བསྟེན།
ལྷ་ལུང་རི་ཁྲོད་དུ་ཚེ་དང་སྒྲུབ་པ་མཉམ་པའི་དམ་བཅའ་མཛད། གྲུབ་པའི་གོ་འཕང་
མཐོན་པོར་གཤེགས་ཤིང་། གཞན་སེམས་ཤེས་པའི་མངོན་ཤེས་ཀྱང་མངའ་བར་གསུངས།
མདོ་དབུས་ཀུན་ནས་སློབ་ཚོགས་བགྲང་ལས་འདས་པ་
འདུས། ལྷ་ལུང་རི་ཁྲོད་འདིར་རྟོགས་ལྡན་གྲུབ་ཐོབ་ཀྱིས་གང་བས།
རྡོ་གྲུབ་ཆེན་དགོན་ཞེས་གྲགས། རྒྱལ་དབང་ཐེག་མཆོག་རྡོ་རྗེས་ཀརྨའི་དགོན་དུ་
ཁྲིར་བཀོད། ཡོངས་གྲགས་ཀྱི་སློབ་མ་གྲུབ་ཆེན་ཀརྨ་བདེ་གསལ་དང་།
ལྷ་ལུང་དབུ་པ་བསྟན་འཕེལ་སོགས་བྱོན། རབ་བྱུང་བཅུ་གསུམ་པའི་ཤིང་བྱི་
( ༡༨༠༤)ལ་གཤེགས།
སྐུ་ཕྲེང་བདུན་པ་ཀརྨ་ངེས་གསང་བསྟན་འཛིན་ནམ་སྒྲུབ་བརྒྱུད་བསྟན་རྒྱས་ནི།
ཀརྨ་སྒེ་རུ་འཇག་ཤོར་ཚང་དུ་རབ་བྱུང་བཅུ་གསུམ་པའི་མེ་སྟག་
( ༡༨༠༦)ལོར་འཁྲུངས། རྗེ་འཇམ་དབྱངས་རྣམ་རྒྱལ་ལས་ཐོས་བསམ་རྒྱ་ཆེར་མཛད།
སྐུ་གོང་མའི་གདན་ས་ལྷ་ལུང་རི་ཁྲོད་དུ་བཞུགས། སློབ་མ་རྡོ་མི་
ཉག་ཀརྨ་ཆོས་རྒྱལ་སོགས་བགྲང་ཡས་བྱོན། མཐར་རབ་བྱུང་བཅུ་བཞི་པའི་ཤིང་སྟག་(
༡༨༥༤)ལ་གཤེགས།
སྐུ་ཕྲེང་བརྒྱད་པ་རས་ཆུང་ཀརྨ་འཆི་མེད་བདེ་ཆེན་གྲུབ་པའམ་མཁྱེན་རབ་ཕུན་ཚོགས་ནི།
ཟུར་མང་ལ་གོང་དཔལ་ཆེ་ཚང་དུ་རབ་བྱུང་བཅུ་བཞི་པ་
མེ་འབྲུག་( ༡༨༥༦)ལོར་འཁྲུངས།
ཀརྨ་ཐེག་མཆོག་རྡོ་རྗེས་ཐུགས་ཐག་བཅད་ནས་ཁྲིར་བཀོད།
མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཅན་དེ་
དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་ཆེན་པོའི་བཀའ་མགྲོན་མཛད།
ཟུར་མང་སྒེ་རུའི་བསྟན་ཆུས་དཀར་འཇམ་ཡུག་གཅིག་ཏུ་བསྐྱངས། བླ་མ་
རྫོང་དང་། རྡོ་དགོན་ཇོ་ཁང་མགོན་ཁང་ཁག་རྒྱ་བསྐྱེད་གསར་བཞེངས་མཛད།
༧གོང་ས་ཐུབ་བསྟན་རྒྱ་མཚོ་མཆོད་ཡོན་གྱིས་བཀའ་ཤོག་གནང་། རི་
ཆེ་དང་། དཔལ་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་འཇའ་ས་དང་ཤེ་བམ་བསྩལ།
མཐར་རབ་བྱུང་བཅོ་ལྔ་པ་ལྕགས་སྤྲེལ་( ༡༩༢༠)ལ་ཞི་བའི་དབྱིངས་སུ་
མནལ།
སྐུ་ཕྲེང་དགུ་པ་རས་ཆུང་ངེས་དོན་ཆོས་ཀྱི་ཉི་མ་ནི། རྨོག་སྡམ་མདོ་ཚྭ་ཁ།
ཡབ་ལྕགས་འབར་དགེ་ལེགས་དང་ཡུམ་ཚེ་རིང་དཔལ་སྒྲོན་གྱི་སྲས་སུ་
རབ་བྱུང་བཅོ་ལྔ་པའི་ཆུ་ཕག་( ༡༩༢༣)ལོར་འཁྲུངས། དཔལ་ཀརྨ་པ་དང་།
སི་ཏུ་པདྨ་དབང་མཆོག འཇམ་དབྱངས་མཁྱེན་བརྩེ་སོགས་ཞལ་མཐུན་
གྱིས་ཐུགས་ཐག་བཅད། བེ་སྲས་མཁྱེན་སྤྲུལ་དང་།
འཇམ་མགོན་མཁྱེན་བརྩེའི་འོད་ཟེར་སོགས་ལས་གསན་བསམ་དཔྱིས་ཕྱིན་པར་མཛད་དེ་མཁས་
པའི་གྲགས་པ་ཐོབ།
ཕྱིས་ལྷ་ལུང་དང་ཤུག་འདུས་རི་ཁྲོད་སོགས་སུ་སྤང་བ་བསམ་གཏན་གྱི་འཁོར་ལོ་ཐུགས་ཉམས་སུ་བསྟར་ཏེ་དཀའ་སྤྱད་ཀྱིས་རི་
ཁྲོད་ཁོ་ན་མཛད། དེ་ནས་རབ་བྱུང་བཅུ་དྲུག་པའི་ས་ཁྱི་(
༡༩༥༨)ལོར་དུས་ཟིང་སྐབས་གཤེགས།
ཟུར་མང་བྱ་བཏང་སྤྲུལ་སྐུ་རིམ་བྱོན་ལ། ཐོག་མར་བྱ་བཏང་བློ་གྲོས་རྒྱ་མཚོ་དང་།
ལེགས་བཤད་སྒྲ་དབྱངས། བློ་གྲོས་ཀུན་དགའ། དཀོན་མཆོག་
བསྟན་འཛིན་བར་སྐུ་ཕྲེང་བཞི་ནི། ཟུར་མང་བསྟན་སྤྲུལ་དང་འདྲ།
དཀོན་མཆོག་བསྟན་འཛིན་གྱི་ཡང་སྲིད་གཉིས་ལས། བྱ་བཏང་དཀོན་མཆོག་
བསྟན་གསལ་ཞེས་པ་ནས། སྤྲུལ་བརྒྱུད་རིམ་པར་བྱོན་པ་ཡིན་ལ།
བྱ་བཏང་དཀོན་མཆོག་བསྟན་གསལ་ནི། ཡོལ་ངོ་ལོག་དབུ་པ་ཚང་དུ་འཁྲུངས། བྱ་
བཏང་བསྟན་འཛིན་དབང་ཕྱུག་ནི། སྒྲི་ཡི་དབུ་པ་ཚང་དུ་འཁྲུངས།
བྱ་བཏང་དཀོན་མཆོག་བསྟན་སྲུང་ནི། ལྷ་ཐོག་མངའ་འོག་ཀེ་རོང་རག་ར་ཚང་དུ་
འཁྲུངས། བྱ་བཏང་ཀརྨ་ལུང་རིགས་ཐུབ་བསྟན་ཉི་མ་ནི། འབེ་ཡི་དཔལ་ཚང་དུ་འཁྲུངས།
བྱ་བཏང་ཀརྨ་ཀུན་བཟང་མི་ཕམ་རྣམ་རྒྱལ་ནི། རྩི་རུང་འབོ་
འཇོ་རུ་འཁྲུངས། བྱ་བཏང་ཀརྨ་ངེས་དོན་ཆོས་ཀྱི་རྒྱལ་མཚན་ནི།
ཀརྨ་ལྷ་རུ་ཞེས་པར་ཡབ་ཚེ་བརྟན་རྒྱལ་དང་ཡུམ་ཆོས་མཚོའི་སྲས་སུ་འཁྲུངས། བྱ་
བཏང་ཀརྨ་ལུང་རྟོགས་ཆོས་ཀྱི་ཉི་མ་ནི། རབ་ཤིས་སྒོག་སྟོད་(
སྔོན་བེ་རྡ་རག་གསུམ་ཟེར་)དུ། ཡབ་སེ་བོ་ཚུལ་ཁྲིམས་བཟང་པོ་དང་ཡུམ་ཡེ་ཤེས་བཟང་
མོའི་སྲས་སུ་འཁྲུངས། ད་ལྟ་བསྟན་དོན་རླབས་ཆེན་སྒྲུབ་བཞིན་པའོ། །
སྤྱིར་བྱ་རས་གཉིས་ཀས་ཟུར་མང་དང་རྡོ་དགོན་གཉིས་ལྷན་དུ་སྐྱོང་བ་ལ།
ཕྱིས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེས་
བྱ་བཏང་པས་ཟུར་མང་དང་རས་ཆུང་པས་རྡོ་དགོན་སྐྱོང་དགོས་པ་བཀས་བཅད།
གྲུབ་ཆེན་ཀརྨ་བདེ་གསལ་གྱི་སྐྱེ་སྤྲུལ་རིམ་བྱོན་ལས་སྐུ་ཕྲེང་དང་པོ་ཟུར་མང་ཇོ་རུ་ཚང་དུ་འཁྲུངས།
དེའི་ཡང་སྲིད་སྐུ་ཕྲེང་གཉིས་པ་ནི། ཉག་གི་དཔལ་ཚང་དུ་འཁྲུངས།
སྐུ་ཕྲེང་གསུམ་པ་ནི། ཀརྨ་སྒེ་རུ་འཇག་ཤོར་ཚང་དུ་འཁྲུངས།
སྐུ་ཕྲེང་བཞི་པ་ནི། མཆོག་གཞུང་རྟ་རྡོ་བུ་སྦུག་གི་སྲས་སུ་འཁྲུངས།
སྐུ་ཕྲེང་ལྔ་པ་ཀརྨ་བསྟན་འཛིན་ནི།
ཟུར་མང་དབའ་ཁོ་པདྨ་བདུད་འདུལ་དང་ཡུམ་ཡེ་དཔལ་གྱི་སྲས་སུ་ལྕགས་ལུག་ལོར་འཁྲུངས།
སྐུ་ཕྲེང་དྲུག་པ་ཀརྨ་བསྟན་འཛིན་ཕྲིན་ལས་རབ་རྒྱས་ནི།
ཡབ་བརྩོན་འགྲུས་དང་ཡུམ་ཛཾ་ལྷའི་སྲས་སུ་ལྕགས་རྟ་ལོར་འཁྲུངས་པ་ད་ལྟ་འཚོ་ཞིང་
བཞུགས་པའོ། །
གཞན་ཡང་དགོན་འདི་ནས་བྱུང་བའི་སྐྱེས་ཆེན་མཁས་གྲུབ་དམ་པ་རྣམས་ཀྱི་མཚན་ཙམ་སྨོས་པ་ནི།
འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་དང་། འཇམ་
མགོན་དབུ་པ་བསྟན་འཕེལ། རྗེ་བཙུན་བསྟན་འཛིན་རྣམ་དག
མཁས་གྲུབ་ཀརྨ་ཆོས་རྒྱལ་སོགས་རྣམ་ཐར་དུ་གསལ་བ་དང་། དབོན་ཀརྨ་བསྟན་སྐྱོང་།
དགེ་བཤེས་ཀརྨ་མ་ཏི། བསོད་དགེའི་ཟླ་རྒྱལ།
འབེ་འཇམ་དབྱངས་སོགས་འཇའ་ལུས་སུ་གྲུབ་པ། ཡོར་སྐད་ཀརྨ་ཚུལ་ཁྲིམས།
ཆོས་རྗེ་སྨྲ་སེང་། དམར་
རྩའི་ཡེ་ཤེས་དབང་ལྡན། རྗེ་ཀརྨ་དམ་ཆོས། དཔོན་ཚང་ཨ་དཀར་བླ་མ།
རྟོགས་ལྡན་ནོར་བུ་བསམ་འཕེལ་སོགས་གྲུབ་པར་དབང་འབྱོར་བ་རྣམས་
དང་། སྐྱེ་ལ་ཡོན་ཏན། རྒོ་ལི་མི་འགྱུར། ཨ་གོན་རང་གྲོལ།
དཔལ་ཆེན་ཆོས་འཛིན་སོགས་ནུས་ལྡན་རང་དབང་ཐོབ་པ། རྟོགས་ལྡན། ལུང་རིགས་རྒྱ་མཚོ།
ཀརྨ་རྒྱ་མཚོ། བཙུན་པ་དགྲ་བཅོམ། ཀརྨ་མཁས་བཙུན། དོན་ཡོད་རབ་བཟང་། དཔལ་ལྡན།
ལྷག་བསམ། སྦྱིན་པ། དཀོན་རྡོར་སོགས་ཚེ་མཚམས་རྣམས་
སོ།
།དེ་ལྟར་ས་ཁྱི་ལོའི་དུས་འཁྲུག་སྐབས་བསྟན་དགོན་ཉམས་ཆག་མ་སོང་གོང་དགོན་འདིར་གྲྭ་པ་༨༩(
ཡིག་ཚགས་ལྟར)། འདུ་ཁང་གསུམ་ལ་ཀ་བ་
༧༦ ལྷ་ཁང་གསུམ་ལ་ཀ་བ་༡༢༣ ཇ་ཁང་དང་འཆམ་ཁང་ལ་ཀ་བ་༡༢
གྲྭ་ཤག་༡༠༤བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༨༣༨༠ སྐུ་རྟེན་
ལ་ཇོ་བོ་བསམ་འཕེལ་ནོར་བུ་ཁང་རྩེག་གཅིག་ཅན་དང་། ཐུབ་པ་བྱེའུ་དྲོད་མ།
ཐུགས་ཀྱི་རྟེན་ལ་འབེ་ལོ་ཙཱ་བའི་གསེར་གདུང་། མཆོག་གླིང་གཏེར་
བྱོན་གནམ་ལྕགས་ཕུར་པ་སོགས་སྐུ་འདྲ་༣༨༠༠ལྷག ཞལ་ཐང་༣༠༠ལྷག
སྣར་ཐང་བཀའ་འགྱུར་དང་། ལི་ཐང་ཁྲོ་པར་མ། སྡེ་དགེའི་པར་མ་བཅས་
བཀའ་འགྱུར་ཚར་གསུམ། སྡེ་དགེའི་བསྟན་འགྱུར་སོགས་གསུང་རབ་པོད་༡༥༠༠ལྷག
པར་ཁང་དུ་པར་ཤིང་ལྡེབ་༣༨༠༠ལྷག རོལ་མོ་གསང་སྔགས་སྒྲ་
དབྱངས་དང་སིལ་སྙན་རྩི་ནག་མ།
འབེ་ཚེ་དབང་ཀུན་ཁྱབ་ལ་མཉྫུའི་རྒྱས་པོས་ཕུལ་བའི་བཀའ་ཡིག་འཚེམ་དྲུབ་མ།
སྐུ་ཚབ་བྱེ་མ་ཨ་ཀྲོང་སོགས་
མཆོད་ཆས་སྣ་གྲངས་༢༤༥༠ལྷག ཞིང་ཁལ་༤༠༠ལྷག རྟ་དྲེལ་༥༠ ནོར་༡༨༠༠ལྷག ར་ལུག་༨༠ལྷག
ཟུར་མང་གར་འཆམ་སོགས་ལོ་རེར་རྒྱུན་ཚོགས་
ཉིན་༡༨༧བཅས་ཡོད།
སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚུན་དུ་མི་རིགས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སོགས་རིམ་
བཞིན་དོན་འབབ་བྱུང་བ་དང་བསྟུན་ཏེ།
༡༩༨༥ལོའི་ཟླ་༤ཚེས་༨ཉིན་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་པ་ལ་གཏན་ཚད་བླ་གྲྭ་༣༠ཡིན།
རྒན་བློ་
གྲོས་དང་། རྡོ་རྗེ་སློབ་དཔོན་འཇམ་དཔལ།
ལྷ་ལུང་སྤྲུལ་སྐུ་སོགས་སེར་སྐྱ་ཐུན་མོང་གིས་ཉམས་གསོ་ཞུས་པས་འདུ་ཁང་ཀ་བ་༤༨
ལྷ་ཁང་ལྔ་ལ་ཀ་བ་
༤༥ ཇ་ཁང་དང་མཛོད་ཁང་སོགས་ཀ་བ་༡༠༦
གྲྭ་ཤག་༢༤བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༤༧༣༠
བཀའ་གདམས་མཆོད་རྟེན་
སོགས་སྐུ་འདྲ་༦༠ ཞལ་ཐང་༡༣༠ གསུང་རབ་པོད་༤༢༤ མཆོད་ཆས་སྣ་གྲངས་༢༤༩
ཐབ་ཆས་ཆ་ཚང་། ནོར་༤༧ ཟུར་མང་གར་འཆམ་སོགས་ལོ་
རེར་རྒྱུན་ཚོགས་ཉིན་༦༧བཅས་ཡོད།
|
|