༄༅།
།མདུང་ཤིང་དགེ་དགོན།
|
༄༅། །མདུང་ཤིང་འོད་གསལ་ཆོས་གླིང་།
མདུང་ཤིང་འོད་གསལ་ཆོས་གླིང་ནི།
ལུང་པ་མདུང་ཤིང་གི་དབྱིབས་འདྲ་བའི་ཕུ་རུ་ཆགས་ཡོད་ཅིང་།
དེ་ནི་སྔོན་ཨོ་རྒྱན་ཚངས་དབྱངས་རྒྱ་མཚོའི་
དངོས་སློབ་མཆོག་སྤྲུལ་བཀྲ་ཤིས་རྒྱ་མཚོས་འབྲོག་སྡེའི་ཁྲོད་ས་དཔྱད་ལེགས་ཤིང་དབེན་གནས་ཡིན་པའི་གནས་མཆོག་ཅིག་ཏུ་དགེ་དགོན་ཞིག་
གསར་འདེབས་དགོས་དགོངས་པ་ན།
མདུང་ཤིང་ཕུ་ཞེས་པའི་གནས་དེར་སའི་ཀ་བཞི་སོགས་ཚང་བར་གཟིགས་ཏེ།
རབ་བྱུང་བཅོ་ལྔ་ལྕགས་བྱི་ལོར་
(
༡༩༠༠)ས་དེར་ཞབས་ཀྱིས་བཅགས་སྐབས་རབ་གནས་ཤིས་བརྗོད་སོགས་མཛད་དེ་ཐོག་མར་ཕྱག་བཏབ་ནས་།
མདུང་ཤིང་འོད་གསལ་ཆོས་གླིང་
ཞེས་པའི་མཚན་གསོལ་དང་བཅས་ཏེ་འདུ་ཁང་ཀ་བ་དགུ་ཅན་ཁྱམས་དང་རུང་ཁང་ལྡན་པ་ཞིག་རྨང་བཏིངས།
མཆོད་སྡེ་སྐྱ་སེར་དྲག་ཞན་དུ་མས་
དགོན་སྡེའི་ཕྱིར་འབུལ་བ་མང་དུ་བྱུང་བ་གཞིར་བྱས།
བཀྲ་ཤིས་རྒྱ་མཚོ་མཆོག་ནས་གཟིགས་སྐྱོང་ཚད་མེད་མཛད་པའི་མཐུས།
མི་རིང་བར་རུང་ཁང་
དང་བཅས་ཡོངས་སུ་གྲུབ། ནང་རྟེན་ལ་པད་འབྱུང་སྐུ་ཤིན་ཏུ་འགངས་ཆེ་བ་གཉིས་དང་།
གཞན་ཞལ་ཐང་སོགས་མི་ཉུང་ཞིག་བཞུགས་ལ། གསུང་
རྟེན་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཚར་གསུམ་དང་།
ད་དུང་གསུང་རབ་གྲངས་མང་བཞུགས་པ་མ་ཟད་སྐུ་གདུང་ཆ་བརྒྱད་གཙོས་ཐུགས་
རྟེན་གྱི་སྐོར་ཡང་ཅུང་ཙམ་ཡོད་སྐད། གཞན་མཆོད་ཡོའི་བྱེ་བྲག་ལ་མཎྜལ་༣
སྨན་ཐོད་རྩ་ཆེན་༤ གསེར་བུམ་༢ དངུལ་གྱི་ཏིང་བདུན་ཆ་༤ ཕུད་ཀོང་
༢ དུང་དཀར་ཆ་༡ དུང་དམར་ཆ་༡
སིལ་སྦུབ་བཅས་ཡོད་ཅིང་རྟ་༡དང་ནོར་༣༠ཙམ་ཡོད་པར་གྲགས་ལ།
རབ་བྱུང་བཅུ་དྲུག་པ་ས་ཁྱི་ལོར་
(
༡༩༥༨)གངས་ཅན་ལྗོངས་འདིར་དུས་ཟིང་ཆེ་བར་བྱུང་རྐྱེན་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་ཉམ་དམས་སུ་གྱུར་པ་ན།
དགོན་ཕྲན་འདི་ལྟ་བུ་བསོད་
ནམས་ཀྱི་ཞིང་དུ་ཁྲ་ཆེམ་མེར་གནས་པའི་སྐལ་བ་མི་ལྡན་པ་ནི་སྨོས་ཅི་དགོས་ཏེ་ཤིན་ཏུ་ཡིད་སྐྱོ་བའི་གནས་སུ་གྱུར་ཏོ།
།ཡིན་ན་ཡང་དཀར་ནག་ཤན་
འབྱེད་དང་ཆོས་ལུགས་དད་མོས་མི་རིགས་འདྲ་མཉམ་སོགས་བཅོས་སྒྱུར་སྒོ་འབྱེད་ཀྱི་ཕྱི་རྐྱེན་དགེ་བའི་གྲོགས་ཀྱིས།
དགོན་པ་འདི་ཡང་རབ་བྱུང་
བཅུ་བདུན་པ་ས་འབྲུག(
༡༩༨༨)ལོའི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་གོང་རིམ་ནས་ཆོག་མཆན་ཐོབ་པས་དད་ལྡན་སེར་སྐྱ་ཡོངས་ལ་དགའ་བ་ཚད་
མེད་ཐོབ།
ད་ལྟ་འདུ་ཁང་གཅིག་ལ་ཀ་བ་༨དང་ལྡན་པ་སྒྲུབ་ཁང་ཀ་བ་༢ཅན་ཇ་ཁང་བཅས་ལེགས་པར་གྲུབ་ཟིན།
དགེ་ཤག་༢༥བཅས་འཛུགས་སྐྲུན་
རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༥༤༠ ནང་རྟེན་ལ་སྐུ་འདྲ་༣ གསུང་རབ་པོད་༤༢༠
ཞལ་ཐང་༡༥ མཆོད་ཆས་རྙིང་པ་སིལ་སྙན་༡ སྦུབ་༡ རྐང་གླིང་༡ མཎྜལ་
༡བཅས་གསར་རྙིང་སྣ་དྲངས་༢༡ ཉིན་ཚོགས་དགུ་ཆེན་གཙོས་ཉིན་༢༥བཅས་ཡོད་དོ། །
|
|