กก

༄༅། །སྒར་པ་དགོན།

༄༅། །སྒར་དགོན་འབྲུག་རྒྱས་ཆོས་འཁོར་གླིང་།
དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་སྒར་པ་ལོ་རུ་དགོན་ནམ་འབྲུག་རྒྱས་ཆོས་འཁོར་གླིང་ནི། ཐོག་མར་ལོ་རུ་ཤེས་རབ་རྒྱལ་
མཚན་གྱིས་ཕྱག་བཏབ་པར་གྲགས། ཁོང་ནི་འབྲུག་རྒྱལ་དབང་ཆོས་རྗེའི་ཐུགས་སྲས་རྒྱ་མཚོ་རྣམ་ལྔའི་ཡ་གྱལ་དུ་གཏོགས་ཤིང་། སྐུ་ཡུལ་བར་ཁམས་སྡེ་
དགེ་དང་འཛི་སྒར་དགོན་གྱི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ཚོད་འདུག་ཀྱང་། འཛི་སྒར་བསོད་ནམས་རྒྱ་མཚོའི་ཡང་སྲིད་འཚོལ་བར་སྒ་ཨ་ཁྲོ་ཤོག་ཏུ་
ཕེབས་འབྱོར་བྱུང་སྐབས་ཨ་ཁྲོ་བེ་ཧུས་གཏན་བཞུགས་སུ་གསོལ་བ་ལྟར་ཞལ་གྱིས་བཞེས། ས་དབྱིབས་དུང་དཀར་གཡས་འཁྱིལ་འདྲ་བའི་སྟེང་དུ་སྒར་
བཏབ་ནས་བཞུགས་པས་སྒར་པ་དགོན་ཞེས་པའི་མིང་བྱུང་། བླ་མ་དེའི་སྐུ་ཕྲེང་གཉིས་པ་མི་ཕམ་སྲིད་ཞི་ཡོངས་གྲོལ་ནི། ཡབ་རག་ན་བཀྲ་ཤིས་དང་
ཡུམ་དབྱངས་ཅན་དཔལ་མོའི་སྲས་སུ་འཁྲུངས། སྐུ་ཕྲེང་གསུམ་པ་མི་ཕམ་ཆོས་ཀྱི་རྒྱ་མཚོ་ནི། རྫ་སྟོད་བེ་རིའི་དཔོན་ཚང་དུ་ཡབ་ལྷ་དར་དང་ཡུམ་
དཀར་སྒྲོན་གྱི་སྲས་སུ་འཁྲུངས། འདི་ཉིད་ཀྱིས་མཛད་པའི་ཁྲིད་ཡིག་སོགས་ཁ་ཤས་ནི་ད་ལྟ་མཇལ་དུ་ཡོད་ཅིང་། མཁས་གྲུབ་ཀྱི་བླ་མ་མང་པོ་ལས་
ཐོས་བསམ་བཞེས་པས་ཁོང་གི་མཚན་ཐོ་ཙམ་དེ་དག་གི་རྣམ་ཐར་དུ་གསལ། སྐུ་ཕྲེང་བཞི་པ་ཀརྨ་ཆོས་གྲགས་དཔལ་བཟང་ནི། སྒ་སྨད་འབྲོང་མདའི་
གྲོང་ཚོར་འཁྲུངས་ཤིང་། དགོན་པའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལང་བ་བཞེངས། སྐུ་ཕྲེང་ལྔ་པ་མི་ཕམ་བསྟན་འཛིན་
ཆོས་ཀྱི་དབང་ཕྱུག་ནི། གུ་ཚ་དཔོན་ཚང་དུ་ཡབ་ཚེ་དབང་དགྲ་འདུལ་དང་ཡུམ་རྣམ་དཀར་ལྷ་མོའི་སྲས་སུ་འཁྲུངས། སྐུ་ཕྲེང་དྲུག་པ་མི་ཕམ་ཀུན་
བཟང་ཕྲིན་ལས་ཆོས་ཀྱི་རྒྱ་མཚོ་ནི། སྡོམ་པ་བེ་ཧུ་ལྷུན་གྲུབ་དཔལ་འབྱོར་ཚང་དུ་འཁྲུངས། སྐུ་ཚེ་གང་པོར་སྒྲུབ་པ་ལ་སྙིང་པོར་མཛད་པས་མཐར་
འཇའ་ལུས་འོད་སྐུར་གྲོལ། སྐུ་ཕྲེང་བདུན་པ་མི་ཕམ་ཆོས་དབྱིངས་མཚན་ལྡན་ནི། གུ་ཚ་དཔོན་ཚང་དུ་འཁྲུངས་ཤིང་དགུང་ལོ་བཅུ་གཉིས་བཞེས་ཐོག་
གཟུགས་སྐུ་བསྡུས། སྐུ་ཕྲེང་བརྒྱད་པ་མི་ཕམ་ངག་གི་དབང་ཕྱུག་དཔལ་བཟང་པོ་ནི། ཁྲི་འདུ་མོ་ལོ་གྲོང་དུ་རབ་བྱུང་བཅོ་ལྔ་པའི་ཆུ་གླང་( ༡༩༡༣)ལོར་
ཡབ་བཀྲ་ཤིས་དཔལ་འབར་གྱི་སྲས་སུ་འཁྲུངས། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་དང་འཛི་སྒར་མཆོག་སྤྲུལ་ངག་དབང་བསྟན་འཛིན་དཔལ་བཟང་པོ་རྣམ་
གཉིས་ཀྱིས་ཐུགས་ཐག་བཅད། དགུང་ལོ་ལྔའི་སྟེང་ནས་རོང་ཐ་པཎྜི་ཏ་བློ་བཟང་དམ་ཆོས་རྒྱ་མཚོར་གཙུག་ཕུད་ཕུལ། ལབ་མཁན་ཆེན་མདུན་ནས་
དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། དགུང་ལོ་ཉེར་གསུམ་སྟེང་འབྲུ་འཇམ་དབྱངས་གྲགས་པའི་དྲུང་ནས་དགེ་སློང་གི་སྡོམ་པ་ནོད། དགུང་ལོ་ཉེར་ལྔའི་
སྟེང་དབུས་ལྷ་ལྡན་དུ་སློབ་གཉེར་ལ་ཕེབས་ཤིང་། སེ་ར་ཐེག་ཆེན་གླིང་དུ་ལོ་མང་བཞུགས་ནས་ཐོས་བསམ་མཛད་པས་མཁས་པའི་གྲགས་པ་ས་སྟེང་
དུ་ཁྱབ། དགུང་ལོ་ཞེ་གཅིག་སྟེང་ཕྱིར་རང་དགོན་དུ་ཕེབས། རབ་བྱུང་བཅུ་དྲུག་པའི་ཤིང་ལུག་( ༡༩༥༥)ལོར་ཨ་བྲག་སྤྲུལ་སྐུ་ཡོན་ཏན་རབ་རྒྱས་དང་
ཁོང་རྣམ་གཉིས་ཀྱིས་ས་དཔྱད་ལེགས་གཟིགས་མཛད་ནས་དགོན་ས་གཞན་དུ་སྤོས། མེ་ལུག་( ༡༩༦༧)ལོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། ཡང་
སྲིད་ད་བར་དུ་རྩད་གཅོད་མ་བཏུབ།
གཞན་སྤྲུལ་སྐུ་གཉིས་བཞུགས་པ་ལས། ཆོས་ཉིད་སྤྲུལ་སྐུ་སྐུ་ཕྲེང་བཞི་ཙམ་བརྒྱུད་ཀྱང་རྣམ་ཐར་སོགས་གང་ཡང་མ་མཐོང་།
བཀའ་སྦྱིན་སྤྲུལ་སྐུ་ནི་མཁའ་ཕུར་རྒྱལ་མཚན་བློ་གྲོས་ཀྱི་སྐྱེས་མཐར་གྲགས་ཤིང་། སྦས་པའི་རྣལ་འབྱོར་པ་ངོ་མཚར་ཅན་ཞིག་བཞུགས། སྐུ་ཕྲེང་
གཉིས་པ་ཀརྨ་སྦྱིན་པ་ནི་རོང་པོ་ཤོག་ཏུ་འཁྲུངས། སྐུ་ཕྲེང་གསུམ་པ་ཀརྨ་ངག་དབང་སྦྱིན་པ་ནི། རབ་བྱུང་བཅོ་ལྔ་པའི་ས་ཁྱི་( ༡༨༩༨)ལོར་རོང་པོ་
འགག་རྡའི་ཡུལ་དུ་ཡབ་བསམ་དགའི་སྲས་སུ་འཁྲུངས། འབྲི་གུང་སྐྱབས་མགོན་རྒྱལ་མཆོག་ཞི་བའི་བློ་གྲོས་ཀྱིས་ཐུགས་ཐག་བཅད་དེ་གསེར་ཁྲིར་
མངའ་གསོལ། དགུང་ལོ་ཉེར་ལྔའི་སྟེང་འབྲི་འཇམ་དབྱངས་གྲགས་པའི་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུས། དགུང་ལོ་ང་བདུན་བཞེས་པའི་
ཤིང་རྟ་( ༡༩༥༤)ལོར་མྱ་ངན་ལས་འདས། སྐུ་ཕྲེང་བཞི་པ་འཇམ་དབྱངས་ཀུན་དགའ་ནི། རབ་བྱུང་བཅུ་དྲུག་པའི་མེ་བྱ་( ༡༩༥༧)ལོར་ཨ་ཁྲོ་གཡུ་
མདའི་གྲོང་དུ་ཡབ་ཚེ་རིང་དང་ཡུམ་བསམ་ཡག་གི་སྲས་སུ་འཁྲུངས། འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་
གྲུབ་ཀྱིས་ཐུགས་ཐག་བཅད་དེ་གསེར་ཁྲིར་མངའ་གསོལ། ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མར་བསྟེན་ནས་དགེ་ཚུལ་སློང་གི་
སྡོམ་པ་དང་ས་སྐྱའི་ཆོས་སྐོར་ཅི་རིགས་གསན་ཅིང་། ད་ལྟ་ཨ་ཁྲོ་དར་རྒྱས་དགོན་དུ་ཐོས་བསམ་སློབ་གཉེར་སོགས་མཛད་བཞིན་བཞུགས།
ས་ཁྱི་ལོའི་ཡར་སྔོན་དུ་མཆིས་པའི་འདུ་ཁང་ཀ་བ་༩ཅན་དང་། དེའི་ནང་རྟེན་གཙོ་བོ་ནི། ཐུབ་པ་བྱེའུ་དྲོད་མ། ཤོག་ནག་གསེར་བྲིས་ཀྱི་བཀའ་
འགྱུར་ཚར་༡ པདྨ་སམ་བྷ་ཝའི་སྐུ་བརྙན་ལི་མ། འགྲོ་མགོན་གཙང་པ་རྒྱ་རས་ཀྱི་ཚོགས་དུང་། ཇོ་བོ་རྗེའི་ཕྱག་བྲིས་ཕྱག་བསྟར་མ། སངས་རྒྱས་འོད་
སྲུངས་ཀྱི་རིང་བསྲེལ། འཛི་སྒར་རྡོ་རྗེ་གྲགས་པའི་དབུ་ཞྭ། ཞལ་ཐང་དང་རོལ་སིལ་སོགས་བསམ་གྱིས་མི་ཁྱབ་པ་བཞུགས། ལོ་གཅིག་ལ་བླ་མཆོད་དང་
མ་ཎི་བུམ་སྒྲུབ། དགུ་ཆེན་སོགས་ཚོགས་པ་གཏན་ཆགས་ཉིན་༥༠ལྷག་དང་། གྲྭ་པ་༢༥ཙམ་བཞུགས། ནོར་༣༠༠ རྟ་དྲེལ་༣༠ ཚེ་ཐར་གྱི་ར་ལུག་༥༠༠
དགོན་གཞུང་གི་ཇ་ཁང་དང་མཛོད་ཁང་སོགས་ལ་ཀ་བ་༢༠བཅས་མཆིས་སོ། །
ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་རྗེས། འཛི་སྒར་མགོན་བླ་ཕྲིན་ལས་བསམ་གྲུབ་ཀྱིས་གཙོ་འགན་བཞེས་ནས་དགོན་སྡེ་ཟུང་གིས་ཉམས་གསོ་
ཞུས་པར། ད་ལྟ་འདུ་ཁང་ཀ་བ་༩ཅན་ལ་ཐོག་ཏུ་མགོན་ཁང་། ནང་རྟེན་ལ་གསེར་ཟངས་ཀྱིས་བསྐྲུན་པའི་སྐུ་འདྲ་༥ དུང་དང་ལྗགས་གླིང་། སིལ་སྙན་
རོལ་མོ་སོགས་མཆོད་ཡོ་ཆ་ཚང་ཡོད་ལ། གོང་རིམ་ནས་གྲྭ་པ་གཏན་ཁེལ་༧ ལོ་གཅིག་ལ་ཚོགས་པ་གཏན་ཆགས་ཉིན་༥༠ དགོན་པའི་སྤྱི་རྟེན་དུ་རྟ་
༣དང་ནོར་༡༠བཅས་མཆིས་སོ། །