|
ཁྲི་ཀ་རྫོང་གི་ལྷོ་ནུབ་ཀྱི་མཚམས་རྫོང་མཁར་ནས་སྤྱི་ལེ་བཅོ་ལྔའི་མཚམས་ཀྱི་མཆོག་པོ་སྒང་གི་རྩ་རུ་གནས་ཡོད།
རྫོང་མཁར་ནས་ཞིན་ཇི་
བར་གྱི་ལམ་ཆེན་ཡང་ལྷ་ཁང་གི་མདུན་ཕྱོགས་སུ་ཡོད་ལ་ལམ་ཆེན་འདི་མང་བྱ་སོགས་ཀྱི་འགྲིམ་འགྲུལ་ལམ་ཐག་གཙོ་བོ་ཞིག་ཡིན།
།
ལྷ་ཁང་འདི་ཐོག་མ་ཕྱི་ལོ་༡༩༧༩ལོར་བོན་སྲོག་བཙན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང་སྐབས་དེའི་སྟོང་ཆོས་དཔོན་པོ་ཧོར་ཅོག་པདྨ་རྒྱལ་
གཉིས་གཙོ་བྱས་ནས་བཞེངས་པ་ཡིན་ལ། ད་བར་དུ་ལོ་ངོ་བདུན་བརྒྱ་ལྷག་འགོར།
སོ་ཕག་དང་ཤིང་ལས་གྲུབ་པའི་འདུ་ཁང་སོགས་གྱན་ཉེར་
བཞི་ཡོད་ལ།
འདུ་ཁང་ནང་བཟོས་པ་ཧ་ཅང་ལེགས་པའི་ལྷ་སྐུ་དང་གྱན་ཐང་བཞེངས་ཡོད།
ངག་རྒྱུན་ལྟར་ན་ལྷ་ཁང་འདི་ཉིད་ཁྲི་ཀའི་ལྷ་ཆེན་
པོ་གསུམ་གྱི་ཡ་གྱལ་གཅིག་(ལྷ་ཆེན་པོ་གསུམ་ནི་ཨེར་ལང་ལྷ།
ཡུལ་ལྷ་ཝུན་ཁྲང་དང་རྒྱ་ཐང་ལྷ་བཅས)ཡིན་ཟེར། ལྷ་ཁང་འདི་བཞེངས་པ་
ནས་གཅིག་དགུ་ང་བརྒྱད་ལོའི་བར་དུ།
ལོ་རྒྱུན་གྱི་ཧོར་ཟླ་བཞི་པའི་ཚེས་བཞི་ནས་དྲུག་གི་ཉིན་གསུམ་གྱི་རིང་ལྷ་རྩེད་རྒྱ་ཆེན་པོ་བྱེད་པས།
ཐག་
ཉེ་རིང་གི་བོད་དང་རྒྱ།
ཧོར་རིགས་སོགས་རིགས་སོ་སོའི་མང་ཚོགས་འདིར་འདུས་ནས་ཕྱག་འཚལ་བ་དང་མཆོད་བཀུར་བྱེད་བཞིན་ཡོད།
ཧོར་
ཟླ་བཞི་པ་ནི་སྔོ་ལྗང་ཤིང་སྣ་གོས་ཀྱིས་བཏུམས་པ་དང་འདབ་ཆགས་ཀྱིས་སྐད་སྙན་འབྱིན་ཞིང་མེ་ཏོག་དྲི་ཞིམ་འཐུལ་བའི་དུས་ཡིན་པས་མི་
རྣམས་ཀྱིས་ཉིན་འདིར་དགའ་སྤྲོའི་ངང་གླུ་ལེན་གར་རྩེད་བྱས་ནས་དུས་ཆེན་རོལ།
རིག་གསར་ནང་ལྷ་ཁང་འདི་ཚང་མ་རྩ་མེད་དུ་བཟོས། མི་
རིགས་ཆོས་ལུགས་སྲིད་ཇུས་ཡང་གོམ་གང་མདུན་སྤོས་ཀྱིས་ལག་བསྟར་གཏན་འབེབས་བྱས་པ་དང་མཉམ་དུ་རྒྱ་ཆེ་བའི་མང་ཚོགས་ཀྱི་རེ་བ་
ལྟར།
ང་ཚོས་གཞི་རིམ་ལས་བྱེད་པའི་བསམ་འཆར་བསྡུ་ལེན་བྱས་ཏེ་རྒན་པ་རྣམས་དང་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ནས་གྲོས་བསྡུར་
ཐེངས་མང་བྱས་རྗེས་ལྷ་ཁང་བསྐྱར་བཟོ་བྱས།
ལྷ་ཁང་བསྐྱར་བཟོ་བྱེད་པའི་ས་གནས་ད་རུང་སྔར་གྱི་ས་དེར་ཡིན་པས།
འགྲིམ་འགྲུལ་དང་ས་
ཞིང་། ཆུ་རྐ། རྒྱ་ལམ་གཅིག་ལའང་ནོར་བ་མེད།
ད་ལྟ་ཤིང་དང་སོ་ཕག་ལས་གྲུབ་པའི་འདུ་ཁང་གྱན་བཅུ་གཅིག་བཞེངས་ཡོད་པ་མ་ཟད།
འདུ་
ཁང་ནང་དུ་རྒྱ་ཐང་ལྷ་སྐུ་གཅིག་བཞེངས་ཡོད།
མཛད་སྒོ་བྱེད་པའི་ཉིན་བ་ཀྱཱ་དགོན་པ། ཁྱུང་མོ་དགོན་པ། མུ་གན་དགོན་པ།
འཇམ་མོ་དགོན་
པ་བཅས་ཀྱི་བླ་གྲྭ་རྣམས་མཛད་སྒོར་ཞུགས། ཟླ་རེར་ཚེས་གཅིག་དང་ཚེས་བརྒྱད།
བཅོ་ལྔའི་ཉིན་ལ་རྒྱ་ཆེ་དད་ལྡན་མང་ཚོགས་ལྷ་ཁང་འདིར་
འོངས་ནས་ཕྱག་འཚལ་བ་དང་ལྷ་མཆོད་པ་སོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད། ། |