¡¡

༄༅། །རྐང་ཚ་ཞོལ་མའི་དགོན་པ།

   ཀུན་བཟང་སྒར་བ་འདི་འཕྲང་དམར་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ལ་གྲུབ་མཐའ་ནི་དགེ་ལུགས་པ་ཡིན། གང་གི་དགོན་ལག་ཡིན་པ་མི་
གསལ་ཡང་རྐང་ཚ་གོང་མའི་དར་རྒྱས་ཆོས་འཕེལ་གླིང་གི་དགོན་ལག་ཡིན་ཞེས་བཤད་ན་ཆོག དགོན་པ་འདི་ཐོག་མར་རབ་བྱུང་བཅུ་བཞི་པའི་
ནང་ཐིས་པ་དགོན་པའི་བླ་མ་ཨ་ལགས་ཀུན་བཟང་རྐང་ཚའི་ཡག་མོ་ཚོ་བར་འཁྲུངས། འདི་བས་སྐུ་ཚེ་སྟོད་ལ་གྲུབ་དབང་ཀརྨ་པའི་བཞུགས་ཁྲི་
ཡོད་སར་སྒར་བ་བཏབ། གནས་དེར་རྐང་ཚ་གོང་ཞོལ་གཉིས་ཀྱི་གྲྭ་པ་རྣམས་འདུས་ནས་རེ་ཞིག་དེར་འཚོགས་པ་དར་རྒྱས་ཆོས་འཕེལ་གླིང་གི་
ལོ་རྒྱུས་སུ་ཡོད་ལ། ཕྱིས་སུ་དར་རྒྱས་ཆོས་འཕེལ་གླིང་ལ་གཡེར་གཤོང་མཁན་པོས་བདག་འཛིན་མཛད་པ་ནས་བཟུང་། སྒར་འདི་ལ་ཨ་ལགས་
ཀུན་བཟང་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་པས་མཚན་ལའང་ཀུན་བཟང་སྒར་ཁ་ཞེས་ཐོགས། ང་བརྒྱད་ཡར་སྔོན་དུ་སྒར་འདིར་མཆོད་ཁང་ཆེ་
ཆུང་གཉིས་དང་གྲྭ་ཤག་བཅོ་ལྔ་ཙམ་ཡོད། ཆོས་ཐོག་གི་སྐོར་ལ་ཟླ་དང་པོར་སྨོན་ལམ་ཆེན་མོ། ཟླ་བརྒྱད་པར་ཀུན་རིག་སྒྲུབ་མཆོད། ཟླ་བཅུ་པའི་
ལྔ་མཆོད་བཅས་ཡོད། ཕྱིས་སུ་ང་བརྒྱད་དང་རིག་གསར་སྐབས་སུ་ཉམས་ཆག་ཆེན་པོ་བྱུང་། དེ་ནས་རབ་རྒྱལ་མེ་སྟག་ཕྱི་ལོ་༡༩༨༦ལོར་གོང་
ནས་ཆོག་མཆན་ཐོབ་སྟེ་མ་སྐེ་གཡས་ལུང་དུ་གསར་བཞེངས་བྱས། ད་ལྟ་མཆོད་ཁང་དང་གྲྭ་ཤག་བརྒྱད་དང་གྲྭ་པ་བཅུ་གཅིག་ལྷག་གིས་སྔར་
སྲོལ་རྣམས་རྒྱུན་འཛིན་བྱེད་པའི་སྒང་ཡིན་ནོ། །
  ཞོལ་མའི་མཚམས་ཐོག་གི་རྟེན། ཆོས་ཁང་གྱན་༡༨ཡོད། ཆོས་བཀའ་བསྟན་འགྱུར། རྗེ་གསུང་འབུམ་བཅས་ཡོད། སྨན་སྐུ། འཇིགས་བྱེད།
འཇམ་པའི་དབྱངས། སྒྲོལ་མ། རྗེ་སྐུ་གྱན་ཐང་། རྒྱན་དྲུག་མཆོག་གཉིས། སྨན་ལྷའི་ཞིང་བཀོད། ཀུན་རིག འཇིགས་བྱེད། གསང་འདུས། གནས་
རྟེན་བཅུ་དྲུག གསང་བདག་འཁོར་ཆེན། སྒྲོལ་མའི་ཞིང་བཀོད། ལྟུང་བཤགས། བདེ་མཆོག དུས་འཁོར། གདུགས་དཀར། རྒྱ་ཆེན་བཞི་བོ་གྱན་
ཐང་གཉིས་རེ་བཅས་ཡོད་དོ། །