|
དང་པོ།
དེ་ཡང་དཀར་བརྗིད་སྔགས་དགོན་རྣམ་གྲོལ་པདྨ་གླིང་འདི་ནི་རྨ་ཆུའི་བྱང་ཕྱོགས་ཀྱི་སྒོ་མེ་ཚོ་དགུའི་གཞི་འཛིན་དཀྱིལ་འཁོར་དུ་
ཆགས་ཤིང་། སྤྱིར་སྒོ་མེ་ཞེས་པའི་ཐ་སྙད་འདིའི་བྱུང་ཚུལ་ནི།
སྔོན་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ་བྲ་སྡེའི་རིགས་ཀྱི་ཡུལ་རུས་ཤིག་
མདོ་སྨད་དུ་ཡོང་བའི་བླ་མར་བྲ་སྒོམ་རིན་པོ་ཆེ་བྱོན།
ཁོང་ཉིན་ཞིག་ཆར་བ་ཆེན་པོ་བབས་པའི་རྗེས་སུ་ཁམས་བསང་ལ་ཕེབས་པ་ན། སྔར་
མཐོང་མ་མྱོང་བའི་རྟ་དཀར་པོ་ཞིག་འདུག་པས་རྩར་ཕེབས་ནས་བལྟས་ཚེ།
དེའི་རྨིག་པའི་ནང་དུ་ཡུངས་དཀར་ལྡོག་པོ་འགའ་ཟུག་ཡོད་པ་
གཟིགས་ནས་ཡུངས་དཀར་རྣམས་བླངས་ཤིང་རྨ་ལ་གསོས་སྔགས་བཏབ་སྟེ་སོས་པར་མཛད།
དེའི་ཕྱི་ནུབ་རྨི་ལམ་དུ་རྨ་རྒྱལ་ཡིན་ཟེར་བའི་ཕྱིང་
ཞྭ་གྱོན་པའི་མི་ཞིག་གིས་ཁོང་ལ་སྨྲས་པ།
ངའི་རྟ་ལ་སེར་སྲུང་སྔགས་པ་ཞིག་གི་ཐུན་གྱིས་བྲབས་ནས་རྨས་པ་ཁྱོད་ཀྱིས་སོས་པར་བྱས་པའི་བཀའ་
དྲིན་གསབ་ཕྱིར་ནངས་པར་ཤར་གྱི་བྲག་རྩར་ཤོག་དང་དངོས་གྲུབ་ཅིག་ཡོད་ཅེས་བཤད་པ་རྨིས།
ཕྱིའི་ནངས་པར་མནལ་ལམ་དུ་བཤད་པ་ལྟར་
བྲག་རྩ་དེར་སོང་ཚེ།
ཇུ་ཐུག་ཅིག་དང་བུ་མོ་ལྟ་ན་སྡུག་པ་ཞིག་འདུག་པ་ཁྲིད་ནས་ཡོང་།
རྗེས་སུ་བུ་མོ་འདི་ལ་བུ་བརྒྱད་ཡོད་པ་ལ་བྲག་རྩ་བུ་
བརྒྱད་དུ་གྲགས་པའི་གསུམ་པ་གྲུབ་ཆེན་སྒོ་མེ་རི་རང་འབར་གྱི་རྒྱུད་དུ་བྱུང་བས་ན་སྒོ་མེ་ཞེས་རུས་མཛོད་ཟ་འོག་རེ་མ་ལས་གྲགས་པ་ལྟར་
དང་། སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན།
ཟོ་དོར་དགྲ་རྒྱལ་རྒོད་པོ་རྩེའི་ཉེ་འདབས།
སྒོ་མེ་དཀར་བརྗིད་ཅེས་དགེ་བཅུའི་དཔལ་གཡང་
འཛོམས་པའི་ཡུལ་གྲུ་དང་མི་རིང་བའི་ནུབ་ངོས།
ཧོར་ཤན་པ་མེ་རི་རྩེའི་སྐྱེས་ལྷ་ལྕོག་ལྷ་མཚལ་རྩེའི་མདུན་ཞོལ་དུ།
སྔ་འགྱུར་རྙིང་མའི་དགོན་
པ་རྣམ་གྲོལ་པདྨ་གླིང་བཏབ་པའི་རྒྱུད་རིམ་ནི།
བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ལམ་དབང་བོའི་སྡེ་ཞེས་པས་རང་ཉིད་ཀྱིས་གཏེར་ནས་བཏོན་
པའི་ཚེ་དཔག་མེད་ཀྱི་གསེར་སྐུ་ཤྲི་སེང་ཧས་རབ་གནས་མཛད་པའི་རྟེན་བྱིན་ཅན་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་པ་འདི་ཁོང་ཉིད་ཀྱི་
ཐུགས་སྲས་སྔགས་དགོན་འདི་ཐོག་མར་འདེབས་པ་པོ་གྲུབ་དབང་པདྨ་མཐུ་སྟོབས་ལ་གནང་།
དམ་པ་འདི་ཉིད་ཀྱིས་རབ་བྱུང་བཅུ་བའི་ནང་
སྔགས་དགོན་འདི་གསར་འདེབས་མཛད་དེ།
འདུ་ཁང་སྟབས་བདེ་གྱན་གསུམ་ཅན་བཞེངས་ནས་རྒྱུན་བཞུགས་སྔགས་པ་བཞི་ཅུ་ཙམ་ཡོད་པར་
གྲགས། །
ཕྱིས་སུ་བི་མ་མི་ཊིའི་རྣམ་སྤྲུལ་རྫུས་སྐྱེས་སུ་གྲགས་པ།
རྫོགས་ཆེན་མཁན་ཟུར་འཇིགས་མེད་སྐལ་བཟང་རིན་པོ་ཆེ་སྒོ་མེ་ཡུལ་འདིར་ཕེབས་
ཏེ།
སྟོང་དཔོན་པདྨ་ཆོས་འཕེལ་དང་མཆོད་ཡོན་གྱི་འབྲེལ་བ་གཏིང་ཟབ་ཏུ་ཆགས་པའི་རྗེས་སུ་བླ་སློབ་ཐུན་མོང་གིས་རབ་དྲག་ཆུ་གླང་ཕྱི་ལོ་
༡༦༧༣ལོར་འདུ་ཁང་སྔར་ལས་རྒྱ་ཆེར་བཏང་ནས་འདུ་ཁང་གྱན་དགུ་ཅན་ནང་རྟེན་དང་བཅས་པ་ལེགས་པར་བཞེངས།
འདིའི་སྐབས་སུ་
འཇིགས་མེད་སྐལ་བཟང་རིན་པོ་ཆེས་ཡིད་བཞིན་མཛོད་དང་། ཡོན་ཏན་མཛོད།
རྒྱུད་གསང་སྙིང་སོགས་ཀྱི་དགོངས་དོན་འཆད་སྤེལ་གནང་
བར་བརྟེན་རིམ་གཉིས་ལ་མངོན་པར་བྱང་ཆུབ་པའི་རིག་འཛིན་འདུས་པའི་སྡེ་འདིར་སྔགས་གྲངས་སུམ་བརྒྱ་ལྷག་ཙམ་ཡོད།
ངག་རྒྱུན་ཏུ་
དགོན་པ་འདིར་དང་པོ་སྨིན་གླིང་དང་དེའི་རྗེས་སུ་བྱང་གཏེར་འདོན་ཀྱང་།
འདིའི་དུས་སུ་འདོན་ཆ་དང་ཕྱག་བཞེས་རྣམས་འོད་གསལ་སྙིང་
ཐིག་ལ་གསར་དུ་བསྒྱུར་ཞེས་གྲགས།
འདི་ཉིད་ཐོག་མར་བཏབ་པའི་ལོ་དེ་ནས་བཟུང་ད་བར་དུ་མི་ལོ་སུམ་བརྒྱ་དྲུག་ཅུ་ལྷག་ཙམ་གྱི་ལོ་རྒྱུས་
ཡོད། །
གཉིས་པ།
བར་དུ་བྱུང་བའི་དགོན་བདག་བླ་བརྒྱུད་བརྗོད་པ།
དེ་ཡང་ཐོག་མར་འདེབས་པ་པོ་གོང་དུ་སྨོས་ཟིན་པས། འདིར་བཤད་པའི་
བརྒྱུད་རིམ་ནི་ཕྱག་བཞེས་རྣམས་སྙིང་ཐིག་ལ་གསར་དུ་བསྒྱུར་བའི་རྗེས་སུ་བྱུང་བའི་དགོན་བདག་བླ་མའི་བརྒྱུད་རིམ་ཡིན།
དང་པོ། གླིང་མཆོག་
རྫ་རྒྱལ་དུ་འཁྲུངས་པའི་ཁམས་རྫོགས་ཆེན་དགོན་པའི་ཁྲི་ཟུར་བ་འཇིགས་མེད་སྐལ་བཟང་རིན་པོ་ཆེ་ཡིན།
གཉིས་པ། ཀོ་ཆེན་ཚང་ཞུ་བ།
འཁྲུངས་ཡུལ་ད་ལྟའི་མགར་རྩེ་རྫོང་ཡིན།
སྐུ་ཚེ་གང་བོར་མཛད་འཕྲིན་ཕ་མཐར་སོན། གསུམ་པ།
ལྕང་ལུང་དཔལ་ཆེན་ནམ་མཁའ་འཇིགས་
མེད། འཁྲུངས་ཡུལ་ནི་ད་ལྟའི་རེབ་གོང་རྫོང་ལྕང་ལུང་ཡིན།
ཁོང་གིས་ཚེ་འདི་ལ་འཚང་རྒྱ་བའི་གདམས་པར་བརྟེན་ནས་གྲུབ་པ་མངོན་ཏུ་གྱུར་
པས་ལྕང་ལུང་གྲུབ་དབང་ཞེས་ཡོངས་སུ་གྲགས། གསུང་ཆོས་ཀྱང་མང་པོ་བཞུགས།
བཞི་བ། དགུ་རོང་སྣ་ཚོགས་རང་གྲོལ། གཅན་ཚ་དགུ་རོང་
མཐིལ་དུ་འཁྲུངས་ཤིང་གསུང་ཆོས་མང་དུ་མཛད་པའི་མཁས་དབང་ཆེན་པོ་ཞིག་ཡིན།
ལྔ་བ། འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། འཁྲུངས་ཡུལ་
གཅན་ཚ་དགུ་རོང་མཐིལ་ཡིན། ཡོངས་གྲགས་སུ་དགུ་རོང་ཚང་ཞུ་བ་དེའོ།
ཁོང་ལ་ཕྱི་ལོ་༡༩༡༩ལོར་ནན་ཅིན་དབུས་སྲིད་གཞུང་གིས་མཚོ་སྔོན་
ཟི་ལིང་སོགས་ཀྱི་སྔ་འགྱུར་རྙིང་མའི་སྤྱི་བདག་གི་གོ་མིང་ཕུལ།
ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། སྐབས་དེར་
འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཁོང་གི་གསུང་བཀོད་ལྟར་དཀར་བརྗིད་སྟོང་དཔོན་(དྡྷཱུབཱོ)
ལྷ་འབྲུག་ཟེར་བ་ཆོས་སྲིད་ཀུན་ལ་ཤེས་རྒྱ་ཡངས་
པ་ཞིག་ཡོད་པ་དེས་དཀར་བརྗིད་སྔགས་དགོན་གྱི་འདུ་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་སླར་གསོ་མཛད་ཚུལ་ནི།
བླ་མས་ཆོས་རྒྱུན་གྱི་སྲོལ་
ལེགས་པར་བཙུགས་ནས་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཁོང་གིས་སྒོ་མེ་སྤྱི་ཁྱབ་སྟོང་དཔོན་འཇིགས་མེད་རྡོ་རྗེའི་སྲས་འབྲིང་བ་དེ་ཚེ་ཡི་རིག་
འཛིན་ཆེན་མོའི་སྤྲུལ་སྐུར་ངོས་འཛིན་གནང་ནས་མཚན་མི་འགྱུར་རྡོ་རྗེ་ཞེས་གསོལ།
ཡོངས་གྲགས་སུ་དཀར་བརྗིད་སྐུ་ལོ་ཞེས་མཚན་སྙན་
ཕྱོགས་ཀུན་ཏུ་ཁྱབ་པ་དེ་ཡིན།
ཁོང་གིས་སྐུ་ཚེ་གང་བོར་སྔགས་དགོན་གྱི་ཁྲི་བདག་མཛད་ནས་སྐྱེ་འགྲོ་ཀུན་ལ་བཀའ་དྲིན་གཞལ་དུ་མེད།
སྲིད་
གསར་བའི་ནང་རྫོང་མི་དམངས་སྐུ་ཚབ་དང་རྫོང་སྲིད་གཞུང་གི་ཁོངས་མི་སོགས་ཀྱི་གྲས་སུ་བཞག་ནས་རང་ནུས་དང་བསྟུན་ཏེ་བྱ་བ་བསྒྲུབས།
ང་བརྒྱད་ལོར་སྤྱི་ཚོགས་སྒྱུར་བཀོད་ཀྱི་སྐབས་སུ་དགོངས་པ་རྫོགས་སོ། །
དགོན་པ་ཕན་ཚུན་བར་གྱི་འབྲེལ་བའི་སྐོར།
སྤྱིར་མདོ་ཁམས་ཕྱོགས་ཀྱི་ཀ་དཔེ་རྫོགས་གསུམ་ནི་ཆུ་མགོ་གངས་ལ་ཐུག་པ་ལྟར་གསང་སྔགས་
རྙིང་མའི་ཆོས་རྒྱུན་གྱི་ཁུངས་གཏུག་ས་གཙོ་བོ་ཡིན།
ཁྱད་པར་དཀར་བརྗིད་སྔགས་དགོན་འདིའི་ཆོས་རྒྱུད་ཀྱི་འབྱུང་ཁུངས་ནི།
ཟབ་དོན་སྙིང་
ཐིག་བརྒྱུད་འཛིན་རྫོགས་ཆེན་དགོན་ཡིན།
སྐབས་དེར་ཁམས་རྫོགས་ཆེན་ནས་སྐུ་རྟེན་གྱི་གཙོ་བོ་ཐུགས་རྗེ་ཆེན་པོའི་ལི་སྐུ་བྱིན་ཅན།
གསུང་
རྟེན་དུ་རིག་འཛིན་འཇིགས་མེད་གླིང་བའི་གསུང་འབུམ་པོད་དགུ།
ཐུགས་རྟེན་དུ་དངུལ་གྱི་མཆོད་རྟེན་གཅིག དེའི་ནང་བཞུགས་སུ་འཇིགས་
མེད་གླིང་བའི་ན་བཟའ་དང་འཕེལ་གདུང་རིལ་བུ་བྱིན་ཅན་བཅས་བསྩལ་བ་རྟེན་གཙོར་བཞུགས།
དུང་དཀར་ཆ་གཅིག རྒྱ་གླིང་ཆ་གཅིག སྤོས་
ཕོར་ཆ་གཅིག་བཅས་མཆོད་ཆས་འགངས་ཆེ་བ་རྣམས་ཀྱང་ཞུས།
དུས་དེ་ནས་བཟུང་ཆོས་རྒྱུན་འཛིན་སྐྱོང་སྤེལ་གསུམ་ཐད་ཕན་ཚུན་འབྲེལ་བ་
གཏིང་ཟབ་ཏུ་ཆགས་ཕྱིར་རྫོགས་ཆེན་སྐུ་ཕྲེང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མདོ་སྨད་དུ་ཕེབས་ནས།
ཨ་ཆུང་གནམ་རྫོང་། སྒོ་མེ་ཏང་ཀྱཱ་དགོན་
པ།
རྐང་ཚའི་ས་ཐོ་དགོན་སོགས་ནས་རིན་ཆེན་གཏེར་མཛོད་ཀྱི་དབང་སོགས་ཆོས་རྒྱུན་མང་དུ་བསྩལ།
དགོན་པ་འདི་དག་ཀྱང་རྫོགས་ཆེན་གྱི་
དགོན་ལག་ཡིན།
བླ་མའི་བརྒྱུད་རིམ་དང་ཆོས་རྒྱུད་གཅིག་པའི་རྐྱེན་གྱིས་དགོན་པ་འདི་དག་ཕན་ཚུན་བར་གྱི་འབྲེལ་བ་ཟབ།
སྔོན་ཆད་ཏང་ཀྱཱ་
དགོན་དུ་སྒོ་མེ་གོང་འོག་བར་གསུམ་རྣམས་ཆོས་ཐོག་ཆབས་ཅིག་ཏུ་ཚོགས་པའི་སྲོལ་རྒྱུན་ཞིག་ཀྱང་ཡོད་སྐད།
།
དགོན་པའི་སྒྲིག་འཛུགས་ནི། བླ་མ་དང་དབུ་མཛད།
དགེ་བསྐོས་སོགས་ལ་ཆོས་ཀྱི་ཡོན་ཏན་དང་གྲྭ་རྒན་སྤྱི་གཉེར་སོགས་ལ་འཇིག་རྟེན་གྱི་
ཤེས་རིག་བློ་སྟོབས་སོགས་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ནས་འདེམས་བསྐོ་བྱེད།
ཁོང་ཚོའི་དབང་ཆ་ནི་སྔོན་གྱི་སྲོལ་རྒྱུན་ལྟར་སྒྲིག་ལམ། ཆོ་ག་
ཕྱག་ལེན། འདོན་རྟ་དབྱངས།
ཐུན་མོང་གི་རྒྱུ་ནོར་སོགས་ལ་ལས་སྣེ་རང་རང་གི་ལས་འགན་ལྟར་ལག་བསྟར་བྱེད་དགོས་པ་ལས་ཟུར་བྱོལ་དང་
འགྲོ་ཐབས་བྱེད་མི་རིགས།
དེར་ཡོད་དྲག་ཞན་ཚང་མས་ཆོས་ཁྲིམས་རང་འཁུར་བྱེད་དགོས་ཤིང་།
གལ་ཏེ་ཁྲིམས་འགལ་བྱུང་ཚེ་ཉེས་ཚད་ལྟར་
ཆད་གཅོད་བྱེད་དགོས།
གྲྭ་བས་དགོན་པའི་སྒྲིག་ལམ་དང་མི་འགལ་བའི་སྒོ་ནས་ཞིང་ལས་གཉེར་བ་དང་རིག་གནས་སྦྱང་བ།
སྨན་གསོ་འཕྲོད་
བསྟེན་སོགས་ཀྱི་བྱ་བ་བསྒྲུབ་ནས་རང་གིས་འཚོ་བ་དང་དུས་ཚིགས་སོ་སོའི་ཆོས་ཐོག་སྒྲུབ་དགོས།
ཆོས་ཐོག་ནི་ཟླ་གཉིས་པར་སྒྲུབ་པ་བཀའ་
བརྒྱད་ཀྱི་བསྙེན་སྒྲུབ་ཉིན་བཅུ་དང་།
ཟླ་བཞི་བའི་ནང་ངན་སོང་སྦྱོང་བའི་རྒྱུད་ཞི་ཁྲོ་ཉིན་བཅུ།
ཟླ་ལྔ་བའི་ནང་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་
ཆེན་ཉིན་བཅུ། ཟླ་བདུན་པའི་ནང་ཚོགས་འཁོར་ཆེན་མོ་ཉིན་ལྔ།
ཟླ་བཅུ་བའི་ནང་སྒྲུབ་སྡེ་བཀའ་བརྒྱད་དང་སེང་གདོང་གཏོར་ཟློག་ཉིན་བཅུ་
བཞི་བཅས་བསྡོམས་པས་ཉིན་ཞེ་དགུ་ཡོད།
སྔོན་ཆད་དགོན་པ་འདི་ལ་ས་ཞིང་མུའུ་ཉི་ཤུ་དང་སྡོང་ར་གསུམ་བཅས་ཡོད་པ་ཆོས་ཐོག་འདི་དག་
གི་དཔལ་འབྱོར་གྱི་རྟེན་གཞི་ཡིན་ནོ། །
དགོན་པ་འདི་འཛུགས་སྐྲུན་གྱི་སྐོར།
འདུ་ཁང་ནི་དགོན་པའི་འཛུགས་སྐྲུན་གྱི་གྲུབ་འབྲས་གཙོ་བོ་ཡིན་ལ།
དེ་ནི་སྟོང་དཔོན་ལྷ་འབྲུག་གིས་
འཇིགས་བྲལ་ཆོས་དབྱིངས་རྡོ་རྗེའི་ཐུགས་བཀོད་ལྟར་རབ་ཚེས་ལྕགས་བྱ་ཕྱི་ལོ་༡༩༢༡ལོར་ཨར་ལས་ཀྱི་མགོ་བཟུང་ནས་ཤིང་མོ་གླིང་ཕྱི་ལོ་
༡༩༢༥ལོར་གྲུབ། དེའི་བཟོ་དབྱིབས་ནི་དཀྱིལ་འཁོར་དང་མཚུངས་ལ།
འོག་ཤོད་དུ་སྒོ་འབུར་བཞི། དཀྱིལ་ན་རྒྱ་མཐོང་ཡོད་པ་སྟེང་དུ་རྒྱ་ཕུབས་
དང་ཉི་ཟླའི་འོད་ལ་འགྲན་པའི་གསེར་ཏོག་ཆོས་འཁོར་དང་རི་དྭགས་ཕོ་མོ་སོགས་ཀྱིས་བརྒྱན་པ།
ནང་དུ་ཤིང་རིས་གསེར་ཚོན་པ་ཏྲ་སོགས་ཀྱི་
མཛེས་རྩལ་ཁྱད་དུ་ཐོན་ཞིང་ངོ་མཚར་ཡིད་ལས་འགོངས་པའི་ཁྱད་ཆོས་དུ་མ་དང་ལྡན།
ཆོས་ར་དང་སྔགས་ཁང་གི་སྒོ་ཆེན་སོགས་མངོན་པར་
མཛེས་ཤིང་། མཐའ་སྐོར་དུ་དཔར་ཁང་། མཛོད་ཁང་། གཉེར་ཁང། མགྲོན་ཁང་། ཇ་ཁང་།
དཀོར་གཉེར་ཁང་བཅས་ཡོད། འདིའི་སྐབས་སུ་སྟོང་
དཔོན་ལྷ་འབྲུག་གིས་དཀར་བརྗིད་ས་ཁུལ་ཡོངས་ནས་བསྡུས་པའི་ཚོགས་ཞུགས་སྔགས་པ་ལྔ་བརྒྱ་ལྷག་ཡོད་པར་བཤད་པ་ལྟར་འཕེལ་རྒྱས་བྱུང་
བའི་རྒྱུད་རིམ་ནང་།
ད་དུང་ལམ་གྱི་རྩ་བ་བཤེས་གཉེན་ཚུལ་བཞིན་ཏུ་བརྟེན་ཅིང་།
གསང་སྔགས་ཟབ་མོའི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་
བའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་དམ་པ། དཀར་བརྗིད་ཨ་ཁུ་ཚང་།
ཨ་ཁུ་ཀུན་བཟང་ཚང་། དཀར་བརྗིད་སྐུ་ལོ། ད་ལྟ་བཞུགས་པའི་ལྷ་
ཁང་སྐུ་ལོ་སོགས་རིས་མེད་གདུལ་བྱ་སོ་སོའི་དབང་བོ་དང་འཚམ་པར་ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ།
དམ་གཙང་སྐལ་ལྡན་སློབ་བུའི་
ཚོགས་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་།
གཟུར་གནས་མཁས་པ་ཡོངས་ཀྱིས་བསྔགས་ཡུལ་དུ་གྱུར་པ་དུ་མ་ཞིག་བྱུང་། །
འདུ་ཁང་དུ་གཙོ་བོ་སྨན་འདམ་ལས་གྲུབ་པའི་ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་གསུམ་གྱི་འབག་སྐུ།
རྡོར་སེམས། ཐུགས་རྗེ་ཆེན་པོ་རིགས་བཞི།
རྩ་གསུམ་གྱི་ལྷ་ཚོགས། ཡི་དམ་མཁའ་འགྲོ་ཆོས་སྐྱོང་། མ་མགོན་སྡེ་ལྔ།
ཨོ་རྒྱན་པདྨའི་རྣམ་ཐར་ཆོས་ལུང་སྤྲུལ་གསུམ། རྒྱུད་སྡེ་བཞིའི་ལྷ་ཚོགས་
གྱན་ཐང་ཉེར་བདུན། གཞན་ཐང་ག་དུ་མ་བཅས་བཞུགས།
གསུང་རྟེན་སྐོར་ལ་བཀའ་འགྱུར་དང་བསྟན་འགྱུར་ཚར་རེ། རྙིང་མའི་རྒྱུད་འབུམ།
གཏེར་སྟོན་རིག་འཛིན་དཔའ་བོ་སྟོབས་ལྡན་གྱི་གཏེར་ཆོས་ཆ་ཚང་། དཔར་ཤིང་།
འདོན་ཆོས་དང་ལྟ་ཆོས་གཉིས་པོད་སྟོང་ལྷག་ཙམ། ཐུགས་
རྟེན་དུ་དངུལ་གྱི་མཆོད་རྟེན་གཅིག་བཅས་བཞུགས།
གཞན་རིན་ཐང་བྲལ་བའི་མཆོད་ཆས་སྐོར་འཛམ་གླིང་གཡས་བཞག་མའི་སིལ་སྙན་དང་།
བལ་བོ། ཞང་ཞུང་། རྒྱ་ནག་སོགས་ལས་ཐོན་པའི་སྦུབས་ཆ་བཅོ་ལྔ།
དུང་ཆེན་ཆ་གཉིས། རྒྱ་གླིང་ཆ་བཞི། དུང་དཀར་ཆ་བཞི། ཚེ་འབར་དང་
མཆོད་རྐོང་སོགས་མཆོད་ཆ་དང་། གཞན་གདུགས་རྒྱལ་མཚན་ནོར་བུའི་དྲ་བ་དྲ་ཕྱེད།
འཆམ་ལྭ་སོགས་མང་དུ་མཆིས་ནའང་འདིར་བཀོད་པ་
ནི་རགས་བསྡུས་ཙམ་མོ། །
ཞོར་དུ་དགོན་པ་ཉམས་ཉེས་ཐེབས་པ་དང་མིག་སྔར་གྱི་རྣམ་པའི་སྐོར།
དེ་ཡང་རིག་གནས་གསར་བརྗེ་དང་མི་བཞི་ཚོགས་ཁག་གི་ཤུགས་
རྐྱེན་འོག
དཀར་བརྗིད་སྔགས་ཁང་འདི་ལ་ཡང་ཕྱོགས་གང་ཅིའི་ཐད་ནས་ཉམས་ཉེས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་བྱུང་།
ཕྱི་ལོ་༡༩༧༦ལོར་མི་
བཞི་ཚོགས་ཁག་རྡུལ་དུ་བརླགས་ཏེ་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་སླར་གསོ་བྱས་པར་བརྟེན།
ཕྱི་ལོ་༡༩༧༩ ལོར་དགོན་པར་ཆོག་མཆན་
བཀོད་དེ་ཆོས་སྒོ་ཕྱེས། རྫོང་ཆོས་ལུགས་ཁང་དང་ཡུལ་ཚོ་(ཊྲཾ)
སྲིད་གཞུང་གི་མི་སྣས་དགོན་པའི་དོ་དམ་ལྷན་ཚོགས་ཀྱི་ཁོངས་མི་འདེམས་བསྐོ་
ལམ་ལུགས་ལྟར་དོ་དམ་མི་སྣའི་འགན་འཛིན་སྐུ་ལོ་བཤད་སྒྲུབ་རྒྱ་མཚོ་དང་།
འགན་འཛིན་གཞོན་པ་བན་ཏེ། བདུད་ལྷ་སྐྱབས་སོགས་མི་གསུམ།
ཁོངས་མི་བདུན་རྩ་འཛུགས་ཀྱིས་དོ་དམ་གྱི་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་དུས་ཚོད་ལྟར་སྔགས་པ་རྣམས་ཀྱིས་རང་བྲོ་བྱས་ནས་
རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་སྤེལ་བཞིན་ཡོད།
དད་ལྡན་གྱི་སྦྱིན་བདག་རྣམས་དང་སྡེ་བ་སོ་སོས་མ་སྐུལ་དྭང་བླང་གིས་བསྒྲུབས་པའི་མཐུན་
རྐྱེན་ལ་བརྟེན་ནས་ད་སྔ་འདུ་ཁང་སླར་གསོ་ཅུང་ཙམ་བྱས་ཤིང་།
ཨོ་རྒྱན་རིན་པོ་ཆེ་དང་། ཐུགས་རྗེ་ཆེན་པོ། རྡོ་རྗེ་སེམས་དཔའ། དཔལ་ཆེན་
འདུས་པ། ཁྲོས་མ། སེང་གདོང་སོགས་ནང་རྟེན་འབག་སྐུ་འགའ་བཞེངས་ཡོད།
མཆོད་ཆ་དང་ཡོ་བྱད་ཅུང་ཙམ་ཡོད་པ་རྣམས་མཆོད་གཡོག་
དང་དཀོར་གཉེར་གྱིས་དོ་དམ་བྱེད་བཞིན་པའོ། ། |