|
སྡེ་འདི་ཡི་གྲུབ་མཐའ་ནི་རྙིང་མ་ཡིན་ལ་ནམ་ཚུགས་ཀྱི་ལོ་རྒྱུས་མི་གསལ།
འཛུགས་པ་པོ་བླ་མ་ཡང་འདི་ཟེར་བ་ཞིག་མ་བྱུང་ཟེར། འོན་ཀྱང་
སྔགས་སྡེ་འདིར་སྔགས་རྒན་ཁྱད་འཕགས་འགའ་རེ་བྱུང་བའི་ལོ་རྒྱུས་ཡོད་ཟེར།
ཆོས་ཐོག་གི་སྐོར་ལ་ཟླ་དང་པོར་རླུང་རྟའི་ཀ་འཛུགས། ཟླ་བཞི་
བར་ཨོ་རྒྱན་སྟོང་མཆོད་དང་མ་ཎི་སྒྲུབ་ཆེན། ཟླ་བདུན་པར་རྡོར་སེམས།
ཟླ་དགུ་བར་བཀའ་བརྒྱད། ཟླ་བཅུ་བར་ལྔ་མཆོད། ལྔ་མཆོད་ཀྱི་མཇུག་
ཏུ་འབག་འཆམ་ཞིག་ཀྱང་ཡོད། སྔགས་ཁང་གྱན་ལྔ་ཡིན་ལ།
ནང་རྟེན་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན།
གཡས་སུ་གུ་རུ་མཚོ་སྐྱེས་རྡོ་རྗེ། གཡོན་
དུ་སྤྱན་རས་གཟིགས་ཕྱག་བཞི་བ། གྱན་ཐང་བརྒྱད་སོགས་བཞུགས།
གཞན་ཡང་འདུ་ཁང་ནང་དུ་ལྷ་ཆས་དང་མཆོད་ཆས། མཆོད་རྫས། སྣོད་ཅ་
ལག་དང་གདན་ཆ་སོགས་མ་ཚང་བ་མེད་པ་ཡོད་པ་རྣམས་ང་བརྒྱད་དང་རིག་གསར་སྐབས་ལྷག་ལུས་མ་བྱུང་།
ད་ལྟ་སླར་ཡང་སྔགས་ཁང་གི་
རྟེན་བརྟེན་པ་གསར་བཞེངས་བྱེད་བཞིན་པའི་སྒང་དང་སྔགས་པའང་ཉི་ཤུ་ལྷག་གིས་སྔར་སྲོལ་རྒྱུན་འཛིན་བྱེད་བཞིན་པའི་སྐབས་ལགས་སོ།
། |