|
གཅིག ཆོས་སྡེ་ཆགས་འདེབས་མཛད་ཚུལ།
དགོན་པ་བཏབ་པའི་རྒྱུད་རིམ་ནི་ས་སྐྱ་ཀུན་དགའ་རྒྱལ་མཚན་མདོ་སྨད་ཁྲི་ཀ་ལ་ཆིབས་ཁ་
བསྒྱུར་ནས་ཇོ་ཁང་འདི་བཞེངས་པ་ཡིན་ལ།
སྐབས་དེར་རྫུ་བའི་མི་ནག་གཅིག་(ཡོན་བདག)དང་། སྣ་གཞི་གཅིག་(གོང་བ་རོལ)།
གོ་རྣ་སྐྱབས་
གཅིག་(དད་དར)། བ་བ་རེས་གཅིག་(མོ་ཡག)།
ཇོ་བདག་ཚང་གི་ཁྱིམ་ཚང་བཅས་ཡོད་པ་སྨད་པའི་མི་ཡིན། །
གཉིས།
ཇོ་ཁང་གྲུབ་རྗེས་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་ཇོ་བོ་རིན་པོ་ཆེ་ལ་ཡི་དམ་བཀའ་བརྒྱད་ཀྱི་གཏོར་ཁ་བཞག་པ་དང་།
ཟླ་དང་
པོའི་ཚེས་བཅུ་གཉིས་ནས་ཚེས་བཅོ་ལྔའི་བར་གཏོར་སྒྲུབ་བཙུགས།
ཟླ་དགུ་པའི་ནང་བཀའ་བརྒྱད་བཙུགས། ཟླ་གསུམ་པའི་ནང་ལ་མཆོད་པའི་
སྨྱུང་གནས་བྱེད། །
གསུམ།
ནང་གི་རྒྱུ་རྫས་དང་རྟེན་བརྟེན་པའི་ཕྱོགས་ལ།
ཇ་ཁང་གྱན་དགུ་དེའི་ནང་དུ་སླ་ང་ཆེ་ཆུང་གསུམ་དང་། ཇ་དེམ། སྐྱོགས་ཐོམ་འགའ་
ཞིག་ཡོད་པ་ལོ་མང་པོ་ཞིག་སོང་བ་རེད།
རྗེས་སུ་ཇོ་བདག་ཚང་གི་མི་ཞིག་གིས་རང་བདག་མ་ཐུབ་པས་བོད་ཇོ་གྲྭ་ཚང་ལ་ཕུལ་བ་ཡིན།
།
བཞི།
དེ་ནས་རིམ་བཞིན་ལོ་འགའ་འགོར་རྗེས་གྲྭ་ཚང་གི་གསར་རྙིང་རྩོད་གླེང་བྱས་ནས་ཇོ་ཁང་དུ་སྔགས་པ་ཚོགས་མི་ཆོག་པར་གྱུར།
།
ལྔ།
སྐྱབས་མགོན་ཚོགས་དྲུག་རང་གྲོལ། སྣ་ཚོགས་རང་གྲོལ།
འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་མཆོག་ལ་བསྟེན་ཏེ་ཆོས་རྒྱུན་མ་ཆད་པ་ཁྱིམ་
ཚང་རེ་ལ་འཁོར་ནས་རྒྱུན་འཛིན་བྱས། །
དྲུག
རྗེས་སུ་ཁྲི་ཀའི་སྔགས་པ་འགས་བླ་མ་དགུ་རོང་ལ་ཞུས་ཏེ་སྔགས་ཁང་བསྐྱར་བཞེངས་ཆོག་མིན་མཱ་པུའུ་ཧྥང་ལ་ཡི་གེ་ཕུལ་ཏེ་ཆོག་
མཆན་བཀོད། །
བདུན།
ལོ་འགའ་འགོར་ནས་སྔགས་པ་ཇེ་མང་དུ་སོང་བ་དང་།
ཁྱིམ་ཚང་ལ་སྟབས་མ་བདེ་བར་གྱུར། །
བརྒྱད།
དེ་ནས་དགུ་རོང་བླ་མ་རྒྱལ་སྲས་མཆོག་གིས་དབུ་ཁྲིད་འོག་སྔགས་ཁང་བསྐྱར་བཞེངས་དང་ས་ཆ་སྤྲོ་བདེ་རུ་གྱུར།
།
དགུ།
རྟེན་བཞེངས་མཁན་སློབ་ཆོས་གསུམ། སངས་རྒྱས་སྟོང་སྐུ། གྱན་ཐང་བཅོ་ལྔ།
བཀའ་བརྒྱད་ཐང་ག་ལྔ། སྦུབས་ཆ་བཅུ་གཉིས། དུང་ཆེན་
རྒྱ་གླིང་། མཆོད་རྫས་གང་མང་དང་མཆོད་བཅའ་མང་པོ་ཡོད། །
བཅུ། དགོན་པའི་ཆོས་འབྲེལ་ལ།
ཨ་ཆུང་གནམ་རྫོང་ལ་འབྲེལ་བ་བཟུང་ནས་འཆམ་སྐོར་བཅུ་གཅིག་ཁྲིད་ཡོད།
སྔགས་ཁང་གི་མིང་ལ་
གསང་སྔགས་བཤད་སྒྲུབ་དར་རྒྱས་གླིང་དུ་བཏགས། །
བཅུ་གཅིག
༡༩༥༨ལོར་ཇ་ཁང་ནང་གི་སླ་ང་ཆེ་ཆུང་བཞི་དང་། ཇ་བྲ། ཐུག་ཟོ། སྐྱོགས་ཐོམ།
དཀར་ཡོལ། གྲལ་གདན་བཅས་འཛོམས་ལ།
སྔར་གྱི་རྩྭ་ས་དང་ནགས་ཤིང་།
བགོ་དོར་ལམ་གྱི་མན་དང་བྲ་མ་ལམ་གྱི་ཡན་དུ་བདག་གིར་བྱས། །
བཅུ་གཉིས།
ལོ་རེ་རེའི་ནང་དུ་ཆོས་ཐོག བཀའ་བརྒྱད། ཞི་ཁྲོ། འོད་དཔག་མེད་ལ་སྟོང་མཆོད།
ཐུགས་རྗེ་ཆེན་པོའི་སྡུག་བསྔལ་རང་གྲོལ་
བཅས་ཆོས་ཐོག་བཞི་ཡོད་དོ། ། |